Wednesday, April 17, 2019

བཀའ་བསྡུ་རིམ་པ་གསུམ།

༡༽
སྟོན་པ་མྱ་ངན་ལ་འདས་པའི་དེའི་དབྱར་དཀྱིལ་ཙམ་ལ།

ཡུལ།   རྒྱལ་པོའི་ཁབ་བམ་བདེ་ཆེན་ཕུག
སྦྱིན་བདག    རྒྱལ་པོ་མ་སྐྱེས་དགྲ།

བཀའ་བསྡུ་མཛད་ཚུལ།  
1)ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད།
 2) ཉེ་བར་འཁོར་འདུལ་བའི་སྡེ་སྣོད།
 4) འོད་སྲུང་མངོན་པའི་སྡེ་སྣོད་བཅས་བློ་ཐོག་ནས་བསྐྱོར་ཏེ།

 བཀའ་བསྡུ་དང་པོར་མཛད་པ་ཡིན།
རྒྱུ་མཚན།    སངས་རྒྱས་མྱ་ངན་ལས་འདས་པིའི་རྗེས།  ཕྱིས་སུ་དགྲ་བཅོམ་པ་དང་།  བྱང་ཆུབ་སེམས་དཔའ་མང་པོ་མྱ་ངན་ལས་འདས་པ་ན། སྟོན་པའི་གསུང་ནི་དུད་པ་ཙམ་ལས་སྡེ་སྣོད་གསུམ་མི་སྒྲོག་ཅེས་འཕྱ་བ་བསལ་བའི་དོན་དུའོ།



(2)
ལོ།  སངས་འདས་ནས་ལོ་བརྒྱ་དང་བཅུ།
ཡུལ།  ཡངས་པ་ཅན།
སྦྱིན་བདག   ཆོས་རྒྱལ་མྱ་ངན་མེད།

བཀའ་བསྡུ་མཛད་ཚུལ།    གྲགས་པ་ལ་སོགས་དགྲ་བཅོམ་བདུན་བརྒྱ་ཡིས་ཧུ་ལུ་ཡི་རངས་སོགས་རུང་མིན་གཞི་བཅུ་སུན་ཕྱུང་སྟེ།  གསོ་སྦྱོང་མཛད་པའོ།

རྒྱུ་མཚན།   རུང་མིན་གཞི་བཅུ་སུན་ཕྱུང་བའི་ཆེད་དུའོ།

(3)
ལོ།   སངས་འདས་ནས་ལོ་བཞི་བརྒྱ་ལོན་པ།
སྦྱིན་བདག    རྒྱལ་པོ་ཀ་ནི་ཀ

མཛད་ཚུལ།    སངས་རྒྱས་འོད་སྲུང་སྐབས་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་བཞིན།  བདུད་སྡེ་ཅན་གྱི་སྤྲུལ་པ་དགེ་སློང་བཟང་པོ་ཞེས་པས་ཆོས་ལོག་མང་དུ་སྤེལ་བས་སྡེ་པ་བཅོ་བརྒྱད་པོ་རྣམས་ཕན་ཚན་བསྟན་པ་ཡིན་མིན་རྩོད་ལོང་བྱུང་བ་དག་བྱང་སེམས་ལྔ་བརྒྱ།  དགྲ་བཅོམ་པ་ལྔ་བརྒྱ།   སོ་སྐྱེའི་པཎྜི་ཏ་ཁྲི་གཅིག་དང་དྲུག་སྟོང་དགིས་སུན་ཕྱུང་སྟེ་སྡེ་སྣོད་གླེགས་བམ་བཀོད་པའོ།

རྒྱུ་མཚན།   ཆོས་ལོག་སུན་ཕྱུང་སྟེ་སྡེ་པ་བཅོ་བརྒྱའི་རྩོད་པ་ཞི་བའོ། 

No comments: