བདག་གི་མིང་ལ་བྱམས་པ་དབང་ལྡན་དང་སྨྱུག་མིང་ལ་དར་སྐྱེས་རིག་ཡག
ས་མཐའི་ཁུ་བྱུག་འབོད།
བདག་ལ་ཆེས་རིན་ཐང་བྲལ་བའི་ལོ་རྒྱུས་ཅི་ཡང་བཤད་ཡ་མེད་ལ་ནག་ཉེས་ཆེ་བའི་ཁྲིམས་འགལ་རིགས་ཀྱང་གང་ཡང་གླེང་རྒྱུ་མེད།
རྒྱུན་དུ་གྲྭ་རྐྱང་དཀྱུས་མ་ཅིག ཆུང་བྱིས་པ་སྣ་ལུག་དང་ཁ་ལག་ཟ་ཤེས་ཙམ་ནས་བརྩེ་བའི་ཕ་མ་གཉིས་དང་བྲལ་ནས་མི་ཡུལ་དུ་ཁེར་རྐྱང་གི་གོམས་སྟབས་འཕྱོ། མི་ལོ་ཉེར་ལྔ་རིང་བཀའ་དྲིན་གསུམ་ལྡན་གྱི་དགེ་བའི་བཤེས་གཉེན་དང་ཆོས་གྲོགས་ཚོའི་དྲིན་ལས་ནང་དོན་རིག་པའི་གཞུང་ལ་སྦྱོང་པ་བྱས། ཞོལ་དུ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སློབ་གྲྭར་འགྲིམས་ནས་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རིག་པ། དབྱིན་ཇི། ཨང་རྩིས་དང་སྤྱི་ཚོགས་རིག་གནས། ཚན་རིག་བཅས་ལ་སྦྱོང་པ་ཅུང་ཟད་ཅིག་བྱས། དགའ་ཤོས་ནི་སྙན་དངགས་བྲི་རྒྱུ་དང་ལོ་རྒྱུས་ཀློག་ལ་དགའ།
རྩེད་མོ་རིགས་ལ་དགའ་བོ་ཡོད་ལ་ཁྱད་པར་རྩེད་འཚར་བཤད་རྒྱུ་ལ་ཤིན་ཏུ་དགའ།
དམིགས་ཡུལ་དང་ཁ་ཕྱོགས་ངེས་གཏན་གང་ཡང་མེད། མཐོ་འདོད་དང་ཆེ་འདོད་དེ་བས་མེད། མཐོ་བ་ལ་སྤྲེའུ་ལད་དང་དམན་པ་ལ་མཐོང་ཆུང་མ་བྱེད་པ་ནི་གུས་པའི་གཤིས་སུ་གྲུབ། ད་ཆ་མི་རིགས་ལ་སྨོན་པའི་ལས་ཀ་ཆུང་ཆུང་གཅིག་བྱེད་ཁུལ་ནས་ཡོད།
མ་འོངས་སློབ་མ་ཚོའི་མི་ཚེ་མདུན་ལམ་དང་མི་རིགས་ཀྱི་ཤུལ་འཛིན་པའི་སོན་རྩ་གཅིག་བཟོ་ཐུབ་ན་ཅི་མ་རུང་བསམ་ནས་ཉིན་མཚན་གཉིས་ཀ་དུས་ཚད་ཡོད་ཚད་དེར་གཏོང་ནས་ཡོད།
ད་ལོ་དགེ་བཤེས་ལས་ཐོག་པ་ཡིན།
མིང་སྐམ་གཅིག་འཁུར་འདོད་མེད་ཀྱང་སྤྱི་ཚོགས་དང་ཁོར་ཡུག་གི་དབང་གིས་ལས་ཐོགས་པའི་ལས་ཀ་སྒྲུབ་བཞིན་ཡོད།
ཁ་དྲོ།
No comments:
Post a Comment