Tuesday, September 02, 2014

ཡོན་ཆབ་སྐོར་དྲི་བ།

ཡོན་ཆབ་སྐོར་དྲི་བ།

༡ ཡོན་ཆབ་ཆུ་གཅིག་པོ་ཕུལ་དགོས་པའི་རྒྱུ་མཚན་ཅི།
༢ ཆུ་ཕྱི་ལུད་ན་སྐྱོན་གང་ཡོད་དམ།
༣ ཆུ་ཁེངས་ཆེ་ན་སྐྱོན་གང་ཡོད་དམ།
༤ ཏིང་བར་ཐག་རིང་པོ་སྒྲིག་ན་སྐྱོན་གང་ཡོད་དམ།
༥ ཏིང་སྦྱར་ན་སྐྱོན་གང་ཡོད་དམ།


༦ ཆུ་དང་པོ་བླུག་དུས་མཇུག་ནས་བླུག་ན་སྐྱོན་ཅི་ཡོད་དམ།
༧་ཆུ་བླུག་དུས་གོང་རིམ་བཞིན་བླུག་དགོས་པའི་རྒྱུ་མཚན་ཅི་རེད།
༨ ཏིང་དང་པོ་ནང་གི་ཆུ་རིམ་བཞིན་འོག་མ་འོག་མའི་ནང་ཏོག་ཙམ་བླུག་དགོས་དོན་གང་རེད། མཚོན་དོན་ཅི།
༨་ ཡོན་ཆབ་ཕུལ་དམིགས་བསལ་འདོན་ཡ་འདྲ་ཡོད་དམ། ཡང་ན་སོ་སོའི་རང་མོས་སྔགས་འདོན་ཆོག་གི་རེད་དམ།
༩ ཏིང་ཕན་ཚུན་བརྡབས་མི་ཉན་གསུང་འདུག་ན་བརྡབས་ན་སྐྱོན་གང་ཡོད་དམ།
༡༠ ཡོན་ཆབ་ཕུལ་དུས་སྐྱོན་དེ་དག་འབྱུང་ན་དེ་ལས་མ་ཕུལ་དེ་མི་འབྱུང་ཞིང་དེ་མི་དགའ་བསམ། ཅིའི་ཕྱིར་ན་དགེ་མཚན་ཆེའམ།

དྲི་བ་འདོན་མཁན་ས་མཐའི་ཁུ་བྱུག

No comments: