Friday, April 24, 2015

བོད་ཀྱི་ཆོས་ལུགས་བཞི་དང་གཡུང་དྲུང་བོན་དང་ཇོ་ནང་བཅས་ཀྱི་སྲོལ་གཏོད་པ་པོ་དང་ལོ་རྒྱུས་སྙིང་བསྡུས།

         བོད་ཀྱི་ཆོས་ལུགས་བཞི་དང་གཡུང་དྲུང་བོན་དང་ཇོ་ནང་བཅས་ཀྱི་སྲོལ་གཏོད་པ་པོ་དང་ལོ་རྒྱུས་སྙིང་བསྡུས།

ས་སྐྱ།

སྤྱི་ལོ ༡༣༣༤ ལོར་འཁྲུངས་པའི་འཁོན་དཀོན་ཅོག་རྒྱལ་པོ་འབྲོག་མི་ལོ་ཙཱ་བའི་དྲུང་ནས་ནཱ་ལེན་དྲའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་
གྲུབ་པ་བརྙེས་པའི་མཚན་བེ་རུ་པ་དང་། པཎ་ཆེན་ཀཡ་དྷ་ར་ནས་བརྒྱུད་པའི་ལམ་འབྲས་གསན་ཞིང་། ས་ཆེན་གོང་མ་རྣམ་ལྔ་སོགས་
ནས་བརྒྱུད་པ་ལས་ས་སྐྱ་པའི་གྲུབ་མཐའ་བྱུང་བ་ཡིན་ནོ།
ས་སྐྱ་ལ་ནང་གསེས་དབྱེ་བ། ༡ ༽ཚར་པ། ༢ ༽ངོར་པ། ༣ ༽ས་སྐྱ།  
ཐུའུ་གྲུབ་མཐའ་ནང་། ས་སྐྱ་པ་ཞེས་པ་ཡོངས་གྲགས་པ་ནི་འཁོན་དཀོན་མཆོག་རྒྱལ་པོ་ནས་བྱུང་བ་ཡིན་ལ། དེ་ཡང་འཁོན་གྱི་གདུང་
བརྒྱུད་ནི་འོད་གསལ་ལྷ་ལས་ཆད་པ་སྟེ། སྤྱི་རིང་། གཡུ་རིང་། གཡུ་སེ་སྟེ། གནས་ལྷ་མཆེད་གསུམ་དང་། དེ་ནས་གཡའ་སྤངས་སྐྱེས་ཀྱི་
བར་ལ་གནམ་ལྷའི་བརྒྱུད་པར་གྲགས་སོ།

རྙིང་མ།
ཕྱི་ལོ་༨༡༠ ལོར་ཨོ་རྒྱན་གྱི་སློབ་དཔོན་ཆེན་མོ་པདྨ་སམ་བྷ་ཝ Pathmasabawa བོད་དུ་བྱོན་ཏེ་བསམ་ཡས་མཆིམས་ཕུར་སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས་པའི་རྒྱུད་དང་སྒྲུབ་ཐབས་མང་དུ་བསྒྱུར། རྗེ་འབངས་ཉེར་ལྔ་སོགས་སྐལ་ལྡན་འདུས་པའི་ཚོམ་བུར་གསང་ཆེན་
རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བ་ལས་རིམ་གྱིས་བརྒྱུད་པ་ལ་གསང་སྔགས་རྙིང་མའི་གྲུབ་མཐའ་ཞེས་པའི་ལོ་རྒྱུས་བྱུང་ངོ་།

བཀའ་བརྒྱུད།
ཕྱི་ལོ་༡༠༡༢ ལོར་འཁྲུངས་པའི་མར་སྟོན་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ལན་གསུམ་བྱོན་ནས། པཎ་ཆེན་ནཱ་རོ་པ་དང་། མེ་ཏྲི་པ་སོགས་བླ་མ་དུ་མའི་ཞབས་ལ་གཏུགས། ཚད་ལྡན་གྱི་གཞུང་བཤད་བསྒྱུར་མཛད་དེ་རྗེ་བཙུན་མི་ལ་རས་པ་དང་མཉམ་མེད་དྭགས་པོ་ལྷ་རྗེ་སོགས་
ནས་བརྒྱུད་པ་ལ་བཀའ་བརྒྱུད་གྲུབ་མཐའ་ཞེས་པའི་ལོ་རྒྱུས་བྱུང་ངོ་། བཀའ་བརྒྱད་ལ་ནང་གསེས་དབྱེ་བ།  ༡ ༽ཀེམ་ཚངས་པ།  
༢༽ འབྲི་ཁུང་པ། ༣ ༽ སྟག་ལུང་པ།  ༤ ༽འབྲུག་པ་བཀའ་བརྒྱུད་ལ་སོགས་པ་ཆེ་བ་བཞི་དང་། ཆུང་བ་བརྒྱད་དུ་གྲགས་སོ།

ཐུའུ་གྲུབ་མཐའ་ལས།
བཀའ་བརྒྱུད་པ་ལ། མར་བའི་བརྒྱུད་འཛིན་དང་། ཁྱུང་པོའི་བརྒྱུད་འཛིན་གཉིས་བྱུང་བ་ལས། རྡོ་རྗེ་འཆང་ནས་ཏེ་ལོ་ནཱ་རོའི་བར་དུ་
བྱོན་པའི་བཀའ་བབས་ཀྱི་གདམས་པ་རྣམས་ལ་མར་བ་ལ་མངའ་བས། དེའི་ཆོས་བརྒྱུད་འཛིན་པ་རྣམས་ལ་བཀའ་བརྒྱུད་པ་ཞེས་ཟེར་རོ།

དགེ་ལྡན་པ།
སྤྱི་ལོ་ ༡༣༥༧ ལོར་འཁྲུངས་པའི་འཇམ་འགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་བཅོམ་ལྡན་འདས་ཀྱི་བཀའ་དང་དེའི་དགོངས་
འགྲེལ་བསྟན་བཅོས་ཚད་ལྡན་མང་པོ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྒྲོ་འདོགས་བཅད་དེ་གསུང་རབས་ཀྱི་ཟབ་དོན་འཁྲུལ་པ་མེད་པར་ལེགས་པར་འདོམས་པའི་བཀའ་ཁྲོལ། རྒྱལ་ཚབ་རྗེ་དང་། མཁས་གྲུབ་རྗེ་སོགས་ནས་བརྒྱུད་པ་ལ་རི་བོ་དགེ་ལྡན་པའི་གྲུབ་མཐའ་བྱུང་
ངོ་། དགའ་ལྡན་པ་ལ་ནང་གསེས་དབྱེ་བ་མེད། འོན་ཀྱང་། གདན་ས་གསུམ་ཡོད་པ་ནི། ༡ ༽སེར་ར། ༢ ༽ འབྲས་སྤུངས། 
༣ ༽དགའ་ལྡན།

བོན་པོ།
བོན་གཞུང་ལས། བསྐལ་བ་འདི་ལ་ཚེ་ལོ་དཔག་མེད་ནས་བཅུ་བའི་བར་དུ། སྟོན་པ་གཙོ་མཆོག་ཀུན་བཟང་ནང་ཐང་མ་མེ་སྒྲོན་གྱི་བར་བཅོ་བརྒྱད་འབྱུང་ཟེར་བས། དེའི་ནང་ཚན་ཆེ་ལོ་བརྒྱ་བའི་དུས་སུ་འབྱུང་བར་བཤད་པའི་གཤེན་རབ་ནི་ད་ལྟའི་བོན་གྱི་སྟོན་པ་ཡིན་ལ་ཞེས་པ་བཞིན་དེ་ནས་གཡུང་དྲུང་བོན་གྱི་གྲུབ་མཐའ་བྱུང་ངོ་།  བོན་པོ་ལ་ནང་གསེས། ༡ ༽བརྡོལ་བོན། ༢ ༽འཁྱར་བོན།  
༣ ༽བསྒྱུར་བོན།

ཇོ་ནང་པ།
ཐུའུ་བཀྭན་གྲུབ་མཐའ་ལས། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ། དོལ་བུ་བ་དེར་བཞུགས་ནས་གྲུབ་མཐའ་འདི་རྒྱ་ཆེར་སྤེལ་བས། 
དེ་ནས་བཟུང་བརྒྱུད་འཛིན་རྣམས་ལ་ཇོ་ནང་པ་ཞེས་གྲགས།
           
ཨང་།
ཆོས་བརྒྱུད།
སྲོལ་གཏོད་པ་པོའི་མཚན།
ཕྱི་ལོ།
སློབ་མ།
ས་སྐྱ།
འཁོན་དཀོན་ཅོག་རྒྱལ་པོ།
༡༠༣༤
ས་ཆེན་གོང་མ་རྣམ་ལྔ།
རྙིང་མ།
ཨོ་རྒྱན་པདྨ་སམ་བྷ་བའ་སློབ་དཔོན་པདྨ་འབྱུང་གནས།
༨༡༠
རྗེ་འབངས་ཉེར་ལྔ།
བཀའ་བརྒྱུད།
དི་པམ་ཀ་ར་བྷྲི་ཛཱ་ཤ
༡༠༣༩
ཞུ་རྔོག་འབྲོག་གསུམ།
དགེ་ལུགས།
འཇམ་མགོན་རྒྱལ་བ་ཙོང་ཁ་པ།
༡༣༥༧
རྒྱལ་ཚབ་སོགས།
བོན་པོ།
བོན་སྟོན་པ་གཤེན་རབ།


ཇོ་ནང་པ།
ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས།

སྲས་དྷརྨེ་ཤྭ་ལ་སོགས།
                            


དགེ་བཤེས་བྱམས་པ་དབང་ལྡན་གྱིས་སྤྱི་ལོ། ༢༠༡༥། ༤། ༢༤ པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགུང་གྲངས་༢༦ ལ་ཕེབས་པའི་འཁྲུངས་སྐར་ཉིན་བྲིས། 

No comments: