༸རྒྱལ་བ་དགུང་གྲངས་བརྒྱད་ཅུ་ཕེབས་པའི་འཁྲུངས་སྐར་བསུ།

རྟགས་དང་མཚན་མ། ལྷ་མོ་བླ་མཚོ་སོགས་སུ་ཇི་ལྟར་གཟིགས་པ་བཞིན་དོན་ལའང་དེ་ལྟར་གནས་གཤིས་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་ངོས་འཛིན་ཞུས།
ཕྱི་ལོ་༡༩༣༥ ལོ་དབུས་ཕྱོགས་སུ་ཞབས་ཀྱི་བཅགས། ཕྱི་ལོ་༡༩༤༠ ལོ་ཟླ་བ་༡་ཚེས་༡༤ ཉིན་བོད་ཀྱི་ཆོས་སྲིད་ཟུང་གི་ཐུགས་འགན་བཞེས།
དེ་དུས་དགུང་ལོ་༡༦ ཡིན། སྐུ་ན་ཧ་ཅང་ཕྲ་ཡང་བློ་སྟོབས་ཆེན་པའི་འགན་བཞེས་མཛད། དེ་དུས་བོད་ནང་དུ་ཆབ་སྲིད་ཀྱི་དཀའ་ངལ་ཧ་ཅང་ཛ་དྲག་ཅན་གཅིག་ཏུ་གནས་ཡོད།
མཐར་ཕྱི་ལོ ༡༩༥༩ ཟླ་བ་༣ ཚེས་༡༠ ཉིན་བོད་ས་ཡོངས་སུ་རྫོགས་པ་རྒྱ་དམག་གིས་བཙན་འཕྲོག་དང་མི་བསད་དགོན་གཏོར།
ལུང་པ་བང་རོ་དང་ཁྲག་གི་རྒྱ་མཚོ་འཁྱིལ་བ་བྱས་རྐྱེན་གང་ཉིད་མི་ཡུལ་རྒྱ་གར་ཡུལ་དུ་བྲོས་བྱོལ་ལམ་སྐྱབས་བཅོལ་དུ་ཕེབས།
ལོ་རྒྱུས་སོགས་སུ་མི་གསལ་ཡང་ངག་རྒྱུན་དུ། ༼ རྒྱལ་བ་ཡབ་སྲས་ཕྱི་ལོ་༡༩༥༦ སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་མི་ལོ་༡༥༠༠
འཁོར་བའི་དྲན་གསོ་ཕེབས་དུས་རྒྱ་གར་གྱི་སྲིད་བློན་ནེཧརུ་མཇལ་ནས་རྗེས་སུ་ང་འཁོར་དང་བཅས་པ་སྐྱབས་བཅོལ་ལ་ཡོང་དགོས་བྱུང་ན་དགོངས་བཞེས་གནང་རོགས་ཞེས་ཞུ་
༽རྒྱ་གར་གྱི་སྲིད་བློན་གྱིས་མཐུན་འགྱུར་གང་ལེགས་གནང་། མགོན་པོ་གང་ཉིད་ནས་མ་འོངས་ཕུག་རྒྱང་རིང་པོ་གཟིགས་ནས་མ་སུ་རིར་སློབ་གྲྭ་ཐོག་མ་འཛུགས།
༡༩༦༢ ལོ་ཟླ་བ་༩ ཚེས་༢ ཉིན་བཙན་བྱོལ་དུ་མང་གཙོ་གཞུང་བཙུགས། ༡༩༨༧ ལོ་འཛམ་གླིང་ལ་སྐད་གྲགས་ཅན་གྱི་
༼ ནོར་ཝེལ་ཞི་བདེ་གཟེངས་རྟགས ༽ བཞེས།
༢༠༠༧ ཟླ་བ་༡༠ ཚེས་༧ ཉིན་ཨ་རིས་གྲོས་ཚོགས་ནས་འཛམ་གླིང་ནང་ཆེས་གཟེངས་བསྟོད་གསེར་གྱི་རྟགས་མ་བཞེས།
དེ་དང་དེ་ལ་སོགས་གཟེངས་གྲངས་གྱི་མི་ལོངས། ༢༠༠༡ ནས་མགོན་པོ་གང་ཉིད་ཀྱི་ཆབ་སྲིད་ཐུགས་འགན་མི་མང་རང་ལ་རྩིས་སྤྲོད་ནས་མི་མང་ནས་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཆབ་སྲིད་འགོ་འཁྲིད་དམ་སྲིད་སྐྱོང་ལ་འདམས་བསྐོ་བྱེད་ཀྱིན་ཡོད།
དེ་ནི་ཆེས་བླ་ན་མེད་པའི་གཟི་དཔལ་གཅིག་ཏུ་འཁུམས་སོ།
ད་ལྟའི་ཆར་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་གཅིག་བསྐྲུན་རྒྱུའི་ཐུགས་འགན་བཞེས་ནས་དུས་དྲུག་དཀའ་ངལ་འཛེམས་མེད་ངང་འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་ཞབས་ཀྱི་བཅག་ནས་གསུང་གི་བདུད་རྩི་བསྩལ་གནང་གི་ཡོད།
དེས་ན་ང་ཚོའི་མགོན་པོ་གང་ཉིད་ཀྱི་ཅི་གསུང་བཀའ་བཞིན་སྒྲུབ་ན་དེ་ནི་མཆོད་པ་ལེགས་ཤོས་གཅིག་ཏུ་རེད།
དེ་ཡང་། བཀའ་བཞིན་སྒྲུབ་པའི་མཆོད་པའི་རབ་མཉེས་པས།། ཞེས་གསུང་པ་ལྟར་བཀའ་བཞིན་སྒྲུབ་རྒྱུ་ནི་བོད་མི་ངོ་རེ་ནས་གཉའ་ལ་བབས་པའི་འགན་གཅིག་རེད།
དེ་འདྲ་སོང་ཙམ། མི་ངོ་རེ་རེས་ནས་གང་གི་ཐུགས་རེ་བཞིན་སྒྲུབ་རྒྱུ་ནི་གལ་ཆེ་པོ་རེད། གང་གི་ཐུགས་མདུན་བཞིན་སྒྲུབ་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ
དེས་ན། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱ་བར་དུ་བརྟན་པ་པ་དང་བཞུགས་གནང་གི་ཡོད། གང་ཉིད་གདུལ་བྱའི་དོན་དུ་བཞུགས་མ་བཞུགས་ནི་གདུལ་བྱའི་བསོད་ནམས་དང་གདུལ་བྱའི་མགོན་པོ་གང་ཉིད་ཀྱི་བཀའ་དགོངས་བསྒྲུབ་རྒྱུ་དེ་ཉག་གཅིག་རེད།
དེ་འདྲ་སོང་ཙམ། མཐའ་དོན་བཀའ་བཞིན་བསྒྲུབ་རོགས་གནོངས་ཞེས་འབོད་བསྐུལ་སྙིང་ནས་ཞུ། ལྷོ་མཐར་ཉུལ་བའི་ཆོས་ནོར་གཉིས་མེད་དགེ་བཤེས་མིང་ཙམ་འཛིན་པ་བྱམས་པ་དབང་ལྡན་དང་བརྡ་སྤྲོད་ཀུན་སྤྱོད་ཀྱི་མིང་ས་མཐའི་ཁུ་བྱུག་གིས་ཕྱི་ལོ༢༠༡༥
ཟླ་བ་༧ ཚེས་༤ ཉིན་སོར་མོ་འདུ་བྱེད་བགྱིས།
No comments:
Post a Comment