Tuesday, April 14, 2015

སྦྱང་ཤིང་ཐོག་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་བཞིན་པའི་རྣམ་པ།


Junior students are to learn tibetan calligraphyསྦྱང་ཤིང་ཐོག་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་བཞིན་པའི་རྣམ་པ།

༄༅བཀའ་དྲིན་གསུམ་ལྡན་གྱི་ཡིག་གཟུགས་དགེ་རྒན་ཡེ་ཤེས་སྟོབས་རྒྱས་མཆོག་སྙིང་ནས་དྲན་ཞིང་སྦྱང་ཤིང་གི་ཐོག་ཡིག་གཟུགས་བྲིས་ནས་དུས་འདའ་བའི་རྫོགས་ལྡན་གྱི་དུས་བཟང་དེ་ཉིན་ཤིན་ཏུ་ནས་དྲན་འོང་། རྒན་ལགས་སེམས་བཟང་པོ་ཡོད་ལ་སློབ་ཕྲུག་ཚོ་ལ་དུང་བ་ཟབ་མོ་ཡོད་། རྒན་ཁོང་རང་གི་ལག་དངུལ་ནས་འགྲོ་སོང་གཏོང་ནས་ང་ཚོ་ལ་རྔན་པ་སྤྲོད་པ་དང་ ཁྱད་པར་དུ་རྒན་ལགས་ཀྱི་འགྱིག་ཐག་ནར་མོ་དེ་དྲན་འོང་། དེ་ནི་ཅི་འདྲ་གཅིག་ཚ་བོ་ཡོད་ཨང་། དེ་དུས་རྒན་ལགས་ལ་སུན་སྣང་ཡང་སྐྱེས་མྱོང་། ད་ཟད་ཡིག་གཟུགས་ཏོག་ཙམ་ཤེས་པ་དེ་རྒན་ལགས་ཀྱི་བཀའ་དྲིན་ཁོ་ན་རེད་།  རྒན་ལགས་ཞིང་གཞན་དུ་སོང་ཡང་ང་ཚོའི་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད།  ང་ཚོས་དུ་ནས་དུས་སུ་རྒན་ཁྱེད་རང་དག་ཞིང་དུ་སྐྱེས་བའི་སྨོན་ལམ་བརྒྱབ་ཀྱིན་ཡོད། བཀྲིས་པ་གྱུར་ཅིག་གུ 
ཡིག་གཟུགས་སྦྱོང་བཞིན་པ།

No comments: