Tuesday, September 02, 2014

micosoft word སྐོར་ཅུང་ཙམ་བརྗོད་པ།


རྡ་སར་རྩིས་འཕྲུལ་ལམ་( ཀམ་ཕིའུ་ཀྲར།)ཆེད་སྦྱོང་སྐབས་སུ་སྦྱོང་བརྡར་བྱས་པའི་ལེ་ཚན་ཁག
རྩིས་འཕྲུལ་ལ་དབྱེ་ན་རིགས་གཉིས་ཡོད།         
དང་པོ་དེ་ལ་P C Computer དང་གཉིས་པ་དེ་ལ་ཤིང་ཏོག་རྟགས་ཅན་APPLE་Computerཟེར།
༡༽སྟེགས་འཇོག་རྩིས་འཕྲུལ།                        མདུན་ཅོག་རྩིས་འཕྲུལ།       ཀམ་ཕིའུ་ཀྲར།      computer         ཟེར།
༢༽       ལག་འཁྱེར་རྩིས་འཕྲུལ།       ལག་འཁྱེར་གློག་ཀླད།                      ལག་འཁྱེར་ཀམ་ཕིའུ་ཀྲར།    laptop  ཟེར།
འདི་རྩིས་འཕྲུལ་ནང་དུ་བེད་སྤྱོད་བྱས་བཞིན་པའི་ལེ་ཚན་ཁག་འགྲེལ་བཤད་གཤམ་དུ་གསལ།
འདི་ནས་ངས་ Microsoft Word ནང་དུ་ཡོད་པའི་ལེ་ཚན་ཁག་འགྲེལ་བཤད་ཐུང་ངུ་རེ་བྱས་ཀྱིན་ཡིན། Microsoft Word
༡༽་ལེ་ཚན་དང་པོ།དང་ཐོག་ངསhome ཧོམ་ནས་འགོ་འཛུགས་ཏེ་ཧོམ home ་ནང་ལེ་ཚན་ཆེ་ཁག་ལྔ་ཡོད་ལ་རེ་རེའི་ནང་དུ་ལེ་ཚན་ཆུང་བ་རྣམས་རེ་རེ་བཞིན་འབྲེལ་བཤད་བྱས་ཀྱིན་ཡིན།


༡༽clipboard    ༢Font  ༣ paragraph     styles            ༥Editing
༡༽clipboardའདིའི་ནང་དུ་ལེ་ཚན་ཆུང་བ་   cut བཏུབ་བྱེད།                copy  འདྲ་བཤུས།            format painter འདི་བསུབ་བྱེད་ཡིན།            paste སྦྱར་བྱེད་ཡིན།                     བཅས་ལྔ་ཡོད།
༢Font
སྦི་ནི་B ཡི་གེ་སོགས་ནག་ཆེན་བཟོ་བྱེད་དང་Bold ཡི་བསྡུས་ཚིག་ཡིན།     དཔེར་ན།                        བོད་ཀྱི་མི་དམངས།        
ཨ་ཡེ་ནི་I ་ནི་ཡི་གེ་སོགས་འཁྱོག་གཟུགས་བཟོ་བྱེItalic གྱི་བསྡུས་ཚིག་ཡིན།  དཔེར་ན། བོད་ཀྱི་མི་དམངས།                     
ཡོབ་Uནི་ཡི་གེ་སོགས་འོག་ཏུ་ཐིག་འཐེན་བྱེད།Underline གྱི་བསྡུས་ཚིག་ཡིན།  དཔེར་ན།     བོད་ཀྱི་མི་དམངས།                       
ཨེ་སྦི་སི་abc གསུམ་ཡིག་གཟུགས་ཆུང་ཆུང་སྟེང་རི་མོ་འཐེན་ཡོད་པ་དེ་ནི་།  ཡི་གེ་སོགས་གསལ་པོ་མེད་པ་བཟོ་བྱེད་ཡིན།     དཔེར་ན།                       
བོད་ཀྱི་མི་དམངས།                       
དེའི་གཞོགས་(×2_____Who2m          Ho8) l)x2ཀོ་རུ་ཁ་ཨང་གྲངས་གཉིས་པ་འོག་ཏུ་ཡོད་པ་དེ་ནི་མཆན་སོགས་རྒྱབ་སྐབས་ཡིག་ཕྲེང་ལས་འོག་ཏུ་གསལ་པོ་འཇོག་དགོས་པ་བེད་སྤྱོད་བཟོ་བྱེད་ཡིན།          དཔེར་ན།་་་་་བོད་ཀྱི་འཁོར་ཡུག་སྲུང་སྐྱོབ།subscriptཟེར་ལ།་(ctrl+=)་create small letters below the text baseline.
(  ×2___     ob4 Kc8loth) like that marks to make using ) ཀོ་རུ་ཁ   x2་གཞན་པ་དེ་ནི་དེ་དང་འདྲ་བ་དཔེར་ན།་་་བོད་ཀྱི་འཁོར་ཡུགསྲུང་སྐྱོབ་ཟེར་བ་ལྟ་བུའོ།      Superscriptཟེར།       ( ctrl+shift++) create small letters above the line of text.





དེའི་གོང་དུ་ཡོད་པ་ནི་font (ctrl+shift+f) change the font face ཟེར་ལ་ཡིག་གཟུགས་Microsoft Himalayaསོགས་གདམ་ས་ཡིན་པ་དང་།་དེའི་གཞོགས་བར་སྟོང་ནི་font size ཟེར།            change the font size ཨང་གྲངས་ནི་ཡིག་གཟུགས་ཆེ་ཆུང་བཟོ་བྱེད་ཡིན།
 A        ཡི་གེ་ཆེན་པོ་བཟོ་བྱེད་དང་། Grow front (ctrl +>)འདི་ལ་Increase the font size  ཟེར་གྱི་འདུག      
A་ཨེ་ཆུང་བ་ནི་ཡི་གེ་སོགས་ཆུང་ཆུང་བཟོ་བྱེད། Shrink font (ctrl+<) འདི་ལ་ decrease the font  size ཟེར་གྱི་འདུག
A and A are to make big ad small      བཟོ་བྱེད་ཡིན།      aa clean formattingའདི་ནི་ཡེ་གེ་སོགས་ཆུང་ཆུང་བཟོ་བ་ཙམ་ལས་དེ་ཙམ་བེད་སྤྱོད་མེད་ལ་བེད་སྤྱོད་ཀྱང་གཏོང་མཁན་མི་འདུག
Aa       འདི་ལ་རིགས་མི་འདྲ་བ་ལྡ་ཡོད།       
1sentence case འདི་ནི་ཚིག་སྒྲུབ་རྣམས་ཆུང་ཆུང་བཟོ་བྱེད།       དཔེར་ན།་jampa wangden loseling
2 lower case འདི་ནི་ཡི་གེ་ཆུང་ཆུང་བཟོ་བྱེད།           དཔེར་ན།                        jampa wangden loseling
3UPPER CASE          འདི་ནི་ཡི་གེ་ཆེན་པོ་བཟོ་བྱེད།          དཔེར་ན།           JAMPA WANGDEN LOSELING
4capitalize each word འདི་ནི་ཚིག་བསྒྲུ་རེ་ནང་མིང་དང་ཡི་གེ་འགོ་གཅིག་པོ་ཆེན་པོ་བཟོ་བྱེད།
 དཔེར་ན།           Jampa Wangden Loseling
5toggle case་འདི་ནིོ་ཡི་གེ་ཆེ་ཆུང་ལྷན་དུ་ཡོད་པ་བཟོ་བྱེད།      དཔེར་ན།            jAMPAWA    ngdenlo           selin

Ab and are to print clour,ཨེ་སྦི་Abནི ཡེ་གེ་དང་ཡེ་གེ་རྒྱབ་ལོག་ན་ཚོན་བྱུགས་བྱེད་ཡིན།Text highlight colorདང་  Font colorཟེར།
            དཔེར་ན།                        tsechok thinly                 
yeshi lhamo tsewang Dhondup   ལྟ་བུའོ།   ནི་ཡི་གེ་རྣམས་ཚོན་ཁྲ་བྱུགས་བྱས་ཡིན།་དཔེར་ན།          ཤར་གྱི་རི་བོ།        
མིག་སྔར་མཐོང་དུས།          བཤེས་གཉེན་བླ་མའི།          སྐུ་གཟུགས་དྲན་བྱུང་།         ལྟ་བུའོ།

༣ paragraph
Bullets འདི་ནི་མདའ་གཟུགས་ལྟ་བུའི་རི་མོ་སོགས་ཀྱི་བེད་སྤྱོད་ནས་རྟགས་བརྒྱབ་བྱེད་ཡིན། དཔེར་ན།
ü    གཞུང་སྒར་བོད་ཀྱི་རྒྱལ་ས་ལ་སླེབས་དུས།། སེམས་པ་དགའ་བ་གཅིག་གིས་མྱོས་སོང་།།
ü    རི་བོ་འཁོར་ར་སྤྱིལ་བུའི་གོང་དུས།།                            སེམས་སུ་སྤྲོ་བ་རླུང་བུས་འཁྱེར་སོང་།།

Numbering འདི་ནི་ཨང་གྲངས་སོགས་ཀྱི་རྟགས་བརྒྱབ་བྱེད་ཡིན། དཔེར་ན།

II.                རི་འགོ་རི་རྐེད་རི་མདའ་བར་གསུམ།།      སྦི་ཌི་གྲོང་མཁའ་བཞིན་དུ་བརྩིག་ཀྱང་།།
III.                འབྱོར་ལྡན་འབྱོར་མེད་ཁྱད་པར་འཚོལ་ས།།                   རི་གཤོང་རྡ་ས་འདི་ལ་མཚར་སོང་།།
Multilevel list       འདི་ནི་དབྱིན་ཡིག་སོགས་ཀྱི་རྟགས་བརྒྱབ་བྱེད་ཡིན།       དཔེར་ན།
1)           གཞུང་སྒར་རྡ་ས་མཐོང་དུས།།     སེམས་པ་སྤྲོ་བ་ཁེངས་སོང་།།
a)            ཡུན་རིང་འདི་ལ་ཉུལ་དུས།།       སེམས་པ་གདན་སར་་ཤོར་སོང་།། དེའི་གཞོགས་སུ་ཡོད་པ་དེ་ལ་decrease indent ཟེར་ལ།       དཔེར་ན།         སེམས་སུ་ཡ་མཚན་གཅིག་གིས་ཁེངས་སོང་།།                  (decrease indent)
སེམས་སུ་ཡ་མཚན་གཅིག་གིས་ཁེངས་སོང་།།                  (indcrease indent.)
སེམས་སུ་ཡ་མཚན་གཅིག་གིས་ཁེངས་སོང་།།                  ཡི་གེ་གཡས་གཡོན་སྣུབ་བྱེད།      decrease indent \indcrease indent.

ཨེ་དང་རྫེ་ཊི་A Z        འདི་ཡོད་པ་དེ་ལ་sort ལེ་ཚན་ཟེར།
CHOEGYAL    ascending                   འདི་ནི་གསལ་བྱེད་དང་ཨང་སོགས་གོ་རིམ་བཞིན་དུ་སྒྲིག་བྱེད་ཡིན། JAMPA
LOBSANG
WANGDEN/        
Yeshi lodup.
lhamo,                   ༼decending ༽འདི་ནི་གསལ་བྱེད་དང་ཨང་སོགས་མཇུག་ནས་ཡར་སྒྲིག་བྱེད་ཡིན།
འདི་ནི་ ¶ Paragraph marks ཚིག་གཅོད་དུམ་བུ་རྟགས་རྒྱབ་བྱེད་ཡིན།     
འོག་ཏུ་ཐིག་ཕྲེང་མང་པོ་དུམ་བུ་བཞི་ཡོད་པ་ནི་ཡི་གེ་རྣམས་དཀྱིལ་སྣུར་དང་གཡས་དང་གཡོན་དང་ཁ་ཐུག་སྣུར་བྱེད་ཡིན།
Line spacing ནི ཡི་གེའི་ཡིག་ཕྲེང་ཆེ་ཆུང་འཇོག་བྱེད།            དེའི་ཟུར་དུ་theme colorསྦར་ཊི་པར་རིས་ཡོད་པ་དེ་ཡི་གེ་རྒྱབ་ཀྱི་ཚོན་ཁ་བསྒྱུར་བྱེད་ཡིན།   དེའི་གཞོགས་དུ་ཡོད་པའི་ཟུར་ཐིག་Bottom border,Top ,lift.right Border ནི་དེབ་སོགས་ཀྱི་མཐའ་ཟུར་ཕྱོགས་བཞི་ཐིག་དགོས་ན་འདི་བེད་སྤྱོད་བྱེད་དགོས།    

styles
དེའི་ཟུར་དུ་ལུས་པ་      aabbccdd      སོགས་ལེ་ཚན་དྲུག་ཡོད་པ་རྣམས་ནི་ཡི་གེ་གཟུགས་དབྱིབས་མི་འདྲ་བ་བསྒྱུད་བྱེད་ཙམ་ལས་དོན་དངོས་སུ་ཕན་ཐོག་དེ་ཙམ་མེད་ལ་རྒྱུན་དུ་བེད་སྤྱོད་Normal འདི་མ་གཏོགས་གནང་གིན་མི་འདུག
AA    change style ནི་ཡི་གེ་དང་མདུན་རྒྱབ་སོགས་ཚོན་ཁྲ་བསྒྱུར་བྱེད་ཡིན།



Editing
Find   འཚོལ་བྱེད་།               replace         སྔར་རང་འཇག་བསྒྱུར་བྱེད།       དག་ཆ་ནོར་ཡོད་ན་རང་བཞག་ཆོག
select ཚོན་ཁྲ་སོགས་གདམ་བྱེད་་་འདི་གསུམ་རྒྱུན་སྤྱོད་དེ་ཙམ་གྱི་བེད་སྤྱོད་མི་འདུག

གཤམ་དུ་དགོས་མཁོ་ཆེ་བའི་short cut་རྩེད་སྟངས་ཁ་ཤས་ངོ་སྤྲོད་བྱས་ན།           shift and ctrl < འདི་གསུམ་མཉམ་དུ་གནོན་ན་ཡིག་གཟུགས་སོགས་ཆུང་དུ་འགྲོ་ལ།       shift and ctrl          >འདི་གསུམ་གནོན་ན་ཡིག་གཟུགས་སོགས་ཆེ་རུ་ཆེ་རུ་འགྲོ་གིན་ཡོད།   གོང་གསལ་འཛུབ་གནོན་མགྱོགས་ལམ་དགོས་ན་short cut དགོས་ན་1      new pad (ctrl +n)ཤོག་སྟོང་གསར་པ་ལེན་བྱེད།               New decument ཟེར།
2 open         (ctrl+o)ཁ་ཕྱེ་བྱེད།      3save as and save (ctrl+s)ཉར་བྱེད།                   4print (ctrl+p)       པར་སྐྲུན་བྱས་བྱེད།            
5 Copy (ctrl+c) འདྲ་བཤུས་བཟོ་བྱེད།           6 paste(ctrl+v)ཕར་སྦྱར་བྱེད་ཡིན།               7 cut(ctrl+ c)བཏུབ་བྱེད།                   
8 Redo(ctrl+1) མདུན་གཤིབ།           9 undo (ctrl+ 2)རྒྱབ་གཤིབ།
ད་དུང་མགྱོཊ་ལམ་ཡོ་བྱད་ཕལ་ཆེར་བ་ལ་ཡོད་ལ་རང་རང་སོ་སོའི་ཟུར་ཙི་ཙི་མདའ་རྩེ་འདྲུད་འཐེན་བྱས་ན་མངོན་འོང་།      སོགས་འཐེབ་གཞོང་keyboard་བེད་སྤྱོད་ལ་དགོས་མཁོ་ཆེ།          
དེ་ཚོའི་འོག་ཏུ་ཡང་ལེ་ཚན་ཆེན་པོ་ལྡའི་འགྲེལ་བཤད་ཟུར་ཙམ་ལས་གོང་དུ་བཤད་ཟིན།
clipborad འདིའི་ནང་ཡོད་པའི་ལེ་ཚན་རིགས་དེ་ཚོ་ Microsoft Word ནང་དུ་དེ་ཙམ་བེད་སྤྱོད་བྱས་ཀྱིན་མི་འདུག
2 Font  འདི་ནང་རིགས་གཉིས་ཡོད་ལ་་་ཡིག་གཟུགས་གདམ་ས་དང་ཡིག་གཟུགས་ཆེ་ཆུང་བཟོ་སའི་ཨང་གྲངས་བཀོད་ས།    ཡི་གེའི་འོག་ཐིག་དང་ནག་པོ་བཟོ་བྱེད་དང་སོགས་མང་པོ་ཡོད།         དེའི་རིགས་ཤེས་སླ།                       
 3 Paragraph    alignmentའདི་ནི་ཡི་གེ་གཡས་གཡོན་གཉིས་དང་དཀྱིལ་དང་juestied ་གང་འཇོག་དགོས་ན་འདི་ནས་གདམ་དགོས།            Indentation      ནི་གོང་དེ་དང་འདྲ་བ་ཡི་གེ་འབྲི་ས་གཡས་གཡོན་གཉིས་ཆེ་ཆུང་འཇོག་ས།
spacingའདི་ནི་སྔོན་དང་རྗེས་བར་སྟོང་ཆེ་ཆུང་ག་འདྲ་འཇོག་དགོས་མིན་དང་ཡིག་ཕྲེང་line spacing བར་སྟོང་ག་འདྲ་འཇོག་མིན་སོགས་ཡོད །
4 styles            ཡིག་གཟུགས་ཀྱི་དབྱིབས་དང་བཟོ་ལྟ་འཇོག་ས།


འདི་ནི་HOMEནང་གི་མདུན་དུ་ཡོད་པའི་ལེ་ཚན་དག་འགྲེལ་བཤད་ཟུར་ཙམ་ཡིན།

 

 


༢༽་ལེ་ཚན་གཉིས་པ་insert ནང་ཡོད་པའི་ཡན་ལག་ཁག་འགྲེལ་བཤད་བྱེད་ཀྱིན་ཡིན།       དེ་ལ་རྩ་བའི་ལེ་ཚན་ཆེན་པོ་བདུན་ཡོད།

༡        Page   ༢table          ༣illustrations        ༤links                   ༥        header and footer  ༦          text    ༧       symbols
༡Page
Cover page ནི་དེབ་སོགས་ཀྱི་རྒྱབ་ཤ་སྒྲིག་སྦྱོར་སྐབས་ལས་ཁང་གི་བཟོ་མ་བཞིན་སྒྲིག་འདོད་ན་འདི་ནས་གདམ་ཆོག          མདོར་ན་རྒྱབ་ཤ་སྒྲིག་སྦྱོར་བྱེད་ས་ཡིན།    blankpage འདི་ནི་ཤོག་སྟོང་གསར་པ་ལེན་ས་ཡིན། page break འདི་ནི་ཤོག་ངོས་འཕྲེད་གཅོད་བྱེད་ས་ཡིན།         ༢        table  table འདི་ནི་ལས་ཁང་་སོགས་ཀྱི་རེའུ་མིག་བཟོ་ས་ཡིན།         
༣        illustrations འདི་ལ་རི་མོ་སྣོད་ཁུག་གམ་རི་མོ་ལེན་ས་ཡིན།
picture འདི་ནི་རང་གི་རྩིས་འཁོར་ནང་ཡོད་པའི་དཔར་སོགས་རང་འདོད་བཞིན་ལེན་ནས་ཡིག་ཆ་སོགས་ཀྱི་ངོས་བཞག་དགོས་སྐབས་པར་འཚོལ་ས་ཡིན།         clip Art འདི་ཡང་གོང་དང་གཅིག་པ་རི་མོ་དང་པར་སོགས་འཚོལ་ནས་ཡིག་ཆ་སོགས་ངོས་བཞག་ཆོག       shapes འདི་ནི་ལེ་ཚན་འདིའི་ནང་དུ་རི་མོའི་གཟུགས་བརྙན་མི་འདྲ་བ་ཁག་གཉིས་ཡོད་ལ་གཅིག་ནང་དུ་ཡི་གེ་སོགས་འབྲི་ཆོག

Text Box: བྱམས་པ་དབང་ལྡན་གྱིས་སྙན་དངགས་ཕྱོགས་བསྒྲིགས།

བྱམས་པ་དབང་ལྡན་གྱིས་སྙན་དངགས་ཕྱོགས་བསྒྲིགས།
དཔེར་ 
འདི་ནང་དུ་ཡི་གེ་དང་ནང་སྟོང་སོགས་ལ་ཚོན་རང་འདོད་བཞིན་བྱུགས་ཆོག          གཟུགས་དབྱིབས་མི་འདྲ་བ་དེའི་ཟུར་ན་ཡོད་པའི་༡shap fill
༢Change online and ༣chang shap         སོགས་ཀྱི་ནང་ནས་རང་འདོད་བཞིན་དབྱིབས་མི་འདྲ་བ་དང་ཚོན་གཞི་དང་ཐིག་སོགས་མང་ཡང་ཤེས་སླ།  ༼འདི་གཉིས་ལ་རི་མོ་ཁག་མི་འདྲ་བ་མང་པོ་ཡོད་པའི་ནང་རང་མཁོ་བཞིན་གདམ་ཁ་བྱས་ཆོག༽          གཅིག་ཕྱོགས་རི་མོ་ནང་དུ་ཡི་གེ་འབྲི་མི་ཆོག་ཀྱང་རི་མོ་དེའི་ནང་དུ་ཡི་གེ་སོགས་ཕར་བཞག་ཆོག       དཔེར།
བྱམས་པ་དབང་ལྡན་གྱིས་སྙན་དངགས་ཕྱོགས་བསྒྲིགས།
འདིར་གོང་དང་གཅིག་མཚུངས་ཡིན་ཡང་རི་མོ་འདིའི་ནང་དུ་ཡི་གེ་མངོན་དགོས་སྐབས་དང་ཐོག་ཡི་གེ་འབྲི་ནས་རྗེས་སུ་རི་མོ་དེ་ཕར་གཡོག་དགོས།        དེ་དང་ལྷན་དུ་ངེས་པར་དུ་text warpping བྱས་པ་དང་ཡང་    sent to backདང་ sent to frontགང་རུང་ངེས་པར་དུ་བྱས་ན་རི་མོའི་ནང་དུ་ཡི་གེ་འཆར་འོང་།        མདོ་ན་མི་འདྲ་བའི་ཁྱད་པ་ནི་དང་པོ་རི་མོ་དེ་ནང་ཡི་གེ་ཁ་ཐུག་འབྲི་ཆོག
གཉིས་པ་རི་མོ་དེ་ཡི་གེ་སྔོན་འབྲི་ནས་དེའི་རྗེས་རི་མོ་ཕར་གཡོག་དགོས་པ་དང་sent to back སོགས་རིགས་གཉིས་ལ་དོ་སྣང་བྱས་དགོས་smartArt འདི་ནི་གོང་གཅིག་མཚུངས་རི་མོ་ལེན་ས་ཡིན།        
chart འདི་ནི་མི་གྲངས་སྔོན་ཞིབ་བྱེད་ས།                           
༤       links           
hyperlink འདི་ནི་དྲ་འབྲེལ་དང་དྲ་ཡིག་དང་དྲ་བའི་ལས་ཀ་བྱེད་ས་ཡིན།      bookmark འདི་ནི་དེབ་ཀྱི་རྟགས་རྒྱབ་ས་ཡིན། cross_reference འདི་ནི་ཡིག་ཆ་སོགས་འཚོལ་ས་ཡིན།བེད་སྤྱོད་དེ་ཙམ་མི་འདུག
༥        header and footer
Header འདི་ནི་ཤོག་བུའི་འགོ་བརྗོད་འབྲི་ས་ཡིན།         འདི་ལ་ཡིག་ཕྲེང་ཉུང་ཉུང་མ་གཏོགས་འབྲི་མི་ཐུབ། མང་པོ་འབྲི་དགོས་ན་གོང་དུ་བཤད་པ་ལྟར་རི་མོ་ནང་དུ་ཡི་གེ་འབྲི་ས་ཡོད་པ་དེ་བེད་སྤྱོད་དགོས།
 footer འདི་ནི་ཤོག་བུའི་གཤམ་དུ་ཁ་བྱང་དང་སོགས་འབྲི་ས་བེད་སྤྱོད་བྱས་ས་ཡིན།          འདི་གཉིས་ཕལ་ཆེར་ལས་ཤོག་ལ་བེད་སྤྱོད་བྱས་ཀྱིན་འདུག

 ༦      text   
pageNumber འདི་ནི་ཤོག་གུ་ཨང་གྲངས་འགོད་ས་ཡིན། Textbox འདི་ནི་རི་མོ་འཁུར་ནས་ཡི་གེ་སོགས་འབྲི་ས་ཡིན།
འདི་གོང་དུ་བཤད་པའི་ག Textbox གཉིས་དང་ཕལ་ཆེན་འདྲ་ལ་རྒྱུན་དུ་བེད་སྤྱོད་དེ་ཙམ་མི་འདུག          
Quick parts འདི་ནི་དྲ་ཐོག་འགྲོ་ནས་གཙང་སེལ་བྱེད་པའི་ལག་ཆ་ཡིན།  རྒྱུན་དུ་བེད་སྤྱོད་བྱེད་ཀྱིན་མེད།   wordArt འདི་ནི་ཡི་གེའི་འགོ་བརྗོད་སོགས་དབྱིབས་གཟུགས་མི་འདྲ་བ་འཇོག་བྱེད་ཡིན་།      དཔེར་ན།                 
བརྩེ་བའི་རུམ་ནས་ཉུལ་བའི་སྙིང་སྡུག་དེ་དྲན་བྱུང་།








Dropcap འདི་ནི་ཤོག་བུ་ངོས་སུ་ཡོད་པའི་ཡིག་ཕྲེང་དང་པོ་སོགས་ཆེན་པོ་བཟོ་བྱེད་ཡིན།              དཔེར་ན།
 ཆུང་ཁོག་ན་རྒྱུན་དུ་འཁྱིལ་བྱས་པའི།།               དགའ་མའི་ཞལ་རས་ཡིད་ལ་ཝ་ལེར་འཆར།

Signature line  འདི་ནི་ཤོག་བུ་ངོས་སུ་རང་གི་ས་ཡིག་རྒྱབ་ས་ཡིན། འོན་ཀྱང་བེད་སྤྱོད་བྱས་སྲོལ་མི་འདུག
Date ad time འདི་ནི་ཤོག་བུ་ངོས་སུ་ཉིན་ཐོ་དང་ཡི་གེ་འབྲི་སྐབས་ཚེས་གྲངས་བཀོད་ས་ཡིན།          དཔེར་3/9/2012ལྟར་བུའོ།
 object      འདི་ནི་ཡིག་ཆའི་གཙོ་གནད་བལྟ་ས་ཡིན།་འདི་བེད་སྤྱོད་བྱས་ཀྱིན་མི་འདུག  བོད་ཡིག་ལ་ཉེར་བ་མི་མཁོ་བ་འདྲ།         
symbols

Equation དང་symbol འདི་ནི་གཉིས་ནི་བོད་ཡིག་ཡིག་གཟུགས་སུ་མེད་པའི་དྲི་རྟགས་སོག་རི་མོ་རྟགས་འདི་ནས་ལེན་ཏེ་བརྒྱབ་ཆོག       འོན་ཀྱང་བོད་ཡིག་བཞིན་ཡར་འདྲུད་མར་འདྲུད་སྐབས་མི་འགྲོ་བས་ཡིག་ཆ་སོགས་ཕྱོགས་གཅིག་བཞག་རྒྱུའི་བརྟན་འཁེལ་སྐབས་བེད་སྤྱོད་དགོས།     དཔེར་ན།         དང་་སོགས་ལེན་ས་ཡིན།                      ལེ་ཚན་དེ་དག་འོག་ཏུ་ཡོད་པའི་


༡Page          ༢table          ༣illustrations        ༤links                   ༥ header and footer          ༦text           ༧symbols     འདི་དག་ནི་ལེ་ཚན་དེ་དག་གི་སྤྱི་མིང་ཡིན།         འདི་ནི་ལེ་ཚན་གཉིས་པ་insertནང་ཡོད་པའི་ལེ་ཚན་དེ་དག་གི་བེད་སྤྱོད་བྱས་སྟངས་ཆ་ཤས་ཙམ་ཡིན།



རིག་གསར་ལང་ཚོ་ཉིན་རེ་བཞིན་དུ་ཚ།།           གསར་སྐྱེས་གཞོན་ནུ་མིག་གི་ལོངས་སྤྱོད་གྱུར།།
རྩིས་འཕྲུལ་ཤེས་བྱའི་གནས་ལ་བརྩོན་ཤོག་དང་།།            འདོད་རྒུ་འཇོ་བའི་སྟོན་མོ་འདི་ན་ཡོད།།
ཅེས་པ་ནི་བར་སྐབས་ཀྱི་ཉམས་དགའ་བའི་ཚིགས་སུ་གཅོད་པའོ།

 




༣༽       Page layout ལེ་ཚན་གསུམ་པ་ནང་ཡོད་པའི་ལེ་ཚན་ཁག་འགྲེལ་བཤད་བྱས་ཀྱིན་ཡིན།           འདི་ལ་ལེ་ཚན་ཆེ་བ་ལྡ་ཡོད།

༡༽Thems         ༢༽Page setup              ༣༽page Background               ༤༽paragraph               ༥༽Arrange
༡༽Thems
Themesའདི་ནི་རྩིས་འཕྲུལ་ཤེལ་ངོས་དུ་འཆར་རྒྱུའི་པར་རིས་སོགས་ཡིན།   colors  འདི་ཡི་གེ་སོགས་ཚོན་ཁ་བསྒྱུར་བྱེད་ཡིན།
fonts འདི་ནི་ཡིག་གཟུགས་དང་འོག་ཐིག་སོཊ་བྱས་ལས་མི་འདྲ་མང་།        effectsའདི་ནི་དྲ་འབྲེལ་བྱས་སའི་ཡོ་བྱད་ཡིན་ནམ་སྙམ།            འདི་རྣམས་འགྲེལ་བཤད་ཙམ་ལས་ནང་དུ་བེད་སྤྱོད་ལེ་ཚན་གཞན་དུ་བྱེད་ཀྱིན་ཡོད། དཔེར་ན།་colorsདང་fontsགཉིས་HOMEནང་དུ་ཡོད་པས་དེར་གཟིགས།  འདིར་ལེ་ཚན་གསུམ་པ་ནང་དུ་བེད་སྤྱོད་བྱས་ཐུབ་ཀྱིན་མི་འདུག་ལ་མདུན་དུ་མངོན་མི་ཐུབ།

༢༽Page setup 

margins འདི་ནི་ཤོག་བུ་ཟུར་བཞི་ཆེ་ཆུང་སྒྲིག་བྱེད།         Orientaion འདི་ལ་ཤོག་བུ་འཕྲེད་པར་ དང་།

ལང་པར་< portrait >གཉིས་ཡོད་ལ་རང་འདོད་བཞིན་དེ་གཉིས་གང་རུང་གདམ་དགོས།    འདི་ཡིག་ཆ་སོགས་པར་ལོག་བརྒྱབ་དུས་ངེས་པར་དུ་གོང་གཉིས་གང་རུང་ཡིན་དགོས་ལ་རང་གི་གང་ཡིན་སྔོན་ཞིབ་བྱས་དགོས།

size འདི་ནི་ཤོག་ཚད་ཆེ་ཆུང་བཞག་ས་ཡིན།       དཔེར་ན་A4 ,A3 ,A5

columns འདི་ནི་ཡིག་གེ་སོགས་དུམ་བུ་གཉིས་གསུམ་སོགས་བགོ་འགྲེ་བྱས་བྱེད་ཡིན།        

དཔེར་ན།


ང་བོད་ལ་དགའ།          ང་བོད་ཀྱི་ཞིང་ཁམས་དྲན།        ང་བོད་ཕྲུག་བོད་ཡུལ་བྲལ་བ་སྐྱོ། ང་བོད་ལ་དགའ། ང་བོད་ཀྱི་ཞིང་ཁམས་དྲན།    ང་བོད་ཕྲུག་བོད་ཡུལ་བྲལ་བ་སྐྱོ། ང་བོད་ལ་དགའ། ང་བོད་ཀྱི་ཞིང་ཁམས་དྲན།        ང་བོད་ཕྲུག་བོད་ཡུལ་བྲལ་བ་སྐྱོ། ང་བོད་ལ་དགའ།   ང་བོད་ཀྱི་ཞིང་ཁམས་དྲན།        ང་བོད་ཕྲུག་བོད་ཡུལ་བྲལ་བ་སྐྱོ། ང་བོད་ལ་དགའ། བོད་ཀྱི་ཞིང་ཁམས་དྲན།  ང་བོད་ཕྲུག་བོད་ཡུལ་བྲལ་བ་སྐྱོ།






briaks འདི་ནི་ཡི་གེ་སོགས་དུམ་བུ་གཅོད་བྱེད་ཡིན།         line number འདི་ནི་ཡིག་ཕྲེང་ག་ཚོད་བལྟ་བྱེད་ཡིན།     

 

hyphenation འདི་ནི་རྟགས་དང་དེབ་སོགས་ཀྱི་མཁོ་ཆས་ལེན་ས་ཡིན།       འདི་གསུམ་རྒྱུན་དུ་བེད་སྤྱོད་དེ་ཙམ་མི་འདུག





༣༽page Background  
Watermark འདི་ནི་གཞུང་དང་ལས་ཁང་སོགས་ཀྱི་ཡིག་ཆ་དངོས་མ་ཡིན་པ་ར་སྤྲོད་ཀྱི་ཆེད་དུ་འདི་རྟགས་བརྒྱབ་ཀྱིན་ཡོད།
འདི་ཤོག་བུ་ངོས་དང་ལས་ཤོག་ངོས་སུ་གསལ་ལ་མི་གསལ་བའི་ཚུལ་གྱི་འདིའི་རི་མོ་བཞག་་ཡོད།                 (Insert ghosted behind the content on the page, This is often used to indicate that a document is to be treated specially  such as confidential or Urgent,)
 Page color འདི་ནི་ཤོག་གུའི་རྒྱབ་དུ་ཚོན་ཁྲ་བྱུགས་བྱེད་ཡིན།        Choose a color of the back ground  of the page,)
 page borders འདི་ནི་ཤོག་གུའི་མཐའ་ཟུར་ཐིག་ག་འདྲ་དགོས་སྐབས་འཐེན་བྱེད་ཡིན།
Add or change the Border around the page

༤༽paragraph   INDENT འདི་ནི་ཏོག་ཙམ་གལ་ཆེན་པོ་འདུག དབྱིན་སྒྲན་འདི་ལ་༡༽གཡོན་ནི་ཤོག་བུ་གཡོན་ཕྱོགས་བར་སྟོང་ག་འདྲ་བཞག་དགོས་མིན་གྱི་རང་འདོད་བཞིན་བཞག་ས། left     དང་། ༢༽གཡས་ right ཕྱོགས་ནི་ཤོག་གུ་གཡས་ཕྱོགས་ག་ཚད་བར་སྟོང་འཇོག་དགོས་མིན་གྱི་རང་འདོད་བཞིན་བཞག་ས་ཡིན།          ད་དུང་ Bottom        དང་    top     གཉིས་གོང་དུ་བཤད་ཟིན་པ་བཞིན་ཤོག་ངོས་གཅིག་གི་འགོ་དང་འཇུག་གི་ཆེ་ཆུང་ཚད་བཞག་ས་ཡིན་ལ་རང་ཐད་ཡོད་པའི་བར་སྟོང་ནང་དུ་ཨང་གྲངས་ཚད་འཛིན་དགོས།
Indent left :Move in the left side of the paragraph a certain amount,     Indent right: Move in the Right side of the paragraph a certain amount,          Indent Bottom: Move in the Bottom side of the paragraph a certain amount,
Indent top: Move in the Top side of the paragraph a certain amount,    
SPACING འདི་ལ་རིགས་གཉིས་ཡོད་ལ་beforeདང་ after །    beforeའདི་ནི་ཡི་གེ་དུམ་ཁྱིམ་         paragraph          སྔོན་དུ་བར་སྟོང་ཆེ་ཆུང་འཇོག་བྱེད་ཡིན་དང་།      after འདི་ནི་དུམ་ཁྱིམ་སྟེ     paragraph     རྗེས་སུ་བར་སྟོང་འཇོག་བྱེད་ཡིན།
འདི་གཉིས་རང་གི་རྗེས་སུ་བར་སྟོང་ནང་དུ་རང་མཁོ་བཞིན་ཨང་གྲངས་འགོད་དགོས།         དཔེར་ན         before :1.5 དང་་0.3སོགས་ཤོག་བུའི་ཚད་བཞག་ཆོག        after ལ ཡང་འདི་དང་གཅིག་མཚུངས་ཡིན། འདི་གཉིས་ཕལ་ཆེར་བ་ཚིག་ལྷུག་སྐབས་སུ་བེད་སྤྱོད་ཆེན་པོ་ཡོད།   
ཚིགས་གཅོད་ལ་ཉེར་བ་མི་མཁོ།

Spacing Before :    བར་སྟོང་སྔོན་ལ་བཞག་ས།                  change the spacing between paragraph by adding space above the selected paragraphs,

Spacing After:       བར་སྟོང་རྗེས་ལ།                    change the spacing between paragraph by adding space below the selected paragraphs,            ༥༽Arrange     ལེ་ཚན་འདི་ནང་ཡོད་པའི་ལེ་ཚན་རྣམས་གཞན་དུ་བེད་སྤྱོད་བྱས་པ་ལས་འདི་བེད་སྤྱོད་མི་འདུག་པས་ཚིག་ཚོགས་ལ་འཇིགས་ནས་མ་བྲིས།


གཞན་ལེ་ཚན་༤༽        References             ༥༽     mailings      ༦༽     Review        འདི་གསུམ་དགོས་མཁོ་ཆེན་པོ་མེད་ལ་ཕལ་ཆེན་བེད་སྤྱོད་བཟོ་ཡི་མི་འདུག     

༧༽     View  འདིའི་ནང་དུ་དང་པོ་ནི་ཤོག་གུ་པར་བསྐྲུན་བྱས་སྐབས་དང་ཤོག་གུ་ཚད་བལྟ་ས་ཡིན།          འདི་ལ་ལེ་ཚན་ཆེ་བ་ལྔ་ཡོད།
༡༽Document view ༢༽Show\hide         ༣༽Zoom ༤༽WINDOW ༥༽MACROS
༡༽Document view ༡༽print layoutནི་ཡི་གེ་པར་བསྐྲུན་བཟོ་བྱེད་ཀྱི་ཚད་འཛིན་བཟོ་ས་དང་རང་མཁོ་འདིའི་ལེ་ཚན་དུ་འགྲོ་ན་ཆེ་ཆུང་སོགས་རྩིས་འཕྲུལ་མདུན་ངོས་གསལ་པོ་མཐོང་ཐུབ།        དཔེར་ན།་ཤོག་བུ་ཆེ་ཆུང་དང་ཤོག་གྲངས་སོགས་ཡིན།      
print layout: Vies the decument as it will appear on the printed page,
༢་པ་ནི་Full screen Reading ཤོག་ངོས་ཆ་ཚང་གློག་ཀླད་མདུན་ངོས་ཡོངས་རྫོགས་འཆར་བྱེད་ཡིན།                 Full Screen Reading:
Vies the document  in full screen reading views in order  to mixmize the spacing available for reading or commenting on the document ,
༣ web layout འདི་ནི་དྲ་ཐོག་འཛིན་ནས་ཡི་གེ་སོགས་གཏོང་ས་ཡིན།     web layout : views the document as it would look as a page,
༤ ontline འདི་ཡང་དྲ་ཐོག་འགྲོ་ས་ཡིན།                  ontline views:       views the document as an online and show the outlining tools,    འདི་གཉིས་ངེས་པར་ཏུ་དྲ་ལམ web line་དགོས།
༤༽་draft འདི་ནི་ཡི་གེ་སོགས་གཏོང་ཟིན་པ་དང་འབྲི་ཟིན་པ་སོགས་ག་འདྲ་ཆགས་ཡོད་མེད་ཀྱི་བལྟ་བྱེད་ཡིན།        འདི་ཚང་མ་ལ་Document views ཟེར།    draft :views the document as draft to quickly edit the text,

༢༽Show\hide        
Show\hide :འདི་ནང་དུ་ཐིག་ཤིང་Rulerདང་། Document Mapཤོག་ངོས་ཞིབ་ལྟ་བྱས་ས་ཡིན། thumbnailsའདི་ནི་ཤོག་བུ་དང་ཤོག་གྲངས་སོགས་སྔོན་ཞིབ་བྱས་ས་ཡིན།      gridlinesའདི་ནི་ཤོག་ངོས་ཆ་ཚང་ངོས་སུ་ཡི་གེ་སོགས་ནག་ཆ་བཟོ་བྱེད་ཡིན།


༽Zoom        ZOOM         འདིའི་ནང་དུ།  Zoom ཟེར་བ་འདི་ནི་ལེ་ཚན་ཆེ་ཆུང་བཟོ་བྱེད་ཡིན།       100ཨང་གྲངས་འདི་ནི་ཤོག་གུའི་ཚད་ཆེ་ཆུང་གདམ་ས་ཡིན། one page དང་two pageདང་ page withསོགས་ཤོག་གུའི་རྒྱ་ཁྱོན་ག་འདྲ་དགོས་མིན་གྱི་ཚད་གཞི་ཚད་འཛིན་བྱས་ས་ཡིན།
༽WINDOW ༥༽MACROS        འདི་གཉིས་ནི་ང་ཚོར་བེད་སྤྱོད་བྱས་སྲོལ་མིན་འདུག་པས་རེ་ཞིག་བཞག་ན་དགེ་མཚན་ཆེ་བ་མངོན།

འདིའི་ཡན་ཕལ་ཆེར་ལེ་ཚན་རེ་རེ་ནས་འགྲེལ་བཤད་བྱས་ཁུལ་ཡིན། འོན་ཀྱང་མཐུས་སྒོ་མ་ཚང་བ་ཡོད་ན་ཕན་ཚུར་བགྲོ་གླེང་བྱ་ཆོག
 


ད་ནི་ Microsoft Wordནང་དུ་པར་འཇོག་སྟངས་བཤད་ན།     དང་ཐོག་insertནང་འགྲོ་བ་དང་དེའི་ནང་དུ་ཡོད་པའི་པར་
Pictureནང་ཡོད་པའི་པར་གདམ་ནས་ཚུར་འཁུར་འོང་དགོས།


ལ་རྒྱའི་དུང་སེམས་ཅན་གླ་བ་གྲགས་ཅན་ཆོས་མགོན

དང་པར་ངོས་སུ་ཡི་གེ་བཞག་དགོས་སྐབས་ཡི་གེ་སྔོན་དུ་བྲིས་ནས་དེའི་རྗེས་སུ་པར་ཡི་གེ་ངོས་སུ་བཞག་ནས་sent to back བྱས་དགོས།
དེ་ནས་རང་འདོད་བཞིན་པར་ངོས་སུ་ཡི་གེ་འཕྲེད་ཉལ་དང་གྱེན་ལང་དང་སྲིད་ཉལ་སོགས་བྱས་ཆོག་ལ་པར་དེའི་བཟོ་དབྱིབས་མི་འདྲ་བའི་རིགས་གདམ་ཁ་བྱས་ཆོག     ཡང་པར་གསལ་བོ་བཟོ་བ་དང་ནག་ཁུག་བཟོ་བ་དང་གྲིབ་ནག་བཟོ་བ་སོགས་ལེ་ཚན་མང་བས་དེར་གཟིགས་དགོས།            ༼ཚུར་འཁུར་ཡོང་བའི་པར་ངོས་སུ་རྩི་རྩི་གཉིས་གནོན་བྱས་ན་ལག་ཆ་གཞན་པ་སོགས་མངོན་འོང་།དཔེར་ན།         དབྱིབས་མི་འདྲ་བ་ལེན་ས་དང་།  ཟུར་ཐིག་དང་རྒྱབ་ལོག་ཚོན་ཁྲ་ཅན་རི་མོ་དང་པར།        ད་དུང་གསལ་བོ་བཟོ་བྱས་སོགས་ཟུར་གཡས་གཡོན་དུ་ཡོད།༽


ད་དུང་རི་མོ་ནང་དུ་ཡི་གེ་འབྲི་ས་དེའི་ནང་དུ་ཡི་གེ་ཕྱོགས་བཞི་གང་དུ་བཞག་ན་ཁ་ལོ་བསྒྱུར་ཆོག     དཔེར་ན།
Flowchart: Punched Tape: པ་སངསལྗོན་ཤིས་འཁྲུ་ངས་སོང་།
Text Box: པོ་བ་རང་བརྒྱུད་དྲན་སོང་།།
Text Box: བྱམས་པའི་དྲན་ཤེས་ངོས་ནས།།
Text Box: བཟང་པོའི་གཤིས་རྒྱུད་དྲན་ནས།།








འདིའི་ནང་དུ་ཚོན་བྱུགས་ཡ་དང་རི་མོ་འདིའི་དབྱིབས་མི་འདྲ་སོགས་ཁ་ལོ་བསྒྱུར་ཆོག         ་ལ་ཡི་གེ་སོགས་ཁ་ཕྱོགས་གང་དུ་བསྒྱུར་དགོས་སྐབས་གཡོན་ཟུར་དུ་ཡོད་པའི་ text directionངེས་པར་བེད་སྤྱོད་གནང་དགོས།


ལས་དབང་གི་ལྷོ་མཐའ་གྱར་དུས།།          ལས་འབྲས་ལ་འཁང་ར་མེད་པར།།         
ལས་མཐུས་ཀྱི་ཚ་མོ་འཕྲད་བས།།  ཡ་ཆུང་གི་ངོས་སུ་གཡོ་སོང་།།

འདི་འོག་ཏུ་མི་འབོར་གྲངས་བཤེར་བྱས་སྟངས་དེ་ཅང་ཙམ་འགྲེལ་བཤད་བྱས་ཀྱིན་ཡིན།
དང་ཐོག་ལེ་ཚན་གཉིས་པinsert་ནང་འགྲོ་ནས་chartནས་datasheet Excel འགྲོ་ནས་གྲངས་གཤེར་བྱེད་བྱའི་མིང་དང་གྲངས་འབོར་འབྲི་ན།   གྲངས་འབོར་གྱི་མཚོན་རྟགས་འདི་མངོན་འོང་།     འདི་དབྱིབས་མི་འདྲ་བ་མང་བས་རང་མཁོ་བཞིན་གདམ་ཆོག

vlcsnap-27846.pngགངས་རིའི་ཁུ་བྱུག
ཆུང་ཆུང་གཞོན་ནུའི་དུས་ནས།།   ཤ་དང་རིག་པའི་བརྩེ་དུང་།།                ལ་རྒྱ་སྙིང་སྟོབས་ལྡན་པའི།།                 ཕུལ་བྱུང་གླུ་བ་ཡིན་སོང་།།
མཐོ་སྒང་གངས་སུལ་ཁྲོད་ནས།།   གངས་འཁྱུག་ལྷག་པའི་ལྡང་ཡང་།།         མི་རིགས་ལ་ཞེན་དཀར་པོ།།                 སྙན་པའི་གླུ་དབྱངས་བཀུག་སོང་།།
དབྱངས་ཅན་མགྲིན་པའི་ཁ་ནས།། ལ་རྒྱའི་བ་དན་ལྷུང་ལྷུང་།།         ཐོས་འཛིན་བུ་གར་བརྒྱུད་དུས།།   ཁྱེད་ལ་རེ་བའི་བསུ་ཡོད།།
བྱམས་པའི་ཕ་མའི་རུམ་ནས།།     བརྩེ་སེམས་ཞེན་པ་དཀར་པོས།།   རྒྱལ་ཁབ་མི་རིགས་དཀའ་སྡུག།    སྙན་འཇེབས་གླུ་ལ་བཀུག་སོང་།།
གངས་ཅན་རིག་པའི་ཁུ་བྱུག།      འགྲན་མེད་གླུ་བ་ཁྱེད་ལ།།          དུས་ཀུན་ཁྱེད་ཀྱི་དམིགས་བུ།།     འགྲུབ་པའི་སྨོན་མདུན་ཞུས་ཡོད།།
ཕྱི་ལོ་༢༠༡༢་ལོ་ས་མཐའ་རྒྱ་མཚོ་ཉེ་འགྲམ་ནས་བྲིས།


Microsoft excelའདི་ནི་མ་ཁུམརོ་སོབ་སྒྲི་།ཨིཁསིལ།ཟེར་ཞིང་ལེ་ཚན་ཆེ་བ་གཞན་པ་ཞིག་ཡིན།      འདི་ཕལ་ཆེར་བ་རེའུ་མིག་དང་མིང་གཞུང་།
གྲུབ་འབྲས་ཤོག་ལྷོའི་ཐོ་གཞུང་སོགས་བཟོ་སྐབས་བེད་སྤྱོད་ཆེན་པོ་འདུག               དཔེར་ན།
མིང་
སློབ་ཚན།
འཛིན་གྲྭ
སློབ་གྲྭ་
ཀུན་སྤྱོད།
གྲལ་རིམ།
jampa
བོད་ཡིག
བཅུ་པ།
བློ་གླིང་།
འབྲིང་།
༥༢༠
དབལྡན
དབྱིན་ཇི།
དགུ་པ།
སྒོ་མང་།
ལེགས།
༢༣༤
སོགས་ཀྱི་རེའུ་མིག་བཟོ་ས་གཙོ་རེད་འདུག གལ་ཏེ་ཁྱེད་ཀྱི་གྱང་བརྐྱང་ལོ་ཐོ་བཟོ་དགོས་སྐབས་excel་འདི་བེད་སྤྱོད་བྱས་ན་སྟབས་བདེ་བོ་འདུག
དཔེར་ན།
Jan
mar
may

1
2
3
4
5
6
7
1
2
4
5
6
7
1
2
3
4
5
6
7
8
9
10
11
12
13
14
8
9
11
12
13
14
8
9
10
11
12
13
14
15
16
17
18
19
20
21
15
16
18
19
20
21
15
16
17
18
19
20
21
22
23
24
25
26
27
28
22
23
25
26
27
28
22
23
24
25
26
27
28
29
30





29
30




29
30







སོགས་རེའུ་མིག་་excelནང་བཟོ་ནས་འདི་ཁུར་ལོ་ཐོ་ཆ་ཚང་བ་ཞིག་བཟོ་མི་ཐུབ།     འོན་ལེ་ཚན་འདི་ནང་བཟོ་ནས་photoshop cs4 cs3གང་རུང་
ནང་འཁུར་ནས་བཟོ་ལོ་ཐོ་འགོ་བརྗོད་ངོས་སུ་དཔར་རང་འདོད་བཞིན་སྦྱར་ཆོག
འདི་ནི་དང་ཐོག་excelདངརྗེས་སུ་photoshopནང་བཟོ་བའི་དཔེར་མཚོན་ཙམ་ཡིན།









ད་དུང་སློབ་གྲྭ་སོགས་ཡིག་རྒྱུགས་བརྒྱ་ཆ་སྡོམ་པ་འཐེན་པ་བགོ་པ་འཕྲི་བ་སོགས་གནང་སྐབས་སྡེབ་གཅིག་ཏུ་ཡོད་ཚད་མཉམ་རྩིས་བྱས་ཐུབ་ལ་རེ་རེ་ནས་རྩིས་དགོས་ཀྱང་བྱས་སྟངས་མི་འདྲ་བ་མ་གཏོགས་འདི་བེད་སྤྱོད་གཏོང་ན་ཕན་ཐོག་ཆེན་པོ་འདུག་ལ་མགྱོགས་པོ་འདུག
དང་པོ་སྡོམ་རྩིས་ཀྱི་།ཐབས་ལམ་འདི་བེད་སྤྱོད་དགོས།       =sum(a 10+b 12+c10)ཐབས་ལམ་དང་་པོ་འདི་ནི་རེ་རེ་ནས་སྡོམ་རྩིས་དང
=sum(a 10:b 12+c10)ཐབས་ལམ་གཉིས་པ་འདི་ནི་ཆ་ཚང་མཉམ་དུ་སྡོམ་བྱེད་ཡིན།

=c1+e3)འཐེན་རྩིས་ཀྱི་ཐབས་ལམ།                 =d2*e4        བསྒྱུར་རྩིས་ཀྱི་ཐབས་ལམ།         =a3/b7         འདི་ནི་བགོ་རྩིས་ཐབས་ལམ།                 
འདི་བེད་སྤྱོད་ནི་excelནང་དུ་བེད་སྤྱོད་དགོས།    ད་དུང་ཆ་སྙོམས་བརྒྱ་ཆ་བལྟ་སྟངས་དང་སུ་དང་སུ་རྒྱུགས་སྤྲོད་འཕྲོད་པ་དང་མ་འཕྲོད་པ་བརྒྱ་ཆ་ངོས་ནས་བལྟ་སྟངས་སོགས་པས་ཞིབ་ཏུ་འབད་ན་ཤེས་སླ།

Word ཤོག་བུའི་མདུན་ངོས་ཀྱི་ཐད་དུ་(མདའ་མ་ར)་གཟུགས་བརྙན་ནམ་sand glass ཡི་འདྲ་གཟུགས་ལྟར་ཡོད་པ་དེ་ལ་INDENT ཟེར།        
དེ་ལ་བྱས་ལས་མི་འདྲ་བ་གསུམ་ཡོད།                དེ་ལ་༡མགོ       2 རྐེད་པ།        3 མཇུག་གསུམ་ལ་བྱས་ལས་མི་འདྲ་བ་རེ་རེ་ཡོད།   
༡་དང་པོ་མགོ་ཕར་ཚུར་དྲུད་འཐེན་བྱས་ན་frist line indent    སྟེ་ཚིག་ལྷུག་གང་ཡིན་ཡང་ཡིག་ཕྲེང་དང་པོ་དེ་ཕན་ཚུར་བཞག་བྱེད་ཡིན།       
དཔེར་ན།
༡གཞིས་ལུས་སྙིང་སྟོབས་ཅན་རང་རུས་གཅིག་པའི་སྤུན་ཟླ་རྣམ་གཅིག་རྗེས་གཉིས་ཀྱི་བཙན་རྒྱ་དམར་གཞུང་གི་སྔར་ཕྱི་བར་གསུམ་དུ་བོད་མི་རིགས་འདི་ལ་གཉའ་གནོན་དང་།  གདུག་རྩུབ་དྲང་བདེན་མ་ཡིན་པའི་ཁྲིམས་ལ་ལག་ལེན་འཁེལ་བ་ནས་བཟུང་ཕུ་ནུ་ཡོངས་ཀྱི་ད་ཟད་འ་ཆད་འུ་ཐུག་སྟེ་གཅེས་པའི་ལུས་སྲོག་གཉིས་ཀ་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་སླད་དུ་ཡོད་ཚད་བློས་གཏོང་ནས་རང་ལུས་མཆོད་མེ་དུ་འབུལ་ཡོད།
༢་གཉིས་པ་རྐེད་པ     Hanging indent ཐད་བརྐྱངས་འབོད་ལ་འདིའི་ལས་ཀ་ནི་ཚིག་ལྷུག་སོགས་བར་དུ་ཡིག་ཕྲེང་རེ་རེ་ཕར་ཚུན་འཐེན་དགོས་སྐབས་བེད་སྤྱོད་དགོས།  འདི་ངས་འགྲེལ་བཤད་ཟུར་ཙམ་རྒྱབ་བ་ལས་འདི་དང་མཇུག་གི་བྱས་ལས་ཕལ་ཆེར་གཅིག་པ་གཅིག་མཚུངས་འདུག           དཔེར་ན།
     གཞིས་ལུས་སྙིང་སྟོབས་ཅན་རང་རུས་གཅིག་པའི་སྤུན་ཟླ་རྣམ་གཅིག་རྗེས་གཉིས་ཀྱི་བཙན་རྒྱ་དམར་གཞུང་གི་སྔར་ཕྱི་བར་གསུམ་དུ་བོད་མི་རིགས་འདི་ལ་གཉའ་གནོན་དང་།        གདུག་རྩུབ་དྲང་བདེན་མ་ཡིན་པའི་ཁྲིམས་ལ་ལག་ལེན་འཁེལ་བ་ནས་བཟུང་ཕུ་ནུ་ཡོངས་ཀྱི་ད་ཟད་འ་ཆད་འུ་ཐུག་སྟེ་གཅེས་པའི་ལུས་སྲོག་གཉིས་ཀ་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་སླད་དུ་ཡོད ཚད་བློས་གཏོང་ནས་རང་ལུས་མཆོད་མེ་དུ་འབུལ་ཡོད།

༣་ གསུམ་པ་མཇུག་ལ་lift indent་དང་Right indent གཉིས་ཡོད།                lift indent འདིའི་བྱས་ལས་ནི་ རྐེད་པ་འདྲ་བ་གཡས་ཕྱོགས་ལ་ཚིག་ལྷུག་སོགས་དུམ་བུ་དུམ་དྲུད་འཐེན་བྱས་བྱེད་ཡིན།             (འདི་དང་རྐེད་པ་གཉིས་ཅུང་ཙམ་མི་འདྲ་བ་འདུག་ཀྱང་མ་དྲན།)                འདི་ནི་ཡི་གེ་སོགས་ལག་པ་གཡས་ཕྱོགས་སུ་བསྣུན་བྱས་ཡིན།                  དཔེར་ན།

            གཞིས་ལུས་སྙིང་སྟོབས་ཅན་རང་རུས་གཅིག་པའི་སྤུན་ཟླ་རྣམ་གཅིག་རྗེས་གཉིས་ཀྱི་བཙན་རྒྱ་དམར་གཞུང་གི་སྔར་ཕྱི་བར་གསུམ་དུ་བོད་མི་རིགས་འདི་ལ་གཉའ་གནོན་དང་།   གདུག་རྩུབ་དྲང་བདེན་མ་ཡིན་པའི་ཁྲིམས་ལ་ལག་ལེན་འཁེལ་བ་ནས་བཟུང་ཕུ་ནུ་ཡོངས་ཀྱི་ད་ཟད་འ་ཆད་འུ་ཐུག་སྟེ་གཅེས་པའི་ལུས་སྲོག་གཉིས་ཀ་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་སླད་དུ་ཡོད་ཚད་བློས་གཏོང་ནས་རང་ལུས་མཆོད་མེ་དུ་འབུལ་ཡོད།
ནང་ཚན་གཉིས་པ་ Right indent་འདིའི་བྱས་ལས་ནི་གཡོན་ཕྱོགས་ཀྱི་ཡི་གེ་རྣམས་ཚུར་ནང་དུ་བསྡུར་བྱེད་ཡིན།་དཔེ་ནི།
        མི་རིགས་ལ་ཞེན་པ་དཀར་བའི་རྒྱལ་ཆེན་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་དུས་ནམ་ཡང་འུ་ཚོའི་སེམས་ཁམས་སུ་ཉར་ནས་བརྗོད་མི་ཉན། ཁོ་ཚོ་མཐོ་སྒང་དུ་སྐྱེས་པ་གཟི་བརྗིད་ཡིན་ལ་ཁོ་ཚོ་ཤི་བ་གཟི་བརྗིད་ཡིན།           ཁོ་རྣམས་པ་རང་དོན་དོར་ནས་གཞན་དོན་དུ་རང་གི་གཅེས་པའི་ལུས་སྲོག་གཉིས་ཀ་མཆེད་མེ་དུ་འབུལ་ཡོད་པ་ནི་ཅི་འདྲ་གཟི་བརྗིད་ཆེ་བ་ལ་ཨང་།
(འདི་རྣམས་གཡས་གཡོན་འཇོག་སྐབས་སོ་སོའི་མགོ་རྐེད་མཇུག་གསུམ་ངོས་མདའ་རྩེ་བཞག་ནས་དྲུད་འཐེན་བྱས་དགོས)
4 double clickགཞན་ཡང་ཡི་གེ་སོགས་ཕན་ཚུར་དྲུད་འཐེན་དགོས་ན་ཐིག་ཤིང་གི་གཟུགས་བརྙན་མངོན་སའི་ཤོག་བུའི་ཀླད་རྩི་རྩི་གཉིས་གནོན་བྱས་ན་ཐིག་ཀྱོག་ཅིག་ཐོན་འོང་།   དེ་ནི་ཁྱེད་ཀྱི་ཕར་ཚུར་འཁུར་བྱས་དང་ཚད་གང་དུ་བཞག་བ་འཇལ་བྱེད་ཡིན།
འདི་རྩི་རྩི་མདའ་རྩེ་མི་འདྲ་བ་ཕྱེད་ཀ་ལྟ་བུ་ཐོན་འོང་།    དེ་ནས་ཁྱེད་ཀྱི་ལས་ཀ་བྱས་དུས་རྩེ་རྩི་གནོན་ནས་དྲུད་འཐེན་བྱས་དགོས།


                     དེང་གི་རིག་གསར་མགྱོགས་འཕྲིན་མེ་ལྟར་འབར།།              གཞུང་དང་མི་མང་ཁ་ཕྱོགས་འདིར་ནང་ཕྱོགས།།
                འདི་ནང་དགའ་སྡུག་འདྲེས་མའི་ཟློས་གར་སོགས།།                      ཤེས་བྱའི་གནས་ལུགས་མང་བས་དེར་བརྩོན་ཤོག།
                                                                   འདི་བར་གྱི་ཉམས་དགའ་བའི་ཚིགས་སུ་གཅོད་པའོ།

ཞན་ཡང་རྩིས་འཕྲུལ་རྒྱུན་སྤྱོད་པ་ལ་ཉེར་བ་མཁོ་བའི་ལེ་ཚན་ཁག་ཅིག་འགྲེལ་བཤད་བྱས་ཀྱིན་ཡིན། 
དང་པོ་རྩིས་འཕྲུལ་ཤེལ་ངོས་སུ་ folder སྣོད་ཁུག་རྣམས་ཀྱི་འོག་ཏུ་ཡོད་པའི་ཡི་གེ་ཆེ་ཆུང་བཟོ་སྟངས་དེ་ཡིན།
འདི་ནི་window སྒེའུ་ཁང་མི་འདྲ་བའི་དབང་གི་དེར་བཞག་སྟངས་ཀྱང་མི་འདྲ།               ངས་window7ནང་གི་མདུན་ངོས་ཡི་གེ་ཆེ་ཆུང་བཟོ་སྟངས་དེ་བཤད་ཀྱིན་ཡིན།           རྩིས་འཕྲུལ་ཤེས་ངོས་སུ་རྩི་རྩི་གཡོན་གནོན་བྱས་ན་མར་གཅིག་ཤར་འོང་དེའི་ནང་ནས་personalize གདམ་དགོས།    དེ་ནས་་འཆར་ཡོལ་ནང་དུ་མང་པོ་ཡོད་ཀྱང་window colorནང་དུ་འགྲོ་དགོས། advanced appearance setting དེ་ནས་ནང་འགྲོ་དགོས།         དེ་ནས་འོག་ཏུ་ item ཤར་འོང་། དེའི་བར་སྟོང་ནས་། Icon གདམ་དགོས།



Icon དབྱིན་ཇི་ཡི་གེ་གདམ་ས་དང་།                དེའི་ཟུར་དུ་ཨང་གྲངས་ནི་ཡིག་གཟུགས་ཆེ་ཆུང་བཟོ་ས་ཡིན།
གཉིས་པ་front ནང་བོད་ཡིག་སོགས་གདམ་ས་ཡིན། Tibet language དེའི་ཟུར་དུ་ཨང་གྲངས་ཡོད་པ་དེ་ནི་ཡིག་གཟུགས་ཆེ་ཆུང་བཟོ་ས་ཡིན།ཡང་དེ་གཉིས་ཀྱི་ཟུར་ཡོད་ཚོན་ཁྲའི་བར་སྟོང་ཡོད་པ་དེ་ནི་ཡི་གེ་སོགས་ཚོན་ཁྲ་བསྒྱུར་བྱེད་ཡིན།      རང་དགོས་བྱ་བ་དེ་ཚོ་བསྒྲུབས་ཟིན་ཚེ་དེ་ནས་okའགྲིག་ཟེར་བ་དང་apply་ཏེ་འཇུག་པ་ཞེས་པའི་དོན་གཉིས་གང་རུང་ལ་རྩི་རྩི་བྱུག་ན་ཁྱེད་ཀྱི་རྩིས་འཕྲུལ་ངོས་ཀྱི་folderའོག་ཏུཡིག་གཟུགས་ཆེ་ཆུང་བཟོ་བ་ལྟར་མངོན་ཐུབ།                   ཨིན་ཇི་ལ་ཨང་གྲངས་༢༡་དང་བོད་ཡིག་ལ་༡༡་འཇོག་ན་ཆེ་ཆུང་རན་པོ་ཡོད།

གཞན་ཡང་ personalizeནང་དུ་རྩིས་འཕྲུལ་ཤེས་ངོས་    (themes or wellpaper)བརྗེ་བོ་རྒྱབ་སྟངས།    window colorསྒེའུ་ཁང་ལ་ཚོན་སོགས་བྱུགས་སྟངས་དང་ཆ་ཚང་ནག་པོ་སོགས་བཟོ་བྱེད།                ཤེས་ངོས་སྲུང་བྱེད་screen saverསྒྲིག་སྟངས།        timeཆུ་ཚོད་དང་Dateཚེས་གྲངས་སྒྲིག་སྟངས་སོགས་ཡོད་ལ་རང་མཁོ་འདི་ནས་བརྗེ་བོ་སོགས་རྒྱབ་དགོས།                    འདི་ལས་སླ་བས་རྒྱས་པ་མ་བཤད།
རང་གི་རྩིས་འཕྲུལ་ནང་ཡི་གེ་སོགས་ཚོན་ཁྲ་བཞག་དགོས་སྐབས་window colorནང་ནས་ཆ་ཚང་འཇོག་ཐུབ།         ཡི་གེ་ངོས་ཡར་མར་རྩི་རྩི་མདའ་རྕེ་གང་འཇོག་ས་ཚོན་གཞི་ཅན་ཞིག་བ་སོགས་བྱས་ཆོག      


micosoft wordནང་དུ་པར་བསྐྲུན་བྱས་དུས་ཉེར་བ་མཁོ་བའི་གནད་འགའ་ཞིག་ཡོད་པ་ནི།
wordནང་ཡི་གེ་འབྲི་ཟིན་རྗེས་པར་སྐྲུན་མ་བྱས་སྔོན་དུ་ངེས་པར་དུ་པར་བསྐྲུན་སྔོན་ཞིབ་བྱས་རྒྱུ་དེ་གལ་ཆེན་པོ་ཡིན། 
ctrl+p གནོན་བ་དང་པར་སྐྲུན་བྱས་ས་ཤར་འོང་། དེ་ནས་པར་སྐྲུན་སྔོན་ཞིབ་print previewནང་འགྲོ་ནས་རང་གི་ཡིག་ཆ་ཤོག་བུ་ངོས་ཕྱོགས་བཞི་ཞིབ་བལྟ་བྱས།                  page layout སྟེ་ལེ་ཚན་གསུམ་པའི་ཡོད་པའི་ paragraph ནང་ཡོད་པའི་ལེ་ཚན་ལ་དོ་སྣང་བྱས་དགོས་་དཔེར་ན་indentནང་ཡོད་པའི།  top, bottom,right, left,སོགས་ཕྱོགས་བཞི་བལྟ་ས།

print previewནང་ཡོད་པའི་Optionནང་འགྲོ་བ་དང་དེ་ནས་displayནང་འགྲོ་ནས་པར་ལོག་རྒྱབ་ས་print background colour and images   ནས་ཚན་ཡོད་མེད་དང་་འདྲ་པར་གཉིས་ལ་སྔོན་ཞིབ་བྱས་རྒྱུ་གལ་ཆེ།༼པར་དང་ཚོན་ཡོད་མེད་དང་ཡོད་ན་འགྲིག་tick བརྒྱ་དགོས༽
spacingནང་ཡོད་པའི་ before and afterགཉིས་ལ་ཡང་དོ་སྣང་བྱས་དགོས།            
པར་ལོག་བརྒྱབ་བྱེད་odd_pagdsནི་ཤོག་བུ་མདུན་ངོས་ནས་ 1,3,5,7པར་རྒྱབ་དྱེད་དང་།                  cven pages 2,4, 6, 8, 10,12,སོགས་ཀྱི་ཤོག་བུའི་ཨང་གྲངས་ནི་ཤོག་བུའི་རྒྱབ་ཕྱོགས་ནས་པར་སྐྲུན་བཟོ་ས་ཡིན།             གཞན་ཡང་ཤོག་བུ་གྱེན་ལང་portrout་དང་ཤོག་བུ་འཕྲེད་ཉལ་ landscape པར་སྐྲུན་བཟོ་བྱེད།              འདི་གཉིས་ལ་དོ་སྣང་བྱས་རྒྱུ་གལ་ཆེ།     
་་་་་སོགས་ལ་དོ་སྣང་བྱས་ནས་པར་སྐྲུན་ན་ཤོག་བུ་དང་སྣ་ཚ་སོགས་ལ་གྲོན་ཆུང་བྱས་ཐུབ།


ད་དུང་micosoft wordའདི་ནང་དུ་དེབ་བཟོ་སྐྲུན་སྐབས་སུ་མཁོ་བའི་དཀར་ཆག་བཟོ་སྟངས།
Word ནང་དུ་ཡི་གེ་དཀར་ཆག་བཟོ་དགོས་སྐབས་དང་ཐོག་ཨང་གྲངས་དང་བརྗོད་བྱ་དང་ཤོག་གྲངས་སོགས་འབྲི་ཚར་རྗེས་རང་སྟེ་ཚིག་ཁྱིམ་དཔེར་ན།
ཨང་ཚིག་ཁྱིམ་གཅིག་དང་བརྗོད་བྱ་ཚིག་ཁྱིམ་གཅིག་ཤོག་གྲངས་ཆིག་ཁྱིམ་གཅིག་སོགས་འབྲི་ཚར་རྗེས་ངེས་པར་དུ་tab བྱུགས་དགོས།
ཨང་དང་རྩོམ་གྱི་མིང་ཞེས་གསུམ་གྱི་ཐོད་དུ་ཡོད་པའི་ཐིག་ཤིང་ལ་རྩི་རྩི་བྱུག་ན་མདའ་རྕེ་འདྲ་བ་ཞིག་ཐོན་འོང་།              དེ་སོ་སོའི་ཐོད་དུ་རེ་བྱུགས་དགོས།         དེ་ནས་དུམ་ཁྱིམ་སྟེ་paragraph ཟུར་དུ་ཡོད་པའི་མདའ་རྩེ་ནང་འགྲོ་དགོས།          དེ་ནས་་tab་ཤར་འོང་།
དེ་ནས་་tabལ་ནང་འགྲོ་ནས་alignment ནང་ནས་རང་གང་བཞག་སའི་ཁ་ཕྱོགས་གདམ་དགོས།              
དེ་ནས་leaderརང་འདོད་བཞིན་འདི་ནས་གདམ་དགོས།         འགྲིག་ཟེར་བ་འདི་གནོན་ན་དེའི་རྗེས་སུ་བམ་རིམ་བཞིན་འབྲི་ན་leaderརང་ཤུགས་ངང་སླེབས་འོང་།དཔེར་ན།                                        
                                                      དཀར་ཆག

ཨང་།........................... རྩོམ་གྱི་མིང་།...................................     ཤོག་གྲངས།
................................................ བོད་ཀྱི་བདེན་དོན་སྐོར།............................................       ༨༩
................................................ རྡ་ས་མཐོང་ཐོས་ཀྱི་མྱོང་བ།........................................       ༦༥
................................................ ཁྱེད་དང་མཇལ་སྐབས།.............................................       ༢༣
................................................ དང་ཐོག་འཕྲད་ཚེ།..................................................       ༧༦༥
................................................ ངའི་རྡ་སར་བྱུང་བ།.................................................       ༨༠༧
༧............................................... སྨད་ཆུང་བུ་མོ།.......................................................       ༨༡༠

ཞེས་པ་ནི་དེབ་སོགས་པར་བསྐྲུན་གནང་སྐབས་སུ་བེད་སྤྱོད་གནང་དགོས།





གཞན་ཡང་༼ཟ་ཁང་གི་ཚོད་ཐོ༽་བཟོ་སྟངས་ཀྱང་འདི་དང་གཅིག་མཚུངས་ཡིན།

ཨང་།.................... ཞལ་ལག.................... རིན་གོང་།
༡................................................ བཞེས་ཐུག.............................................................. ༣༥
༢................................................ མོག་མོག....................................................................   ༢༥
༣................................................ མོག་ཐུག............................................................... ༣༠
༤............................................... ཀོ་ཀོ་ཁུ་ནག........................................................... ༡༣
༥................................................ གངས་ཆུ་བསིལ་མ................................................... ༡༦
༦................................................ མགྱོགས་ཐུག.......................................................... ༡༥
༧............................................... ཤ་བསྲེགསgrille meat........................................... ༢༠
༨................................................ གླང་དམར་Red Bull............................................. ༧༠
ལྟ་བུའོ
རྩིས་འཕྲུལ་COMPUTER ལ་ཉེར་བ་མཁོ་བའི་( Microsoft word)    ལེ་ཚན་འདི་འགྲེལ་བརྗོད་བྱེད་པ་པོ་ནི་ཆུང་བྱིས་པའི་དུས་ནས་ས་མཐའ་ཉུལ་བའི་ཆོས་ནོར་གཉིས་མེད་དགོན་གསར་བྱམས་པ་དབང་ལྡན་ནམ་དར་སྐྱེས་རིག་ཡག་གི་རྡ་སར་རྩིས་འཕྲུལ་ཆེད་སྦྱོང་དུ་བསྐྱོད་སྐབས་འབྲི་བ་དང་ཕྱིས་སུ་གདན་ས་ལོག་ནས་འཇུག་རྫོགས་པར་བགྱིས་སོ།།         །།       སརྦ་མངྒ་ལཾ།

ལས་དང་པོ་བ་ལ་ཕན་པའི་ཕྱིར་དུ་བྲིས་པ་ཡིན་ལ་གལ་ཏེ་དཀའ་ངལ་འདྲ་འཕྲད་ཚེ་གཤམ་འོག་ཁ་བྱང་ཐོག་འབྲེལ་བ་གནང་རོཊ།
གློག་འཕྲིན་ཁ་བྱང་།jampawangden3@gmail.com or jampawangden@yahoo.com
Skype:jampawangden2012   qq:1146317611                  mobile:+91 8971222891



No comments: