ས་ག་ཟླ་བ།
 |
དགའ་ལྡན |
༈ ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་སྟེ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་སྐུ་བལྟམས་པ་དང་། མངོན་པ་རྫོགས་པ་སངས་རྒྱས་པ་དང་། སྐུ་ཞི་བར་གཤེགས་པའི་དུས་ཚིགས་ཁྱད་པར་ཅན་གསུམ་འཛོམས་ཉིན་མོར་མོན་གྷོ་པདྨ་ཚལ་སློབ་གཉེར་ཁང་གི་དགེ་སློབ་ཐུན་མོང་ནས་ཞོགས་པ་སྔར་ལང་ཐོག་བཀའ་འགྱུར་བརྒྱད་སྟོང་པ་དག་འདོན་
 |
དགའ་ལྡན་བྱང་རྩེ་གྲ་ཚང་། |
དང་། ཐེག་ཆེན་གསོ་སྦྱོང་ལེན་པ་དང་། བཟང་སྤྱོད་སྨོན་ལམ་སོགས་འདོན། དེ་ནས་རྣམ་དཀར་བསོད་ནམས་ཀྱི་ཞིང་མཆོག་གདན་ས་ཆེན་མོ་འབྲོག་རི་བོ་དགའ་ལྡན་རྣམ་པ་རྒྱལ་བའི་གླིང་དང་། དཔལ་ནཱ་ལེན་ཊ་གཉིས་པ་དཔལྡན་འབྲས་སྤུངས་དགོན་པ་དང་། བརྕེ་ཆེན་ས་སྐྱ་མདོ་སྔགས་གླིང་སོགས་སུ་མཆོད་མཇལ་འགྲོ་བཞིན་པ་དང་། ཡར་མཆོག་གསུམ་མཆོད་པ་དང་རང་བློ་གང་ལྕོགས་ཀྱིས་སློང་མོ་བ་དག་ལ་སྦྱིན་བ་བཏང་བ་སོགས་ཀྱི་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་དང་། དགོང་མོར་སློབ་གྲའི་དབུས་གཞུང་ནས་མར་མེ་སྟོང་མཆོད་དང་ཞལ་འདོན་སྐྱོར་བ། དགོང་བཅད་འདུག་པ་དང་སློབ་ཕྲུག་རེ་རེ་ནས་རྐྱང་ཕྱག་བརྒྱ་དང་བརྒྱད་རེ་འཚལ་རྒྱུ། གཞན་ཡང་སློབ་ཕྲུག་སོ་སོ་ངོས་ནས་དྭངས་བླངས་ཀྱིས་མཚན་ཕུད་ནས་ < སྒྲོལ་མ་> སྐྱོར་བ་སོགས་སྡིག་སྤང་དགེ་བསྒྲུབ་ལམ་ལ་ཞུགས་ཀྱིན་ཡོད། དགེ་བའི་འབྲས་བུ་བདེ་བ། མི་དགེ་བའི་འབྲས་བུ་སྡུག་བསྔལ། ཇི་སྐད་གསུང་པ་བཞིན་དུ་འབུམ་འགྱུར་ཟླ་བའི་
ནང་དུ་དགེ་བའི་བྱ་བ་ལ་འཇུག་པའོ།
No comments:
Post a Comment