སྐུའི་འཁྲུངས་སྐར།
༈ མཚན་མཆོག་གསུམ་ལྡན་གྱི་རིགས་ལས་འཁྲུངས་པའི་རང་ཅག་རྣམས་ཀྱི་སྐྱབས་མཆོག་འཁོར་ལོའི་མགོན་པོ་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ།
སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ། ༧དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་ངག་དབང་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་བསྟན་འགྲོའི་མགོན་དུ་ཕེབས་ནས་ད་ལོར་དགུང་གྲངས༧༠ལ་ཕེབས་ཞིང་མགོན་པོ་གང་ཉིད་སྐུ་ཚེ་མཐའ་ཡས་ཀྱི་ངོ་བོར་བཞུགས་པའི་ཆེད་འཁྲུངས་སྐར་དུས་ཆེན་༼ ཉིས་སྟོང་བཅུ་བཞི་ཟླ་བ་དགུ་པའི་ཚེས་ཉེར་ལྔ
་༽ ཉིན་དུས་ཆེན་ཁྱད་པར་ཅན་དེ་དང་སྟབས་བསྟུན་ནས་འཛམ་གླིང་གང་ས་རུ་གནས་པའི་ནང་པ་ཡོངས་ཀྱིས་དགེ་བསྒྲུབ་སྡིག་སྤངས་ཀྱི་ལས་ལ་གང་ཐུབ་བྱེད་རྒྱུ་དང་སེམས་ཅན་ཚེ་ཐར་གཏང་བ་སོགས་རྣམ་དཀར་གྱི་ལས་ཅི་བྱས་ཐམས་ཅད་གང་གི་དགེ་བའི་རྩ་བ་དེ་དག་གི་མཐུ་ལ་བརྟེན་ནས་མགོན་པོ་གང་ཉིད་སྐུ་ཚེ་འཆི་མེད་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པའི་སྨོན་འདུན་གྲངས་མེད་ཞུ་བ་དང་མཛད་འཕྲིན་མཁའ་མཉམ་ལུས་ཅན་ཀུན་ལ་ཁྱབ་པའི་སྨོན་འདུན་ཡང་ཡང་གནང་རོགས་ཞུ།
དེ་ཡང་ཡོན་ཏན་གཞི་གྱུར་མ་ལས།
ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །
ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།།
ལེགས་པར་མཐོང་ནས་འབད་པ་དུས་མ་ཡིས།།
གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། ། ཅེས་དང་།
སྐྱེས་བ་ཀུན་ཏུ་ཡང་དག་བླ་མ་དང་།།
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།
ཅེས་གསུང་པ་བཞིན་བླ་མ་རྣམས་དང་ནམ་ཡང་མ་འབྲལ་ཤོག
No comments:
Post a Comment