༈
དེ་རིང་ནི་ཕྱི་ལོ་༢༠༡༤ ཟླ་བ་དགུ་པའི་ཚེས་༥ ཉིན་དགེ་རྒན་ཉིན་མོ་དེ་སྲུང་བརྩི་བྱེད་ཀྱི་ཡོད།
མཚན་ཉིད་རིག་པ་སྨྲ་བ་རྩོམ་པོ་གྲགས་ཅན་སྐུ་ཞབས་Radaha krishana མཆོག་གི་འཁྲུངས་སྐར་ཉིན་མོ་དེ་ཡིན་ལ་དམ་པ་ཁོང་གི་མི་ཚེ་བརྒྱུད་རིང་ཁྲོད་དུ་འབུར་དུ་ཐོན་པའི་བྱ་བ་རླབས་ཆེན་རི་བོ་ལས་དཔངས་མཐོ་བ་ཇི་སྙིད་ཀྱི་ཡོད་པའི་ནང་ནས་དགེ་རྒན་གྱི་ཕྱག་ལས་དེ་སྲིད་ན་རྙེད་པ་དཀའ་བའི་ནོར་བུ་བཞིན་རིན་བྲལ་ཕྱག་ལས་གཅིག་གནང་།
རྒྱལ་ཡོངས་མི་དམངས་ནས་དགའ་བསུ་ཆེན་པོ་ཐོབ། དེའི་ཕྱིར་དེ་རིང་གི་ཉིན་མོ་དེ་དམ་པ་ཁོང་གི་འཁྲུངས་སྐར་གྱི་ཉིན་མོར་རྒྱ་གར་རྒྱ་ཡོངས་ནས་བཀའ་དྲིན་རྗེས་དྲན་ཚུལ་དུ་དགེ་རྒན་གྱི་ཉིན་མོ་ཞེས་སྲུང་བརྩི་བྱེད་བཞིན་ཡོད།
གཤམ་དུ་སློབ་མ་རྣམས་ཀྱིས་དེ་རིང་སྤྲོད་པའི་ཤིས་ཤོག་དེ་འགོད་ཡོད་པས་དྲ་ཚིགས་གཟིགས་པོ་རྣམས་ཀྱི་ཐུགས་དགྱེས་ཚོར་ཡོང་སླད་ཕུལ་བ་ལགས་ན་དགྱེས་གཟིགས་གནང་རོགས། འདིའི་སྐོར་རྒྱས་པ་ཨིན་བོད་གཉིས་ནས་ཤེས་འདོད་ན་བདག་གི་དྲ་ཚིགས་ཀྱི་པར་རིས་གསར་འགྱུར་ནང་གཟིགས་པར་ཞུ། ཁ་དྲོ། བཀྲིས། ཛ་ཡནྟུ།
སློབ་མའི་འཚམས་འདྲི་ཁག

ཡང་། དགེ་རྒན་ལགས་ནས་ང་ཚོའི་མི་ཚེ་ནང་འོད་མདངས་ལྡན་པའི་སྒྲོན་མེ་གཅིག་སྤར་སོང་བས་བཀའ་དྲིན་ཆེ་ཞུ།
Gyela, you are the one who has enlighten our life with guiding us like a lamp , thank you all your supports,,
or i wish Happy teacher day and Buddha bless you,
i wish to express my deep appreciation for your heartfelt effort , i am so glad i have THE BEST TEACHER in the world,,,
Teacher, you are Great, you are the best, you re the one i respect here"s wishing you, Happiness and all the best in life's quest
thanks for being such a Great Teacher,
དགེ་རྒན་ཉིན་མོ་ལ་དགའ་དགའ་སྤྲོ་སྤྲོ་ཡོང་བ་ཤོག HAPPY TEACHER"S DAY
1 comment:
རྒྱལ་ཡོངས་དགེ་རྒན་ཡོད་དོ་ཅོག་ལ་འཚམས་འདྲི་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཁྱེད་རྣམ་པའི་སྐུ་ཚེ་བསྐལ་བརྒྱ་བརྟེན་ཅིང་གཞན་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཟུ།
Post a Comment