Wednesday, July 29, 2015

རིག་གནས་སྤྱི་བཤད།

མཁས་དབང་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་མཆོག
༈ རིག་གནས་གླེང་སྟེགས་ནང་ཡོད་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་གི་ཡོད། གོང་ལ་ཚོགས་གཙོ་ས་མཐའི་ཁུ་བྱུག་ལགས་ཀྱིས་རེ་སྐུལ་ཞུ་བ་ནང་བཞིན་འདི་ནང་ལ་༼ བོད་ཀྱི་རིག་གནས་སྤྱིའི་བཤད ༽ སྐོར་མདོར་བསྡུས་ཅིག་ཞུ་ཆོག་པ་གྱིས། དངོས་ནས་བྱེད་ན་དེ་རིང་སྔོན་ལ་ཞུ་དགོས་ཀྱི་ཡོད་ས་རེད་དེ། དེ་རིང་འདིར་གདན་སའི་དགེ་བཤེས་ཁག་དང་རིས་མེད་བཀའ་བརྒྱུད། རྙིང་མ། ས་སྐྱ་ཁག་གི་མཁན་པོ་དང་སློབ་དཔོན་སོགས་མི་སྣ་ཉི་ཤུ་སུམ་ཅུ་ལྷག་འདིར་ཉམས་ཞིབ་ཟབ་སྦྱོང་ལ་སླེབས་བསྡད་ཡོད་རེད། དེའི་ནང་ནས་རྩོམ་རིག་ཉམས་ཞིབ་ཀྱི་ཟབ་སྦྱོང་དེ་ངས་སྤྲོད་ཀྱིན་ཡོད་པའི་ཁུལ་རེད། དེའི་ཆེད་དུ་གྲ་སྒྲིག་བཟོ་ཡ་མ་བྱུང་བ་སོང་། དེ་འདྲ་སོང་ཙང་། དེ་གྲ་སྒྲིག་ད་ནངས་ནས་བཟོ་པ་ཡིན། ཉིན་དགུང་ཆུ་ཚོད་གཉིས་པ་གསུམ་པ་ལ་ཚར་འགྲོ་གི་ཡོད་རེད། ད་ལྷོད་ལྷོད་རེད་སོང་། ད་བོད་ཀྱི་རིག་གནས་སྤྱིའི་བཤད་དེ་གང་དྲན་པ་མདོར་བསྡུས་ཅིག་ཞུ་ཆོག་པ་གྱིས་ཅེས་ཞུ་གི་ཡོད།



དགོངས་དག་wechatནང་group་སྟོང་ཕྲག་ལས་བརྒལ་ཚར་འདུག ཁ་པར་ལམ་སང་ཚར་བོ་ཆགས་ཀྱིན་འདུག དེ་འདྲ་སོང་ཙང་།མགྱོགས་པོ་འགྲོ་ཡི་མིན་འདུག སྐར་མ་ལྔའི་ནང་དུ་ཚར་བར་ཞུ་ཆོག་པ་ཞུ།
རྣམ་པ་ཚོ་དགོངས་དག་ཞུ་གི་ཡིན།  group མང་པོ་བའི་རྐྱེན་གྱི་གང་འགྲོ་མ་བཤད་ན་རྗེས་སུ་འཚང་ཀ་བྱེད་ནས་འགག་འགྲོ་གི་འདུག ད་འགོ་འཛུགས་པ་གྱིས།
རིག་གནས་སྤྱིའི་བཤད། རིག་གནས་ཟེར་བའི་གོ་དོན་སྔོན་དུ་ཞུ་ཆོག་པ་གྱིས། རིག་གནས་ཟེར་བ་དེ་བོད་ཡིག་ཐོག་༼རིག༽ ༼གནས་༽<རིག་གནས་ཅེས་པའི་ཚིག་གཉིས་དེ་ལྗགས་ཀློག་གནང་ཡོད>།ཟེར་བྲིས་དུས། བོད་པའི་འགྲེལ་བཤད་བརྒྱབ་སྟངས་བྱེད་ནས་སྟབས་བདེ་བོ་རེད་བརྒྱབ་ཐུབ་ཀྱིན་འདུག  རིག་ཟེར་ན་གསལ་ཞིང་རིག་པ་ཤེས་པ་ཡི་མིང་རེད། གནས་ཟེར་ན་ཡོད་པ་དང་ཡུལ་ལ་ཟེར་བ་ཀྱིན་ཡོད་རེད། བྱས་ཙང་། གསལ་ཤིང་རིག་པའི་ཤེས་པའི་ཡུལ་ཅན་རེད། དེའི་ཡུལ་དུ་ཡོད་པའི་ཤེས་བྱ་ཡོངས་སུ་རྫོགས་པ་ལ་གནས་ཟེར་ཀྱིན་ཡོད་རེད། མདོར་བསྡུས་ན་ཤེས་བྱ་དང་རིག་གནས་གཉིས་དོན་གཅིག་རེད་ལབ་ན་བོད་པའི་ཐ་སྙད་དང་བར་ཐག་ཉེ་བོ་དང་འགྲེལ་བཤད་བརྒྱབ་བདེ་བོ་གཅིག་ཆགས་ཀྱིན་འདུག་ལ་དོན་ལའང་ཏག་ཏག་གནས་ཀྱིན་ཡོད་བསམ་གི་ཡོད། ཡིན་ན་ཡང་། རིག་གནས་ཅེས་པའི་ཐ་སྙད་དེ་འཛམ་གླིང་ཤར་ཕྱོགས་ནུབ་ཕྱོགས་གཉིས་ཀའི་ནང་ལོག་ལ་ལོ་ངོ་སྟོང་ཕྲག་སྔོན་ནས་བྱུང་བཞག་བ་ཡིན་པ་མ་གཏོགས་ཤར་ཕྱོགས་པའི་ནུབ་ཕྱོགས་དཔེ་ལེན་པ་དང་ནུབ་ཕྱོགས་པའི་ཤར་ཕྱོགས་ལ་དཔེ་ལེན་པ་དེ་འདྲ་རེད་མི་འདུག ང་ཚོ་ཤར་ཕྱོགས་པའི་རིག་པའི་གཞུང་ལུགས་ཡོངས་རྫོགས་ཁུངས་གཏུགས་ས་རྒྱ་གར་རེད། རྒྱ་གར་ལེགས་སྦྱར་༼ སྃ་སྐྲྀ་ཏ ༽སྐད་རེད།  ལེགས་སྦྱར་སྐད་ཐོག་སྃསྐྲྀཏ་ལབ་ཀྱི་ཡོད་རེད། བོད་སྐད་ཐོག་ཀློག་དུས་སམ་ཏྲི་ཏ་ལབ་སྡོད་ཀྱི་དེ་རེད། སྔོན་གྱི་ལོ་ཙཱ་བ་དག་གི་བོད་སྐད་ཐོག་བསྒྱུར་དུས་༼ རིག་གནས ༽་ཞེས་བསྒྱུར་ཡོད། སྃ་སྐྲྀ་ཏ་ཟེར་ན། བོད་པ་རང་གི་ཀློག་དུས་སམ་ཏྲི་ཏ་ཅེས་ལབ་ཀྱིན་ཡོད། དེའི་ཚིག་དེ་འགྲེལ་བརྗོད་ན་བྱེད་ན་ཆ་རྐྱེན་གསུམ་འདྲ་ཞིག་ངོས་འཛིན་བྱེད་ཀྱིན་ཡོད་ས་རེད།
༡༽ ཆ་རྐྱེན་དང་པོ་དེ་སྐྱེས་བུ་དམ་པའི་དགོངས་པ་ཡིན་པ་བྱས། ༢༽ ཆ་རྐྱེན་གཉིས་པ་དེ་ཡང་དག་པའི་ལམ་སྲོལ། ༣༽ ཆ་རྐྱེན་གསུམ་པ་དེ་ལ་ནམ་ཡང་འགྱུར་བ་གཏོང་དུ་མི་རུང་བའི་ལུགས་སྲོལ་ལམ་གོམས་སྲོལ། དེ་འདྲ་ཆ་རྐྱེན་གསུམ་དང་ལྡན་པ་ཅིག་ལ་རིག་གནས་ལབ་ཀྱིན་ཡོད་ས་རེད། དེ་ལ་བརྟེན་བྱས་ནས་རྒྱ་གར་གྱི་ལུགས་བྱེད་ནས་༼ སྃསྐྲྀཏ ༽རིག་གནས་དང་སྲོལ་རྒྱུན་གོ་འགྲོ་གི་ཡོད་ས་རེད།
སྲོལ་རྒྱུན་དེ་ལའང་ད་སྟེ་ཞུ་བ་བཞིན། ཁྱད་ཆོས་གསུམ་རྩིས་བྱས། སྐྱེས་བུ་དམ་པའི་དགོངས་པ་ཡིན་པ་དང་གཅིག་བྱས། ཕན་པའི་རང་བཞིན་ཅན་དང་གཉིས། ནམ་ཡང་འགྱུར་བ་གཏོང་དུ་མི་རུང་བའི་ཡིན་པ་དང་གསུམ་བྱས་ནས་ཁྱད་ཆོས་གསུམ་དང་ལྡན་པའི་དེ་འདྲ་གཅིག་ལ་སྲོལ་རྒྱུན་ལབ་ཀྱིན་ཡོད་ས་རེད། རིག་གནས་ལབ་ཀྱི་ཡོད་ལ་རིག་གཞུང་ལབ་ཀྱིན་ཡོད་ས་རེད། དེ་སྟོན་པའི་གཞུང་ལུགས་ལ་རིག་གཞུང་ལབ་ཀྱིན་ཡོད། དེ་སྟོན་པའི་གཞུང་ལུགས་དང་སྟོན་རྒྱུའི་དོན་དག་གཉིས་མིང་ཐུན་མོང་བཏགས་འོང་དུས་རིག་གནས་དང་རིག་གཞུང་ཞེས་ལབ་ཀྱིན་ཡོད།
བྱས་ཙང་། དེ་ལ་བརྟེན་ནས། ཟམ་གདོང་མཱ་ཧ་པཎྚི་ཏ་ཆེན་པོས༼་སམ་སྐྲི་ཏ༽རིག་གནས་མི་བསྒྱུར་བ་རིག་གཞུང་ལ་མི་བསྒྱུར་བ་ལེགས་བྱང་བསྒྱུར་བསྡད་ཡའི་རྒྱུ་མཚན་དེ་གཅིག་ན་སྐྱེས་བུ་དམ་པའི་དགོངས་པ་ཡིན་ཙང་ལེགས་པ་འབའ་ཞིག་ཡིན་པ་དང་། དེ་ཡང་འབད་རྩོལ་བྱས་ནས་སྒྲུབ་བཞག་པ་མ་ཡིན་པ་རང་བཞིན་གྱི་མི་རིགས་དེ་ལ་ལྷན་སྐྱེས་སུ་འཇག་བསྡད་པ་ཡིན་ཙ་ན་བྱང་བ། དེའི་ཕྱིར། ལེགས་བྱང་ཞེས་པའི་ཐ་སྙད་དེ་སྦྱར་གྱི་ཡོད།
ང་ཚོ་བོད་པ་རང་གི་བསམ་པའི་ནང་གི་བྱས་ན་སྲོལ་རྒྱུན་ཟེར་བའི་སྲོལ་དེ་ཕ་མེས་ཡང་མེས་ནས་སྐབས་ནས་ཡོད་བསྡད་མཁན་གྱི་ལུགས་སྲོལ་གཅིག་ལ་སྲོལ་དང་རྒྱུན་ལབ་ཡ་དེ་བཀག་འགོག་མ་ཐུབ་ནས་བུ་རབས་ཚ་རྒྱུད་བར་གནས་སྡོད་གཅིག་ལ་རྒྱུན་ཟེར་གྱི་ཡོད། དེ་འདྲ་གནས་སྡོད་ཡའི་སྲོལ་རྒྱུན་ལ་ཡང་དག་པའི་སྲོལ་རྒྱུན་གཅིག་དང་ཡང་དག་མ་ཡིན་པའི་སྲོལ་རྒྱུན་གྱི་རིགས་གཉིས་སུ་ཕྱེ་ནས། དཔེར་ན་ཆ་བཞག་ན། ཁམས་ལུང་པ་ནང་དུ་མི་གསོད། རྟ་རྐུན། མིའི་བྲང་ཁོག་ལ་གྲི་བཙུགས། རྐུན་མ་བརྒྱབ། ཇག་པ་བརྒྱབ། མ་ཕུང་བཤད།  ཁྲམ་པ་བཤད།  དེ་འདྲའི་ལུགས་སྲོལ་དེ་ཕ་མེས་ཡང་མེས་སྐབས་ནས་ཡོད་བསྡད་པ་ཞིག་ལ། ད་ཉེ་ལམ་བར་བུ་རབས་ཚ་རྒྱུད་བར་གནས་བསྡད་ཡིན་ཙང་། བོད་པའི་ལོ་རྒྱུས་རྒྱུན་རིང་དང་འདྲེན་ནས་མི་རིགས་གཅིག་ལ་རང་བཞིན་ལྷན་སྐྱེས་ཀྱི་འཇག་བསྡད་པ་ཡི་སྲོལ་རྒྱུན་ཆགས་བསྡདཡོད་རེད། དེ་འདྲ་སྲོལ་རྒྱུན་དེ་ཡང་དག་པའ་སྲོལ་རྒྱུན་ཞིག་མ་རེད།
ཡང་དཔེ་ཆ་བཞག་ན་མི་ཤི་ཚར་དུས་མགོ་གཅོད། རྐང་པ་གཅོད། ལག་པ་གཅོད། ཐོ་བས་རྡུང་། སྟ་རེས་གཤགས། རོ་བྱ་རྒོད་བཟོ་སྡོད་པ་དེ་འདྲའི་རིགས་མི་རིགས་གཞན་གྱི་བལྟས་ན་ཧ་ཀྱང་སྡིག་རྩུབ་ཚ་བོ་དང་། ཞེན་སྣང་ཚ་བོ་དང་། ཀླ་ཀློ་ཡི་བྱ་སྤྱོད་ཞེ་བོ་གཅིག་གཟིགས་ཀྱིན་ཡོད་རེད། དེ་འདྲ་ང་ཚོའི་བོད་ཀྱི་ལོ་རྒྱུས་དང་རྒྱུན་རིང་གི་ཐོག་ནས་བཤད་ན་ཕ་མེས་ཡང་མེས་ནས་བོད་པའི་ལུགས་སྲོལ་ནང་ཡོད་བསྡད་པ་མཁན་གཅིག་དང་། བུ་རབས་ཚ་རྒྱུད་བར་རིམ་པ་བཞིན་འཇག་བསྡད་པ་ཡིན་ཙང་སྲོལ་རྒྱུན་རེད། དེ་འདྲའི་སྲོལ་རྒྱུན་རིགས་ཁ་ཤས་གཅིག་མི་རིགས་གཞན་ལ་མཐོང་སྣང་ལ་མཛེས་པོ་མེད་པ་དང་། སྲོལ་རྒྱུན་རིགས་ཁ་ཤས་མི་རིགས་ཀྱི་མཐོང་ལ་མཛེས་པོ་ཡོད་མེད་ལ་མ་ལྟོས་པ་རང་བཞི་ལྷན་སྐྱེས་ཀྱི་ངང་ནས་མཐའ་གཅིག་ཏུ་རྒྱལ་ཁབ་མི་རིགས་ཡིན་ནའང་སྤང་བྱའི་རིགས་སུ་གནས་དགོས་པ་དཔེར་ན་མི་གསོད། རྟ་དྲེལ། ཇག་བརྒྱབ། དེ་འདྲ་རིགས་བོད་པའི་ངོས་ནས་བཤད་ནས་སྲོལ་རྒྱུན་ལབ་དགོས་ཀྱི་ཡོད་རེད།
དེ་ག་ནང་བཞིན་གྱི་གོས་ལོག་གོན་སྟངས། ཁ་ལག་ཟ་སྟངས། མི་ཤི་དུས་སྐབས་སུ་མྱ་ངན་བྱས་སྟངས། རྟེན་འབྲེལ་གཉེན་སྒྲིག་གི་མཛད་སྒོ་སྐབས་སུ་བྱེད་སྒོ་རྣམ་གསུམ་སྤེལ་ཡ་དང་། ལོ་གསར་དང་དུས་དྲན་སྐབས་སུ་རྟེནའབྲེལ་མཛད་སྒོ་གནང་ཡ་ལ་སོགས་པ། མི་རིགས་གཅིག་གི་ཕ་ཚ་བུ་རྒྱུད་ནས་ལུགས་སྲོལ་ཆགས་སྡོད་པ་དང་རྒྱུན་འཇགས་པ་དེ་དག་སྲོལ་རྒྱུན་རེད། བྱས་ཙང་། སྲོལ་རྒྱུན་ཟེར་མཁན་དེ་དེ་རིང་ཁ་རྩངས་རིག་གཞུང་ཞེས་ལབ་ཀྱི་ཡོད་རེད། དངོས་གནས་བྱེད་ནས་རིག་གཞུང་སེ་གལ་མ་རེད། རྒྱ་གར་གྱི་སྐད་ཐོག་ནས་ཞུས་ན་༼སྃསྐྲྀཏ ༽ཅེས་ཞུ་གི་ཡོད་རེད། བོད་པའི་སྒྲ་མ་དག་པ་ཀློག་དུས། ༼ ས་ཏྲི་ཏ ༽་ཅེས་ཀློག་སྡོད་ཡ་དེ་རེད།

རྒྱ་གར་རང་གིས་འགྲེལ་བཤད་བརྒྱབ་སྟངས་ཀྱི་ཐོག་ནས་བཤད་ན། སྲོལ་རྒྱུན་ཟེར་ལབ་དུས། བོད་པའི་བཤད་ཡ་འི་སྲོལ་རྒྱུན་དེ་ལས་ཕར་གུ་དོག་པ་དང་ཁྱབ་ཆུང་རུ་བཏང་ནས་ཡང་དག་པའི་སྲོལ་རྒྱུན་ལབ་ནས། སྐྱེ་བུ་དམ་པའི་དགོངས་པ་ཡིན་པ་མ་གཏོགས། སོ་སྐྱེ་ཕལ་བའི་བྱེད་སྒོ་རྣམ་གསུམ་རྒྱུན་འཇགས་ཡིན་པ་སོང་བ་དེ་འདྲ་རིགས་མ་ཡིན་པ། རྣམ་པ་ཀུན་དུ་ཕན་པའི་རང་བཞིན་ཡིན་པ་མ་གཏོགས། མི་གསོད། རྟ་སྒྲེལ་བྱེད་པ་དེ་འདྲ་རིགས་སྲོལ་རྒྱུན་གྲལ་ལ་བཞག་གི་ཡོད་ས་མ་རེད། དེས་ན་རྣམ་པ་ཀུན་དུ་གཏོང་མི་འོས་པ་ངེས་པ་དུ་བྱེད་དགོས་ཡ་ང་ཚོ་བོད་པའི་འདོད་པ་དང་སྲོལ་རྒྱུན་འགའ་ཤས་གཏོང་དགོས་དང་བྱེད་དགོས་རིགས་ཡོད་རེད། དེ་དག་ང་ཚོ་གསལ་བཤད་དང་ནོན་བཤད་འདྲ་བྱེད་ན་སྲོལ་རྒྱུན་ལ་ཡང་དག་པའི་སྲོལ་རྒྱུན་དང་ཡང་མ་དག་པའི་སྲོལ་རྒྱུན་ཞེས་གཉིས་སུ་ཕྱེ་བའི། ཡང་དག་པའི་སྲོལ་རྒྱུན་ལབ་ན་ཁྱད་ཆོས་གསུམ་ལྡན་ཚང་དགོས་ཡིན་ས་རེད། མདོར་བསྡུས་ན་སྲོལ་རྒྱུན་ལབ་ཡ་དང་རིག་གནས་དང་རིག་གཞུང་ཟེར་བ་དེ་དག་གོ་དོན་གཅིག་པ་ཆགས་སྡོད་ཡོད་རེད།

འོ་ཁུངས་ཕར་གཏུགས་ན་རྒྱ་གར་འཕགས་པའི་ཡུལ་གྱི་སྃསྐྲྀཏ་ང་ཚོས་ལབ་སྡོད་དེ་ཆགས་བསྡད་ཡོད་རེད། ང་ཚོའི་ཁུངས་གཏུགས་ས་དེ་རེད། བྱས་ཙང་།དེ་ནས་ཁུངས་གཏུགས་ནས་བྱུང་མཁན་རྒྱལ་ཁབ་སྦལ་མ། Burma, ༼སིངྒ་གླིང་།༽ཤིང་རི་ལང་ཀ Sirlanka, ཨིན་གྲོ་ནེ་ཤི་ཡ། Indonesia ཐཱའི་ཝན། Thailand, བལ་ཡུལ། Nepal,  སོགས་པ་མང་པོ་ཞིག་རིག་གཞུང་དང་སྐད་ཡིག་དང་གོམས་སྲོལ་མང་པོ་གཅིག་ཁུངས་གཏུགས་ས་ལུང་འདྲེན་ས་ཡོད་ན་མེད་ན་རྒྱ་གར་ཆགས་སྡོད་ཡོད་རེད། དེའི་ཕྱིས་ནང་པའི་ལྟ་གྲུབ་གཞི་བཟུང་བྱེན་མཁན་གྱི་ཨེ་ཤ་ཡའི༼ Asia ༽རྒྱ་གར་མང་པོ་གཅིག་གིས་ཆོས་ཙམ་དུ་མ་ཟད། རིག་གཞུང་ཡང་རྒྱ་གར་ལ་ཁུངས་ག་ཚད་གཏུགས་ཐུབ་ཐུབ་དང་རྒྱུན་རིང་དང་འབྲེལ་ནས་ཁུངས་གཏུགས་ཀྱི་ཡོད། དཔེར་ན། ཨིན་གྲོ་ནེ་ཤི་ཡ། རིག་གཞུང་གི་མིང་ལ Dharmaya རྡ་མ་ཡ་བཏགས་བཞག་ཡོད་རེད།
རྡ་མ་ཡ་Dharmaya ཟེར་དུས་སམ་སྐྲི་ཏ་ལེགས་སྦྱར་གྱི་སྐད་རེད། Dharmaya ཟེར་བ་དེ་ཆོས་ལབ་ཀྱིན་ཡོད་རེད། བྱས་ཙང་། ཁོང་ཚོའི་རྒྱལ་ཁབ་ཁོང་རང་ནང་པའི་རྒྱལ་ཁབ་ཆགས་འགྲོ་དུས་ཆོས་དང་རིག་གཞུང་གཉིས་ངོ་བོ་གཞན་དུ་ཕྱེ་རྒྱུ་མེད་པར་མི་རིགས་དེའི་རིག་གཞུང་ཁོང་རང་ཆོས་ལུགས་ཀྱི་ངོ་བོ་ནང་དུ་འཛུལ། ཆོས་ལུགས་རིག་གཞུང་ངོ་བོ་ལ་གནས་པ་སོང་ཙང་། རིག་གཞུང་གི་མིང་Dharmaya་ཟེར་ནས་བཏགས་ཀྱིན་ཡོད་རེད། དེ་དག་ཨེ་ཤ་ཡ་༼ Asia ༽རིག་གནས་གོ་དོན་ཞིབ་ཚགས་བྱེད་ནས་བཤད་ན་དེ་འདྲ་གཅིག་ཡིན་ས་རེད།
དེ་ནི་ནུབ་ཕྱོགས་པའི་ནང་ལོག་ལ་རིག་གཞུང་ཐ་སྙད་དེ་ཐོག་དང་པོ་Gracss ནས་བྱུང་བ་རེད།  གྷི་རི་སི་ནང་ལ་རིག་གཞུང་གི་མིང་ལ་ཀོ་ཀྲོ་ཡ་korteya ཟེར་བ་གཅིག་ལབ་ཀྱིན་འདུག དེ་ནི་རིམ་པ་བཞིན་དུ་གྷི་རི་སི་རྒྱལ་ཁབ་སྟོབས་འབྱོར་རིག་གཞུང་ཉམས་ཆགས་འགྲོ་བའི་རྒྱུན་རིང་གི་ཁྲོད་དུ། ཁོ་རང་ཚོའི་སྐད་ཐོག་ཡོད་པའི་རིག་གཞུང་དེ་དག་ཨ་ར་སྦིའི་Arabian སྐད་ཐོག་ལ་བསྒྱུར། དེ་ལ་ཏིའི་ lathin སྐད་ནང་དུ་བསྒྱུར། ལ་ཏི་ lothin སྐད་ནང་བསྒྱུར་བའི་རྗེས་ལ་ལོ་ངོ་སྟོང་ཕྲག་མང་པོ་གནས་ནས་སྡོད་བ་རེད། དེ་འདྲ་གནས་ནས་སྡོད་པའི་སྐབས་སུ་རིག་གཞུང་གི་མིང་། ཀ་ཅི་ལི་culchal དུ་བསྒྱུར། དེ་དབྱིན་ཇི་སྐད་དང་འདྲ་བོ་རེད། དེའི་རྗེས་ལ་ད་རིང་ཁ་རྩངས་ནུབ་ཕྱོགས་པ་ཚོས་དབྱིན་ཇི་སྐད་ཐོག་ ཀ་ཅི་ལི། cultural ཟེར་ཡ་དེ་རེད། དབྱིན་ཇི་སྐད་ཐོག་cultrual ཟེར་བ་དེ་དང་། ཕིན་ར་སི། france , ཀེར་ཆལ། cultural ཟེར་བ་བཟོ་འདྲ་བོ་དང་། Germanyརེད། དེ་ག་ནང་བཞིན་ནུབ་ཕྱོགས་པ། Remon རེད། 
ཁོང་ཚོ་ལ་ཏི་lathin ཡི་གེ་ལས་མར་ཆད་འོང་ཞོག་གི་ནུབ་ཕྱོགས་པའི་རྒྱལ་ཁབ་མི་རིགས་ཡོངས་རྫོགས་ཀྱི་སྐད་ཀྱི་གདངས་ཏོག་ཙམ་མི་འདྲ་བ་དང་ཡིག་འབྲུ་གཅིག་གཉིས་མི་འདྲ་བ་ཙམ་ལས་མ་གཏོགས་ཡིག་གཟུགས་ཀྱི་ཆ་ནས་ཀེར་ཅལ། cultural,ཟེར་བ་དེ་འདྲ་བོ་འདྲ་བོ་སླེབས་སྡོད་ཡོད་རེད། དེ་དག་ང་ཚོའི་ལོ་རྒྱུས་རྒྱབ་གཤིབ་བརྒྱབ་ནས་བལྟས་པ་ཡིན་ན། རིག་གནས་ཟེར་བ་དེ་གྷི་རི་སི་Grecs ཐ་སྙད་མར་ཆད་ནས། དེ་རྗེས་སུ་ལ་ཏི་lathin ནང་བྱུང་། ལ་ཏི་lathin ཀྱི་སྐད་ཡིག་ནས་རོ་མེ་Remon དང་ཕིན་རན་སི་france སྐད་ཡིག་ཐོག་བྱུང་། དེ་ག་ནང་བཞིན་རྗལ་མི་ནི་Germany རེད། སི་པན་ནི་སི། spainish རེད། དབྱིན་ཡིག་ལ་སོགས་པའི་སྐད་ཡིག་འདྲ་མི་འདྲ་བྱུང་།  སྐད་ཡིག་དེ་ཚོ་རང་རང་སོ་སོའི་ལུགས་ལ་ཡི་གེ་དེ་དག་ཡིག་གཟུགས་དང་སྒྲ་གདངས་ཆུང་ངུ་མི་འདྲ་བ་ཙམ་ལས་དོན་དུ་རིག་གཞུང་གོ་དོན་དང་རིག་གཞུང་གི་ངོ་སྤྲོད་དང་ཁྱབ་ཆེ་ཆུང་ཚང་མ་གཅིག་པ་གཅིག་རྐྱང་བྱེད་ནས་འགྲོ་གི་ཡོད་ས་རེད།
འོ་རྣམ་པ་ཚོ་ལ་ཡ། རིག་གནས་ཟེར་ཡ་དེའི་འཛམ་གླིང་ཤར་ནུབ་གཞན་དང་གཞན་གྱི་རིག་གནས་ཟེར་མཁན་དེའི་ཁྱབ་ཚད་དང་གོ་དོན་དང་ངོ་བོ་འདྲ་བོ་དེ་འདྲ་གཅིག་རེད་ཅེས་ངོ་སྤྲོད་བྱེད་ཁུལ་ཡིན། བོད་པ་རང་གིས་རིག་ཟེར་མཁན་དེ་ཤེས་བྱ་རིག་པ་དེ་ཚོ་ཧ་གོ་སྡོད་བའི་བློ་ལ་བཞག གནས་ཟེར་བ་དེ་དེའི་ཡུལ་དུ་ཡོད་པའི་ཆོས་ལ་ཟེར། ཤེས་བྱ་ཐམས་ཅད་རིག་གནས་ཀྱི་ངོ་བོ་རེད། དེ་ལས་ཁྱབ་ཆུང་ས་འདྲ་བཤད་ན་བོད་པའི་ཡུལ་སྲོལ་གོམས་གཤིས་དེ་ཚོ་རིག་གནས་རེད་ལ་དེར་བསྟན་པའི་གཞུང་ལུགས་དང་དེའི་གོམས་སྲོལ་དེ་དག་རིག་གཞུང་རེད་ཅེས་ལབ་གི་ཡོད་རེད་ཅེས་བོད་མི་རིགས་ནང་ལོག་ཚུར་འགྲེལ་བཤད་བརྒྱབ་ན་དེ་འདྲ་གཅིག་བརྒྱབ་དགོས་ཀྱིན་ཡོད་ས་རེད།
དེ་ཡན་ཆད་དེའི་རིག་གནས་ཟེར་མཁན་དེའི་གོ་དོན་དང་ངོ་བོ་ངོ་སྤྲོད་རགས་བསྡུས་ཞུ་བའི་ཁུལ་ཡིན། ད་གཉིས་པ་དེ་ལ་རིག་གཞུང་ཟེར་མཁན་དེ་ལ་རྣམ་གྲངས་དང་འདྲ་ག་ཚོད་ཡོད་རེད་ཟེར་ན། ང་ཚོས་བོད་པའི་་ཁུངས་གཏུགས་ས་དེ་རྒྱ་གར་ལ་གཏུགས་སྡོད་ཀྱི་ཡོད་རེད། རྒྱ་གར་གྱི་མི་ལོ་ཉིས་སྟོང་ལྔ་བརྒྱ་ཡས་མས་སངས་རྒྱས་བཅོམ་ལྡན་འདས་འཇིན་རྟེན་ལ་ཕེབས་པའི་སྐབས་དང་། དེ་ནས་མར་རྩིས་བྱས། ཕྱི་ལོ་དུས་རབས་དྲུག་༦པ་ཡས་མས་དང་བདུན་པ་༧། ཡས་མས་སྐབས་སློབ་དཔོན་དབྱིན་གཉེན་དང་ཁོང་རྣམ་པའི་བར་དུ་། སློབ་དཔོན་ཡོན་ཏན་འོད་ཁོང་རྣམ་པའི་བར་དུ། ཤེས་བྱ་རིག་གནས་བཅོ་བརྒྱད་ཟེར་མཁན་འདྲ་བོ་དང་། ད་དེ་འདྲ་མང་པོ། ཤེས་བྱ་བཅུ་དང་བཅོ་བརྒྱད་དབྱེ་བའི་རྣམ་གྲངས་མང་པོ་བཞག་སྡོད་ཀྱི་ཡོད་རེད། དབྱེ་བ་བཞག་སྟངས་མི་འདྲ་བ་མི་འདྲ་བ་རེད། མཛོད་རང་འགྲེལ་ནས་བཤད་སྟངས་དང་འདུལ་བ་ནང་བཤད་སྟངས་མ་འདྲ་བ་མ་འདྲ་བ་རེད། དེ་དག་ཚང་མ། ༼ག་འགའ་༽ ཤེས་བྱ་རྣམ་གྲངས་ཧ་ཀྱང་བྱེ་བྲག་དེ་དག་གྲངས་ཀ་བགྲངས་བྱེད་ནས། རོལ་མོ་འབུད་དཀྲོལ་བཟོ་བོ་དང་། ཆོས་པ་བྱེད་སྟངས་ཡན་ཆད་ཤེས་བྱ་རིག་པའི་ནང་བགྲངས་བྱས།
དེའི་ཕྱིས་སུ་རྒྱ་གར་ལུང་པའི་ནང་དུ་ཤེས་བྱ་རིག་པའི་གནས་ཡོངས་རྫོགས་ཡར་ཕྱོགས་སྡོམ་བརྒྱབ་བྱས་ཤེས་བྱ་རིག་པ་གནས་ལྔ། དེ་ཤེས་མཁན་དེ་ལ་གནས་ལྔ་རིག་པ།
(  གསལ་བཤད། འདི་མན་གུས་པའི་ལག་ཐོགས་ཁ་པར་འཕྲོག་བརླག་ཕྱིན་ནས་ཟིན་བྲིས་བརྒྱབ་ཐུབ་མ་སོང་བས་རྒྱ་ཆེ་གཟིགས་པོ་ཀུན་ལ་དགོངས་སེལ་ཞུ། ) ཟིན་བྲིས་པ་དགེ་བཤེས་བྱམས་པ་དབང་ལྡན་གྱིས་མོན་གྷོར་པདྨ་ཚལ་སློབ་གཉེར་ཁང་གི་ལས་ཤག་དཔེ་མང་བརྩེགས་པའི་ལྡིང་ཁང་དུ་སྦྱར། ༢༠༡༤།༨།༡༨














No comments: