Tuesday, September 02, 2014

སློབ་གྲྭར་ཚུད་རྒྱུགས་གཏོང་བཞིན་པ།

ཚུད་རྒྱུགས་གཏོང་བཞིན་པ།
6
ཚུད་རྒྱུགས་གཏོང་་བཞིན་པ།
༈ མོན་གྷོ་པདྨ་ཚལ་སློབ་གཉེར་ཁང་གི་ལོ་འདིའི་སློབ་མ་གསར་པ་དེ་རིང་གསར་འཇུག་གི་ཚུད་རྒྱུགས་བཏང་བའི་པར་རིས་ཁག་གཅིག་གཤམ་འོག་ཏུ་དྲ་གྲོགས་དག་ལ་སྤྱན་འབུལ་ཞུ་གི་ཡིན་ན་ཐུགས་དགྱེས་ཚོར་ཆེན་མོ་ཡོང་བའི་རེ་བ་ཡོད་ལ་དམིགས་བསལ་སློབ་མ་གསར་ཞུགས་པ་རྣམས་ཀྱི་ཕུག་མདུན་ཇི་ཡོད་དེ་དེ་བཞིན་དུ་འགྲུབ་པར་སྨོན་འདུན་སྟོང་གིས་བརྒྱན་ཏེ་ཕུལ།   དགེ་མིང་ཟུར་ཙམ་འདྲེན་པ་ས་མཐའི་མྱི་འཁྱམས་ཆོས་ནོར་གཉིས་མེད་ས་མཐའི་ཁུ་བྱུག་གིས་ཕྱི་ལོ་༢༠༡༤།། ༥་།།༥་ཉིན་ཕུལ།







༈  ད་ལོ་གསར་ཞུགས་སློབ་མ་རྣམས་ཀྱི་ཚུད་རྒྱུགས་བཏང་པའི་ཁྲོད་ནས་བློ་རིག་བཀྲ་བའི་སློབ་མ་གྲངས་བཅུ་ཨང་རིམ་རྩེ་སོན་ངང་ནས་གདམ་བསྒྲུབས་བྱེད་ཡོད་ལ།



སློབ་གྲའི་ངེས་སྟོན་པ་མཆོག་ནས་༸གོང་ས་མཆོག་གི་དགོངས་བཞེས་ལྟར་ཉམས་ཐག་སློབ་མ་གཅིག་སློབ་གྲྭ་ནང་ཚུད་པ་བྱེད་ཡོད།   དེ་ནི་ངེས་སྟོན་པ་མཆོག་དཀྱེལ་ཆེ་བའི་དགོངས་པ་བཞེས་པ་ཡོད་པ་གཅིག་ལ་བདག་གི་མཐོང་གི་ཡོད།

ཁྱད་པར་དུ་ངེས་སྟོན་པ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་སློབ་མ་ཀུན་ལ་གཟིགས་སྐྱོང་དང་།  བྱམས་བརྩེ། ལྟ་རྟོག་གཅིག་ནང་བཞིན་གནང་དུས་སོ་སོ་ངོ་གནོང་དགོས་པ་གཅིག་ཏུ་འདུག  གང་ལགས་ཅེས་ན། རང་ཉིད་སློབ་གྲའི་དགེ་རྒན་ཙམ་གྱི་མིང་འཁུར་ལོ་འཁོར་གཉིས་ཙམ་རིང་དུ་ཉམས་མྱོང་ཁྲོད་དུ་གསལ་བོ་ཧ་གོ་འདུག  དགེ་རྒན་ལས་ཀ་ཁྲོད་ནས་ཀུན་ལ་ཉེ་རིང་མེད་པ་དགུང་གི་ཉི་མ་བཞིན་དུ་དགོས་སྐོར་བཤད་ཀྱང་དོན་དངོས་སུ་སློབ་སྦྱོང་ཡག་པ་དང་ཀུན་སྤྱོད་ལེགས་པའི་སློབ་མ་དག་ལ་རང་བཞིན་གྱི་བརྩེ་བ་དང་དགའ་སྣང་གཅིག་སྐྱེས་ཀྱིན་འདུག་ལ།  དེ་ཚོ་ལ་སྐད་ཆ་ཡང་བྱམས་པོ་དང་དགའ་སྣང་གི་བརྩེ་བ་ཤོར་འགྲོ་གི་འདུག   ངའི་སྔོན་དུ་མཐོང་བ་ནི་༼་་དགེ་རྒན་ཁྲོད་དུ་ཉམས་མྱོང་ཡོད་པའི་ ལྷ་རམས་ངག་གི་དབང་ཕྱག་མཆོག་གིས་་་གལ་ཏེ་རང་ཉིད་དགེ་རྒན་གཅིག་ཡིན་ན་ངེས་པར་དུ་ཆ་རྐྱེན་ཚང་དགོས་ཨང་དང་པོ་དེ་ནི་སློབ་མ་ཀུན་ལ་ཉེ་རིང་མེད་པ་གཟིགས་རྟོག་གཅིག་པ་གནང་རྒྱུ་དེ་རེད། ༽ ཅེས་གསུང་པ་གོ་མྱོང་ལ། ་དོན་གྱི་ལག་ལེན་ཆ་ནས་ཀྱང་དེ་འདྲ་གཅིག་རེད།   དེ་བས།་་ངས་་ལོ་ངོ་གཉིས་ཙམ་རིང་ངེས་སྟོན་པ་དང་མཉམ་གཤིབ་བྱེད་པའི་བརྒྱུད་རིང་ཁྲོད་ནས་ཤེས་རྟོགས་བྱུང་བ་རྣམས་དྲང་པོ་འདིར་བརྗོད་པ་ཡིན།

གསར་ཞུགས་སློབ་མ་རྣམས་ཀྱང་གོང་གི་ཐུགས་བརྩེ་ངང་ཚོར་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རླབས་ཆེན་བའི་བྱ་བ་བསྒྲུབ་ཐུབ་པའི་སྨོན་ལམ་རྟག་ཏུ་འདེབས།



ས་མཐའི་མྱི་འཁྱམས་དགེ་མིང་ཟུར་ཙམ་འདྲེན་པ་དགེ་སློང་བྱམས་པ་དབང་ལྡན་གྱིས་སློབ་གྲའི་ལས་ཤག་ཏུ་བྲིས།  ༢༠༡༤་།༥།༥

No comments: