Friday, March 16, 2018

༢༠༡༨ ལོའི་སྔོན་ཞིབ་རྒྱུགས་སྤྲོད་ཀྱི་དྲི་ཤོག་ལ་ལན་འདེབས་བྱས་པ། ༼ འཛིན་རིམ་བཅུ་པ། ༽


༢༠༡༨ ལོའི་སྔོན་ཞིབ་རྒྱུགས་སྤྲོད་ཀྱི་དྲི་ཤོག་ལ་ལན་འདེབས་བྱས་པ།
SECOND PRE-BOARD QUSTION & ANSWER 2018

༡༽ཤོ་ལོ་ཀ་གཅིག་ལ་ཚིག་རྐང་ག་ཚོད་ཚང་དགོས་སམ། ལན། ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བཞི་ཚང་དགོས།
༢༽ཚིག་རྐང་སོ་སོར་ཚིག་རྐང་མང་ཉུང་གང་འདྲ་དགོས་སམ། ལན། ཚིག་རྐང་སོ་སོར་བཅད་མཚམས་འདྲ་མཉམ་ཡོད་པ་ཞིག་དགོས།
༣༽སྡེབ་སྦྱོར་ཉམས་པ་ཟེར་ན་གང་ཡིན་ནམ། ལན། ཚིག་རྐང་དོ་མཉམ་མེད་པ་ཞིག་ལ་སྡེབ་སྦྱོར་ཉམས་པ་ཟེར།
༤༽ཤོ་ལོ་ཀ་གཅིག་གི་ནང་ཚེག་བར་མང་ཉུང་གང་ལ་གཞི་བཅོས་དགོས་སམ། ལན།ཚེག་བར་མང་ཉུང་ནི་སོ་སོའི་འདོད་མོས་ལྟར་བྲིས་ཆོག
༥༽ཚེག་བར་མང་ཤོས་དང་ཉུང་ཤོས་ཀྱི་ཚད་འཛིན་ད་བར་གང་ཡིན་ནམ། ལན། གང་གི་བརྗོད་པ་ནང་ལྔ་པ་ནས་སོ་གསུམ་ལབ་འདུག འོན་ཀྱང་ དེང་སང་ཚེག་པ་གསུམ་ནས་སོ་གསུམ་བར་བྲིས་བ་ཡོད།
༦༽ སློབ་སྤྱིར་ནད་དགོངས་བྲིས།
མཆོག་ཏུ་བཀུར་བ་འོས་པའི་དཔལ་ལྡན་སློབ་སྤྱི་མཆོག་གི་ཞབས་དྲུང་དུ། ཞུ་སྙིང་།
གུས་པའམ་གུས་མོ་(         )གཟུགས་ཁམས་མི་བདེ་བ་དང་རྐང་ལག་སོགས་ན་བའི་དབང་གི་སློབ་གྲྭར་བཅར་ཐུབ་ཀྱིན་མི་འདུག་པས་ཉིན་གཅིག་རིང་དགོངས་འཁྲོལ་ཡོད་པར་ཞུ། གུས་མིང་པས་ཟླ་ཚེས་ལ་ཕུལ།


༧༽ རང་གི་ཕ་མར་རང་ཉིད་སློབ་གྲྭར་སྒྲིག་སྤྱོད་གཙང་གསུམ་དང་བྱེད་སྒོ་སློབ་སྦྱོང་ལ་འབད་བརྩོན་བྱེད་བཞིན་པའི་གནས་ཚུལ་དྲང་ལྡན་གྱི་གཏོང་ཡིག་བྲིས།
ལན། བྱམས་བརྩེ་དྲིན་གྱིས་བསྐྱངས་པའི་ཕ་མ་གཉིས་ཀྱི་ཞབས་དྲུང་དུ།  ཞུ་དོན།
བར་ལམ་མ་མཇལ་རིང་སྐུ་ཟུང་བདེ་པོ་ཡིན་པ་གྲོང་མི་རྒྱུད་ནས་ཤེས་རྟོགས་བྱུང་སོང་བས་ང་རང་ཤིན་ཏུ་ནས་དགའ་བོ་བྱུང་། ང་རང་ཡང་ལུས་ཁམས་བདེ་བོ་ཡིན་པ་མ་ཟད་འདིར་གནམ་གཤིས་དང་མཐུན་རྐྱེན་སོགས་གང་ལ་འོས་འཚམ་འདུག རྒན་ལགས་རྣམས་པས་ཀྱང་གཞན་ཕན་གྱིས་ལྷག་བསམ་ཀུན་ནས་སློང་ནས་སློབ་ཁྲིད་ཚབས་ཚུད་པོ་གནང་བ་དང་། གུས་པ་བྱམས་བརྩེ་ཆེན་པོའི་ངང་ནས་ལྟ་སྐྱོང་གནང་གི་འདུག ང་རང་གིས་སློབ་གྲྭའི་བྱེད་སྒོ་ཁག་དང་སྒྲིག་ལམ་དང་རང་དགོས་སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད་པ་དང་། ཀུན་སྤྱོད་ཀྱང་ལེགས་གྲས་སུ་ཡོད་པའི་ཐུགས་འཁྲེང་གཏན་ནས་མི་དགོས་པ་ཞུ།
སླར་མར་སྐུ་ཟུང་ནས་བཀའ་སློབ་ལམ་སྟོན་དབྱར་གྱི་མཚོ་མོ་བཞིན་དུ་གནང་སྐྱོང་ཡོང་བར་ཞུ། གུས་པས་ཟླ་ཚེས་ལ་ཕུལ།
༨༽ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་ཇི་ཡོད་སྐོར་བྲིས།                                         ལན། ཁོར་ཡུག་སྲུང་སྐྱོབ་བྱེད་ན་འཛམ་གླིང་འདིའི་ནང་གི་རང་བྱུང་གི་གནོན་འཚེ་མི་འབྱུང་བ་ལ་ཕན་རླབས་ཆེན་པོ་ཡོད། ཁོར་ཡུག་འཁོར་ར་ན་ཡོད་པའི་ཤིང་ནགས་གང་བྱུང་གཅོད་འབྲེག་མི་བྱེད་པ། མངོན་སུམ་འཛེམས་མེད་ཀྱི་ས་འོག་གཏེར་སོགས་བསྔོག་འདོན་མི་བྱེད་པ། རང་བྱུང་གི་ཆུ་བོ་དག་ལ་འབོག་བཙོག་མི་བྱེད་པ། གལ་ཏེ་དེ་ལྟར་བྱེད་ན་ས་ཡོམ་རྒྱག་པ། རི་ཉིལ་བ། ལུང་པ་ལ་ཆར་ཆུ་དུས་སུ་མི་བབས་པ། ཆུ་ལོག་རྒྱུག་པ་སོགས་འབྱུང་བའི་གནོད་འཚེ་འབྱུང་གི་ཡོད།  རང་བྱུང་གི་ཁོར་ཡུག་འབྱུང་ལྡོག་ཆེན་པོ་འགྲོ་བ། ཚ་དྲོད་ཇེ་ཆེ་འགྲོ་བ། མཁའ་རླུང་གཙང་མ་མེད་པ། འགོ་ནད་ཆེས་མང་། འགྲོ་བ་སྲོག་ཆགས་ཚང་མ་ལ་གནོད་འཚེ་མི་འབྱུང་བ། མདོར་ན། གད་སྙིགས་གང་བྱུང་མི་གཡུག་པ། སྐྱག་གཅིན་གང་བྱུང་དུ་མི་གཏོང་བ། ཁ་ལུད་དང་སྣ་ལུད་གང་བྱུང་མི་གཡུག་པ། རང་གི་སྡོད་ཁང་གཙང་བ་བཞག་པ་སོགས་ཁོར་ཡུག་སྲུང་སྐྱོབ་བྱ་ན་གོང་གི་འབྱུང་བའི་གནོད་འཚེ་དང་ནད་རིགས་དེ་དག་མི་འབྱུང་བའི་ཕན་འབྲས་ཡོད།
༩༽ ཕྲད་རང་དབང་ཅན་ཟེར་དོན་དང་། ཕྲད་རང་དབང་ཅན་དྲུག་ཡོད་པ་དེ་དག་ངོས་འཛིན།                  ལན། རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་ལ་ཟེར། དྲུག་ནི། ནི་སྒྲ། དང་སྒྲ། དེ་སྒྲ། སྤྱི་སྒྲ། བདག་སྒྲ། དགག་སྒྲ།
༡༠༽ནི་སྒྲ་དགར་བར་འཇུག་པའི་དཔེར་བརྗོད་གསུམ་བྲིས།                                       ལན། ༡) བཀྲིས་ནི་ཀུན་ལས་ཡག ༢) ཆོས་སྐྱིད་ནི་སྤྱོད་ལམ་བཟང་ཤོས། ༣) ཐག་མ་ནི་དུག་རྗས་ཉལ་ཐག་ལས་གཞན་ནོ།
༡༠༽ དེ་སྒྲའི་འཇུག་ཡུལ་དགུ་ངོས་འཛིན་གྱིས་སོ་སོར་དཔེར་བརྗོད་བྲིས།                               ལན། ཐ་སྙད་དབང་གི་གསུམ། དངོས་པོའི་དབང་དུ་བཞི། དུས་ཀྱི་དབང་དུ་གཉིས།
ཐ་སྙད་དབང་དུ་གསུམ། ༡)ཐ་སྙད་འདས་མ་ཐག་པ། དཔེར། བོད་ཡུལ་ནི་ས་མཐོའོ། དེ༵་ལ་གངས་རི་དང་བྲག་རི་མང་ངོ་། ༢)རྣམ་གྲངས་གཞན་བརྗོད། དཔེར། ཨང་རིམ་དང་པོ་ལེན་མཁན་གང་དང་གང་ཡིན་པ་དེ༵་ནི་སློབ་སྦྱོང་ཡག་པོའོ།        ) ཐ་སྙན་ལྷག་བཅས། དཔེར། སེམས་པ་ཡག་སྟེ་ཕ་མ་བཟང་པོའི་པུ་གུ་ཡིན་པའི་ཕྱིར། ལྟར་བུའོ།
དངོས་པོ་དབང་དུ་བཞི། ༡) བདེན་པའི་དངོས་པོ། དཔེར། དེ༵་བཞིན་ནོ། ༢) གསང་བའི་དངོས་པོ། དཔེར། དེ༵་མ་བཤད། དེ༵་མ་སྟོན། ༣)བདག་གི་བ་དངོས་པོ། དཔེར། བདག་གི་དེ༵། ང་རང་གི་དེ༵་ཡག ༤) ཕ་རོལ་པའི་དངོས་པོ། དཔེར། ཁྱེད་ཀྱི་དེ༵།་ལྟར་བུའོ།
དུས་ཀྱི་དབང་དུ་གཉིས། ༡) དུས་འདས་པ། ཁ་རྩང་གི་ཉིན་མ་དེ༵་ང་གཉིས་མེ་ཏོག་ལྡུམ་ར་ཕྱིན། ༢) སང་ཉིན་གྱི་ཉིན་མ་དེ༵་རང་གཉིས་གླིང་ཁར་འགྲོ།
༡༡༽ ཅི་ཇི་སུ་གང་བཞི་པོ་སྒྲ་གང་ཡིན་ནམ། དེ་དག་ལས་སུ་དང་གང་གཉིས་གང་དང་གང་ལ་འཇུག་གམ། དཔེར་བྲིས།    ལན། ཅི་ཇི་སུ་གང་བཞི་པོ་ནི་བདག་པོའི་སྒྲ་སྟོན་པའི་ཕྲད་ཡིན། སུ་ནི་གང་ཟག་ལ་འཇུག་དཔེར་ན། ད་ལོ་སློབ་མ་ཡག་ཤོས་སུ༵་རེད། ག༵ང་ནི་སྤྱི་ལ་འཇུག དཔེར་ན། ག༵ང་ཞིག་སླེབས་ན་དེ་རྣམས་བསུ་མ་བྱོས།
༡༢༽ གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲི་ལིངྒ་ཡི་སྒྲ་མེད་པ།།དེ་ལ་སྟྲི་ལིངྒ་སྦྱར་ན།། དགག་པའི་གནས་སུ་ཤེས་པར་བྱ།།ཞེས་པས་གང་བསྟན་ནམ། འགྲེལ་བཤད་བྲིས།                                                 ལན། མིང་གང་ཡང་རུང་བའི་ཡ་མཐའ་སྟེ་སྔོན་དུ་སྟྲི་ལིངྒ་མོ་རྟགས་སྒྲ་མེད་པ་( མཐོང་)ལྟ་བུ་འདི་ལ་མོ་རྟགས་( )སྦྱར་ན་   ( མ་མཐོང་ ) དགག་སྒྲ་ཆགས་འགྲོ་ཞེས་པའི་དོན།
༡༣༽ བསླབ་ལ་བརྩོན་པའི་གང་ཟག་གི། དང་པོ་ང་རོ་རྣམས་ལ་སློབ། ཞེས་པས་བསྟན་དོན་གང་ཡིན་ནམ།           ལན། རིག་པའི་གནས་ལ་བསླབ་པར་བྱ་བའི་གང་ཟག་ལས་དང་པོ་བས། ཐོག་མ་ཉིད་དུ་ང་རོ་ཞེས་བྱ་བ་ཡི་གེ་རྐྱང་པ་དང་། སྐྱེ་གནས། བྱེད་པ་དང་། ཕྱི་ནང་གི་རྩོལ་བ་རྣམས་དང་མཐུན་པ་དང་། དབྱངས་ལྡན་རྣམས་ཀྱང་སོ་སོའི་ང་རོ་དབྱུང་ཚུལ་བཅས་ལ་རེ་རེ་ནས་ཀློག་པའི་སྒྲ་གདངས་ལ་སྦྱང་ཞེས་པའི་དོན་ནོ། མདོར་ན། རིག་གནས་དང་པོ་བསླབ་མཁན་གྱིས་ཡི་གེ་སོགས་སྒྲ་གདངས་ལ་སྦྱང་དགོས་པའི་དོན་ནོ།
༡༤༽ བཟང་པོའི་ཆོ་རིགས་སྤྱོད་པས་བསྲུང་།། སྤྱོད་པ་ཉམས་ན་རིགས་དོན་མེད།།ཙདྡན་དྲི་བཟང་སྐྱེ་བོ་འགའ།།དེ་བསྲེགས་སོལ་བ་སུ་ཞིགལེན།།འདིའི་བསྟན་དོན་གཙོ་བོ་གང་ཡིན་ནམ།                                         ལན། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བཟང་པོའི་རང་གི་ཆོ་རིགས་བསྲུང་དགོས་ཤིང་། རང་གིས་སྤྱོད་པ་ངན་པ་བྱེད་ན་རང་གི་རིགས་རུས་གང་ཡིན་ན་ཕན་མེད་དུ་འགྱུར། དཔེར་ན། ཙནྡན་རིགས་ཡག་ཀྱང་དེ་བསྲེགས་ནས་སོལ་བ་འགྱུར་ན་སུ་གང་གིས་དགའ་ཞིང་མགུ་བ་མི་བྱེད་པ་བཞིན་ནོ།  མདོར་དྲིལ་ན། སྤྱོད་པ་བཟང་པོ་བྱ་དགོས་པའི་དོན་ནོ།
༡༥༽ གྲངས་ཀྱི་མངོན་བརྗོད་ཀྱི་དཔེ་མཚོན་ཞིག་བྲིས། ལན། བསེ་རུ། () མིག () རྩེ་མོ། ( ) རྒྱ་མཚོ། ( ) འདོད་ཡོན། () རོ། () ཐུབ་པ། (༧༠ བཀྲིས།() སྲིན་པོ་མགོ( ) ཕྱོགས། (༡༠)བཅས་སོ།
༡༦༽ བསྟོད་སྨད་ཀྱིས་མི་འགྱུར་བ་སྐྱེ་བོ་དམ་པའི་མཚན་ཉིད་སྟོན་པའི་ཚིགས་བཅད་ཅིག་ཡོད་པ་བྲིས།
ལན། བསྟོད་པས་དགའ་བར་མི་འགྱུར་ལ།། སྨད་པས་མི་དགར་མི་འགྱུར་ཞིང།།རང་གི་ཡོན་ཏན་ལེགས་གནས་པ།།སྐྱེ་བོ་དམ་པའི་མཚན་ཉིད་ཡིན། །
༡༦༽ གཤམ་གསལ་ཤོ་ལོ་ཀ་ཁ་སྐོངས་ཤིག
ལན། ཆེན་པོ་རེ་ཞིག(རྒུད)གྱུར་ཀྱང་།། དེ་ལ་གདུང་བ་(བསྐྱེད་)མི་དགོས།། བདག་ཉིད་ཆེ་ལ་སྐྱེ་བོ་རྣམས།།སྐྱོན་ཚོལ་འགྱུར་གྱི་(དམན)ལ་མིན།།(མཁའ་ལ་)ཉི་མ་ཤར་བ་ན།།རྒྱུ་སྐར་མང་ཡང་མཐོང་མི་འགྱུར།།
༡༧༽ གཤམ་གསལ་ཚིག་དོན་བྲིས།                                                    ལན། ཆོ་རིགས། ཕའི་ཁྱིམ་རྒྱུད་རིགས། སོལ་བ་་་ཤིང་བསྲེགས་པའི་སྙིགས་རོ། གོ་ལྡོག་་་གོ་རིམ་ལོག་པ། བཟའ་བཏུང།་་་ཟ་བ་དང་འཐུང་བ། འཕྲལ་ཕུགས་་་གནས་སྐབས་དང་མཐའ་ཐུག སྙན་གྲགས་་་སྐད་གྲགས། ཡིད་མགུ་་་ཡིད་ལ་འགྲོ་བོ། ཁྱིམ་ཐབ་་ཁྱིམ་གྱི་བཟའ་མི།                                  ་ བཤེེས་སྤྲིངས།
༡༨༽ འཕགས་ནོར་ཞེས་པའི་དོན་དང་། འཕགས་ནོར་བདུན་བྲིས།                                  ལན། ཁྱད་དུ་འཕགས་པའི་རྒྱུ་ནོར་ལ་ཟེར། འཕགས་ནོར་བདུན་ནི་༡) དད་པ། ༢) ཚུལ་ཁྲིམས། ༣) གཏོང་བ། ༤) ཐོས་པ།་༥) ངོ་ཚ་ཤེས་པ། ༦) ཁྲེལ་ཡོད་པ། ༧) ཤེས་རབ་བཅས་སོ།
༡༩༽ གྲགས་པ་ཉམས་པའི་རྒྱུ་དྲུག་བྲིས།                                                 ལན། ༡) རྒྱན་པོ་འགྱེད་པ། ༢) འདུས་ལ་བལྟ་བ། ༣)ལེ་ལོ། ༤) སྡིག་པའི་གྲོགས་པོ་བརྟེན་པ། ༥) ཆང་། ༦) མཚན་མོ་རྒྱུ་བ་བཅས་སོ།
༢༠༽ ཚད་མེད་བཞི་བྲིས། མཁན་སློབ་ཆོས་གསུམ་སུ་རེད་བྲིས། ལན། བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་བཅས་དང་། མཁས་སློབ་ཆོས་གསུམ། ༡) ཞི་བ་འཚོ། ༢) སློབ་དཔོན་པདྨ་འབྱུང་གནས། ༣) ཁྲི་སྲོང་ལྡེའུ་བཙན་བཅས་སོ།  

༢༡༽ བརྗོད་བྱ་བསླབ་པ་གསུམ་དང་། རྗོད་བྱ་སྡེ་སྣོད་གསུམ་བྲིས།                                  ལན། བརྗོད་བྱ་བསླབ་པ་གསུམ་ནི་ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པའོ། རྗོད་བྱ་སྡེ་སྣོད་གསུམ་ནི་མདོ་སྡེ་སྡེ་སྣོད། འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད་བཅས་སོ།
༢༢༽ དམྱལ་ཁམས་བཅོ་བརྒྱད་བྲིས།                                                   ལན། དམྱལ་ཁམས་བཅོ་བརྒྱད་ནི། ཚ་དམྱལ་བརྒྱད་ནི། ༡) ཡང་སོས། ༢) ཐིག་ནག ༣) བསྡུས་འཛོམས། ༤) ངུ་འབོད། ༥) ངུ་འབོད་ཆེན་པོ། ༦) ཚ་བ། ༧) རབ་ཚ། ༨) མནར་མེད་བཅས་སོ། གྲང་དམྱལ་བརྒྱད་ནི། ༩) ཆུ་བུར་ཅན། ༡༠) ཆུ་བུར་རྡོལ་བ། ༡༡) སོ་ཐམ་ཐམ་པ། ༡༢) ཀྱེ་ཧུད་ཟེརབ། ༡༣) ཨ་ཆུ་ཟེར་བ། ༡༤) ཨུཏྤལ་ལྟར་གས་པ། ༡༥) པད་མ་ལྟར་གས་པ། ༡༦) པདྨ་ཆེན་པོ་ལྟར་གས་པ་བཅས་སོ། ༡༧) ཉི་ཚེ་བ་ནི། མི་ཡུལ་གྱི་ས་མཐའ་དང་མི་ཡུལ་ལུང་སྟོང་ན་ཡོད་ཟེར། ༡༨) ཉེ་འཁོར་བ་ནི། དམྱལ་བ་ཚ་དམྱལ་བརྒྱད་ཀྱི་ཕྱོགས་བཞིར་བསྐོར་ནས་ཡོད་པའི་དམྱལ་བ་བཞི་སྟེ་མེ་མ་མུར་གྱིས་འོབས། རོ་མྱགས་ཀྱི་འདམ། སྤུ་གྲི་ཅན་གྱི་ཚལ། འགྱུར་བྱེད་ཀྱི་ཆུ་བོ་རབ་མེད་དང་བཅས་སོ།
༢༣༽ ཡི་དྭགས་ཀྱི་སྡུག་བསྔལ་ངོས་འཛིན་དང་དབྱེ་བ་བྲིས།                                      ལན། ཡི་དྭགས་ལ་བཀྲེས་སྐོམ་གྲང་དྲོ་ཡི་སྡུག་བསྔལ་ཡོད། དབྱེ་བ། ༡) ནང་གི་སྒྲིབ་པ་ཅན་གྱི་སྡུག་བསྔལ། ༢) མེ་ལྕེའི་ཕྲེང་བ་ཅན་གྱི་སྡུག་བསྔལ། ༣) སྨད་རིགས་་འགའི་སྡུག་བསྔལ་ལོ།
༢༤༽ བརྩེ་བ། བྱམས་པ། སྙིང་རྗེ།་དགའ་བ། འདོད་ཆགས་བཅས་སོ་སོའི་གོ་དོན་མ་ནོར་བ་བྲིས།               ལན། བརྩེ་བ་ནི་སྙིང་ཉེ་བའི་བྱ་སྤྱོད་ཀྱི་མིང་། བྱམས་པ་ནི་གཅེས་སྤྲས་བྱེད་པའི་དོན། སྙིང་རྗེ་ནི་ཡུལ་སྡུག་བསྔལ་བ་ལ་དམིགས་ནས་སེམས་ནས་ཤ་ཚ་བ། དགའ་བ་ནི་སེམས་མགུ་བ། འདོད་ཆགས་ནི་རང་གི་གཅེས་པ་འོས་པའི་དངོས་པོ་ལ་ཞེན་པའི་དོན།
མཛད་རྣམ།
༢༥༽ བོད་ཀྱི་སངས་རྒྱས་པའི་དུས་ཆེན་གང་རུང་ཞིག་གི་སྐོར་བྲིས།                                 ལན། ས་ག་ཟླ་བ། བོད་ཟླ་བཞི་པར་ས་ག་ཟླ་བ་ཟེར་ཞིང་ཟླ་བ་འདིའི་ནང་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འགོད་ཆེད་མཛད་པ་བརྗོད་ལས་འདས་པ་བཞེས་ཡོད་པའི་ནང་ནས་ཚེས་༡༥ ཉིན་སྐུ་བལྟམས་པའི་མཛད་པ། སངས་རྒྱས་པའི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་བཅས་དུས་ཆེན་གསུམ་འཛོམས། ཁྱད་འཕགས་ཅན་གྱིས་ཉིན་མོ་ཡིན་པས། རྣམས་དཀར་དགེ་བའི་བྱ་བ་སྤེལ་ན་བྱིན་རླབས་ཤིན་ཏུ་ཆེ་བའི་དུས་སྟོན་ཞིག་ཡིན། དེ་ཉིན་ངས་སློང་ལ་སྦྱིན་གཏོང་དང་དགེ་འདུན་ལ་བསྙེན་བཀུར། ར་ལུག་སོགས་སེམས་ཅན་ཚེ་ཐར་གཏང་བ་དང་། དམར་ཟས་སྤོང་བ་དང་མ་ནི་གསོག་སྒྲུབ་དང་ཕྱག་འབུམ་གསོག་པ་དང་། བཀའ་འགྱུར་དང་བསྟན་འགྱུར་ལྗགས་ཀློག་གནང་ན་དགེ་བ་འབུམ་འགྱུར་རོ།
༢༦༽ བོད་ཡུལ་གྱི་ཕྱོགས་བཞིའི་ཁྱིམ་མཚེས་རྒྱལ་ཁབ་སུ་དང་སུ་ཡོད། དེ་དག་དང་འབྲེལ་བ་གང་བྱུང་ངམ།              ལན། ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག སོག་པོ། ཤར་ཏུར་ཀི་སི་ཐན། རྒྱ་གར། འབར་མ། བལ་ཡུལ། འབྲས་འབྲུག པ་ཀི་སི་ཐན། ཨཕ་གྷ་ནི་སི་ཐན། ཨུ་རུ་སུ་བཅས་ཡོད། དེ་དག་དང་འབྲེལ་བ་ནི། རྒྱ་ནག་དང་ཆོས་སྲིད་འབྲེལ་བ་བྱུང་། རྒྱ་གར་ནས་ཆོས་དང་བོད་ཀྱི་ཡི་གེ་འབྲེལ་བ་བྱུང་། སོག་པོ་དང་ཤར་ཏུར་ཀི་སི་ཐན་ལས་ཆས་གོས་རྣམ་པ་འདྲ། བལ་ཡུལ་དང་འབྲས་འབྲུག་སོགས་ལས་ཆོས་སྲིད་གཉིས་ཀའི་འབྲེལ་བ་བྱུང་ངོ་།
༢༧༽ བོད་རྒྱལ་ཁབ་དེ་ཁེ་གཙང་ཟུར་སྡོད་གནང་དགོས་པའི་རྒྱུ་མཚན་གང་གསུངས་ཡོད་དམ།                  ལན། བོད་རང་བྱུང་ཁོར་ཡུག་ཆགས་སྟངས་ཐ་དད་པ་དང་མཐོ་སྒང་ཡིན། རི་ལམ་འགག་གི་ཡོད་པ། སོ་སོའི་ཆོས་དང་རིག་གཞུང་གཅེས་སྲུང་ཐོག་སྡོད་འདོད་པ་གཞན་ཕྱི་མི་འབྲེལ་འདོད་གང་ཡང་མེད་པ་རེད།
༢༨༽ སྔར་བོད་དུ་ཆོས་སྲིད་གཉིས་ཀྱི་དབང་ཆ་ཡོད་པ་དེ་སུ་ཡིན་ནམ།བོད་མིའི་མི་འབོར་ནས་གྲྭ་བཙུན་བརྒྱ་ཆ་ག་ཚོད་ཡོད་དམ། ལན། བོད་དུ་ཆོས་སྲིད་གཉིས་ཀྱི་དབང་ཆ་ཡོད་པ་དེ་ཏཱ་ལའི་བླ་མ་ཁོ་ན་ཡིན། མི་འབོར་བརྒྱ་ཆ ༡༠་ཙམ་གྲྭ་བཙུན་ཡིན།
༢༩༽ ཕོ་བྲང་པོ་ཏཱ་ལའི་སྐོར་བྲིས།                                                        ལན། པོ་ཏཱ་ལ་ཞེས་པ་ནི་ལེགས་སྦྱར་སྐད་ཟུར་ཆགས་པ་ཡིན་ལ། བོད་སྐད་དུ་རི་བོ་གྲུ་འཛིན་ཞེས་ཟེར། དེ་ཐོག་མར་ཕྱི་ལོ་ ( ༡༣༠༠) སྔོན་བོད་རྒྱལ་སྲོང་བཙན་སྒམ་པོའི་སྒོམ་སྒྲུབ་གནང་ཡུལ་དུ་བཞེངས་པ་དང་ཕྱིས་སུ་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་རྒྱ་བསྐྱེད་གནང་། དེ་ལ་ཐོག་བརྩེགས་༡༣ དང་ཚོགས་ཁང་དང་། ལྷ་ཁང་སོགས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༨ ཀྱི་སྐུ་གདུང་དང་གཞན་ཡང་ལོ་རྒྱུས་ལྡན་པའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཡོད་དོ།
༣༠༽ བོད་ཀྱི་ཚོགས་ཆེན་ཚོགས་སྟངས་ལ་རིགས་མི་འདྲ་བ་གསུམ་ཡོ་ད་བྲིས།                           ལན། དང་པོ། ཆུང་ཤོས་རྒྱུན་ཚོགས་དགོས་དུས་ཡིག་ཚང་དང་རྩིས་ཁང་གི་དཔོན་རིགས་བརྒྱད། དགོན་ཆེན་གསུམ་གྱི་སྐུ་ཚབ། གཉིས་པ། གནད་དོན་ཆེ་ཙམ་ལ་གོ་བསྡུར་བྱ་རྒྱུ་ཡོད་ཚེ་འཐུས་མི་སུམ་ཅུ་ཙམ་བསྡུ་སྐོང་དགོས། གསུམ། ཏཱ་ལའི་བླ་མའི་ཡང་སྲིད་གཏན་འཁེལ་སོགས་དོན་གལ་ཆེ་རིགས་ལ་འཐུས་མི་༤༠༠ ལྷག་འཛོམས་དགོས།
༣༡༽ བོད་ནི་འཛམ་གླིང་ནང་ཆོས་དར་ཤོས་ཡིན་པའི་རྒྱུ་མཚན་གང་གསུངས་ཡོད་དམ།                      ལན། བོད་མི་ཚོས་ཆོས་ལ་དད་པ་བྱས་པ་དང་། བོད་ཀྱི་ཁྱད་ཆོས་ཆེ་ཤོས་དགོན་པ་ཧ་ཅང་མང་པོ་ཡོད། དགོན་པའི་གྲངས་འབོར་བརྗོད་དཀའ་ལ། བརྒྱ་ཆ་བཅུ་ཙམ་གྲྭ་བཙུན་ཡིན།
༣༢༽ སྔར་བོད་ཀྱི་གཞུང་འཛིན་བཀའ་ཤག་ལས་ཁུངས་ཀྱི་སྐོར་བྲིས།                                ་་ལན།  བཀའ་བཤག་རྣམ་ཀུན་འཐུས་མི་བཞི་ཡོད། གཅིག་སེར་མོ་བ་དང་། གསུམ་སྐྱ་བོ་ཡིན། བཀའ་ཤག་འོག་ཏུ་ཡིག་ཚང་། རྩིས་ཁང་ལས་ཁུངས་གཉིས་ཡོད། ཏཱ་ལའི་བླ་མས་ཐད་ཀར་འགོ་འཁྲིད་བྱེད་པའི་ཡིག་ཚང་སེར་མོ་བ་བཞི་ཡོད། ཆོས་ཕྱོགས་ཀྱི་ལས་དོན་འགན་འཁུར། རྩིས་ཁང་ངམ་ནོར་སྲིད་ལས་ཁུངས་དེར་སྐྱ་བོ་བཞི་ཡོད། ཁོང་ཚོས་ཆོས་དོན་མིན་པའི་ལས་དོན་བྱས།
གལ་ཆེ་རིགས་དྲི་ལན།
༣༣༽ མགྲོན་ཤོག་ཟེར་ན་དོན་གང་རེད།   ལན། ཚོགས་འདུ་དང་། དགྱེས་སྟོན། འཁྲབ་སྟོན། ཁང་གསོལ། གཉེན་སྟོན་སོགས་ཀྱིས་བྱེད་སྒོར་མགྲོན་དུ་བོས་པའི་བརྡ་ཡིག་ལ་ཟེར།
༣༤༽ མགྲོན་ཤོག་ལ་ཚང་དགོས་པའི་དོན་ཚན་གང་ཡོད་དམ། ལན། ལས་གཞི་དང་འཚམ་པའི་མཆོད་བརྗོད། སྐུ་མགྲོན་གྱི་མཚན། གདན་ཞུའི་དོན། དུས་ཚོད། ས་གནས། མགྲོན་བརྡ་གཏོང་མཁན་ཚོགས་པ་དང་སྒེར་སོགས་ཀྱི་མིང་དང་ལས་དམ།
༣༥༽ མགྲོན་བརྡ་ཞིག་བྲིས། ལན། ༈ མཁྱེན་རྒྱ་ཡངས་པའི་ས་གནས་སྐུ་ངོ་            མཆོག་གི་ཞབས་དྲུང་དུ།
ཞུ་གསོལ།
ད་ལན་སློབ་ཐོན་པ་ཡོངས་ཀྱིས་མ་བསྐུལ་དྭངས་བླང་གི་རྒན་ལགས་རྣམས་པའི་བྱམས་སྐྱོང་དང་བཀའ་དྲིན་དྲན་པའི་སྒོ་ནས་མཐའ་འཇུག་སློབ་ཐོན་དགའ་སྐྱོ་ཟུང་འདྲེས་སྐབས་སུ་དམིགས་བསལ་གྱེས་ཁའི་༼ཇའི་དགའ་སྟོན༽ འདུ་འཛོམས་ཇ་དང་ཟས་རིགས་སྟབས་བདེ་ཅིག་གོ་སྒྲིག་ཞུས་ཡོད་གཤིས། སྐུ་ཉིད་དུས་ཐོག་ཅི་ནས་ངེས་བཅར་ཡོང་བའི་མགྲོན་འབོད་དུ།   
སློབ་མ་ཡོངས་ནས་༢༠༡༨ ཟླ་བ ༢ ཚེས། ༢༨ ཉིན་ཕུལ།
ས་གནས།      སློབ་གྲྭའི་ཚོགས་ཁང་བཀྲིས་དགའ་ཚལ།
དུས་ཚོད།      ༤།༣༠ ཕྱི་དྲོ།
༣༦༽ འཕྲིན་ཡིག་ཟེར་ན་དོན་གང་རེད་དམ།  ལན། དུས་དེབ་དང་། ཚགས་ཤོག་སོགས་ཀྱི་ལས་ཁུངས་སུ་གནས་ཚུལ་ཕན་ཚུན་གཏོང་རེས་བྱེད་པའི་ཡི་གེ་ལ་ཟེར།
༣༧༽ འཕྲིན་ཡིག་ལ་ཚང་དགོས་པའི་ཆ་རྐྱེན་གང་ཡོད་དམ། ལན། གང་ལ་བསྐུར་ཡུལ་གྱི་མིང་། ལས་དོན་དངོས། ལས་ཁུངས་སམ་སྐུར་མཁན་གྱི་མིང་དང་ཟླ་ཚེས།
༣༨༽ བཤེས་སྤྲིངས་ཀྱི་རྩོམ་པ་པོ་དང་སུའི་ཆེད་དུ་བརྩམས་སམ། ལན། བཤེས་སྤྲིངས་རྩོམ་པ་པོ་མགོན་པོ་ཀླུ་སྒྲུབ་དང་རང་གི་གྲོགས་པོ་རྒྱལ་པོ་བདེ་སྤྱོད་བཟང་པའི་ཆེད་དུ་མཛད་པའོ།
༣༨༽ བཤེས་སྤྲེངས་བོད་སྐད་དུ་བསྒྱུར་མཁན་སུ་རེད་དམ། ལན།བོད་སྐད་དུ་བསྒྱུར་མཁན་ལོ་ཙྭ་བ་བན་དེ་དཔལ་བརྩེགས་ཡིན།
༣༩༽ བཤེས་སྤྲིངས་ཞེས་མིང་བཏགས་དོན་གང་རེད་དམ། ལན། མགོན་པོ་ཀླུ་སྒྲུབ་ཀྱི་རང་གི་གྲོགས་པོ་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་སྤྲིངས་པ་སྟེ་གཏོང་པའི་ཡི་གེ་ཡིན་པས་ན་མིང་དེ་སྐད་བྱའོ།
༤༠༽ བཀའ་པོད་ལྔ་བྲིས། ལན།༡) ཕར་ཕྱིན། ༢) དབུ་མ། ༣) འདུལ་བ། ༤) མངོན་པ། ༥) མཛོད་བཅས་སོ།
༤༡༽ ༸གོང་ས་མཆོག་གི་རྒྱུགས་མཐའ་མའི་སྐོར་མདོར་ཙམ་བྲིས། ལན། ༸གོངས་མཆོག་རྒྱུགས་མཐའ་མ་དེ་ལྷ་ས་སྨོན་ལམ་ཆེན་མོའི་སྐབས་དགེ་འདུན་སྟོང་ཕྲག་མང་པོའ་དབུས་སུ་སྔ་དྲོ་མཁས་པ་སུམ་ཅུ། ཉིན་དགུང་མཁས་པ་བཅོ་ལྔ། དགོང་དྲོ་མཁས་པ་སུམ་ཅུ་སོ་ལྔ་བཅས་ཀྱིས་དྲི་བ་ལ་ལན་ཁ་ཐུག་བསྐྱོན་ནས་རྒྱུགས་ཕུལ་བ་རེད།
༤༢༽ ༸གོང་ས་མཆོག་ཆིབས་བསྒྱུར་གནང་དགོས་པའི་བོད་ཀྱི་དུས་ཆེན་དང་མཛད་སྒོ་ཁག་གང་ཡོད་དམ།  ལན། དུས་ཆེན་དང་མཛད་སྒོ་ཁག་ནི་ཕོ་བྲང་པོ་ཏཱ་ལའི་ཆོས་ལུགས་ཀྱི་འཆམ་དང་། ནོར་གླིང་དུ་ཟློས་གར་བཅས་ལའོ།
༤༤༽ བོད་མིའི་སྐྱིད་སྡུག་མཉམ་མྱོང་) ཞེས་པའི་འཕྲེད་དར་དེའི་དོན་གང་མཚོན་ནམ། ལན། བོད་མདོ་དབུས་ཁམས་ཀྱི་བོད་མི་རྣམས་སྐྱིད་སྡུག་མཉམ་དུ་མྱོང་བ་མཚོན་ནོ། ༢༠༠༨་ལོར་ཞི་རྒོལ་བྱས་པའི་སྐབས་སུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་འཕྲེད་དར་འཕྱར་བ་རེད།

སརྦ་མངྒལཾ། ཁ་དྲོ། བཀྲིས།



No comments: