Friday, March 16, 2018

འཛིན་རིམ་བཅུ་གཅིག་གི་བོད་ཡིག་སློབ་ཚན་གྱི་དྲི་བ་དང་ལན།



སློབ་ཚན་དྲུག་པ། ༼བོད་ཀྱི་རིག་གནས་དར་ཚུལ་གཉིས་པ།༽
༡༽ བསམ་ཡས་གཙུག་ལག་ཁང་གི་གླིང་མི་འདྲ་བ་རྣམས་གང་ཡིན་ནམ། 
ལན།བསམ་ཡས་གཙུག་ལག་ཁང་གི་གླིང་མི་འདྲ་བ་བརྒྱད་ཡོད་པ་དེ་དག་ནི་༡)སྒྲ་བསྒྱུར་ལོ་ཙཱ་གླིང་། ༢)བདུད་འདུལ་སྔགས་པ་གླིང་། ༣)རྣམ་དག་ཁྲིམས་ཁང་གླིང་། ༤)དགའ་ལྡན་སེམས་བསྐྱེད་གླིང་། ༥)མི་གཡོ་བསམ་གཏན་གླིང་། ༦)བརྡ་སྤྲོད་ཚང་བའི་གླིང་། ༧)བཻ་རོ་ཙ་ནའི་གླིང་བཅས་སོ།
༢༽ བོད་དུ་འབངས་གྱེན་ལོག་ཐོག་མ་ཇི་ལྟར་བྱུང་ངམ། དེ་དག་གི་འགོ་འཁྲིད་མཁན་སུ་དང་སུ་ཡིན་ནམ། ལན།གླང་དར་མས་ནང་ཆོས་བསྣུབས་པར་བརྟེན་འབངས་རྣམས་སྙིང་ནད་མ་ཞི་བར་ས་གླང་ནས་བཟུང་གྱེན་ལོག་བྱུང་། ཁག་སོ་སོར་གྱེས། འགོ་འཁྲིད་ནི་དབས་ཁོ་བཞེར་ལེགས་དང་། དབས་ལོ་ཕོ་ལོ་ཆུང་དང་། མཆིམས་ཀོང་མི་དྲུག་རྣམས་ཡིན་ནོ།

༣༽ བོད་ཀྱི་མཁས་པ་མི་གསུམ་ཞེས་པ་སུ་དང་སུ་ཡིན་ནམ། 
ལན།༡ ༽གཙང་རབ་གསལ། ༢ ༽གཡོ་དགེ་འབྱུང་། ༣ ༽དམར་ཤཱཀྱ་མུ་ནེ་གསུམ་རེད།

༤༽ བསྟན་པའི་མེ་རོ་གསོ་མཁན་གྱི་མཚན་ལ་ཅི་ཞུ་བ་དང་སུ་ཡི་སློབ་མ་ཡིན་ནམ། 
ལན།མཚན་ལ་བླ་ཆེན་དགོངས་པ་རབ་གསལ་ཞུ་བ་དང་། དམར་གཡོ་གཙང་གསུམ་གྱི་སློབ་མ་ཡིན།


སློབ་ཚན་བཀླགས་ཏེ་ལན་ཐོབས།
༥༽བོད་ཀྱི་དཀར་ཆག་ལྡན་དཀར་མ་ཞེས་པ་ཇི་ལྟར་བྱུང་ངམ། 
ལན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྒྲ་བསྒྱུར་ཀ་བ་དཔལ་བརྩེགས་དང་། ཀླུའི་དབང་པོ་ལ་སོགས་པས་འཚལ་གྱི་གཞུང་གི་མཚན་བྱང་བཅོས་ཏེ་དཀར་ཆག་ཏུ་བྲིས་པ་ལ་དཀར་ཆག་ལྡན་དཀར་མ་ཟེར།

༦༽ སྒྲ་སྦྱོར་བམ་གཉིས་རྒྱལ་པོ་སུའི་སྐབས་བསྒྲིགས་པ་དང་ནང་དོན་གང་ཡིན་ནམ། 
ལན། བོད་རྒྱལ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་དུས་སུ་བསྒྲིགས། སྐད་གསར་བཅད་གཉིས་པ་གཏན་ལ་ཕབ་པའི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཅིག་ཡིན།

༧༽སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་ཞེས་པ་གྲངས་འདྲེན་བྲིས། 
ལན། དེ་དག་གི་གྲངས་འདྲེན་ནི། ) ལྷ་ཐོ་ཐོ་རི་གཉའ་བཙན། )ཁྲི་གཉན་གཟུངས་བཙན། )འབྲོང་གཉའ་ལྡེའུ་བཙན། )སྟག་རི་གཉན་གཟིགས།༥)གནམ་རི་སྲོང་བཙན། )སྲོང་བཙན་སྒམ་པོ། )མང་སྲོང་མང་བཙན། )འདུས་སྲོང་མང་རྗེ། )ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ། ༡༠)ཁྲི་སྲོང་ལྡེའུ་བཙན། ༡༡)མུ་ནེ་བཙན་པོ། ༡༢) ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན། ༡༣)ཁྲི་གཙུག་ལྡེ་བཙན་རལ་པ་ཅན་བཅས་སོ།

༨༽ བཙན་པོ་ཁྲི་རལ་གྱིས་བཀས་བཅད་ཆེན་པོ་གསུམ་གནང་ཡོད་པ་གང་དང་གང་ཡིན་ནམ། 
ལན།༡)བོད་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་གཞན་པའི་སྡེ་པ་གཞན་འཛུགས་མི་ཆོག་པ་བཟོས། )གསང་སྔགས་མ་རྒྱུད་ཀྱི་སྐོར་རྣམས་བོད་སྐད་དུ་བསྒྱུར་མི་ཆོག་པ་བཟོས། ) བྲེ་སྲང་སོགས་ཀྱི་ཚད་ཀྱང་རྒྱ་གར་མ་ག་དྷའི་ཚད་གཞི་དང་མཐུན་པར་གཅིག་གྱུར་བྱེད་དགོས་པ་དེ་ཡིན།

༩༽ བོད་ཀྱི་ཡི་གེའི་མིང་ཚིག་རྣམས་གཅིག་གྱུར་དང་གཏན་ཁེལ་ཇི་ལྟར་བྱུང་ངམ། ལན། རིག་གནས་ཕྱི་དར་སྐབས་རིམ་གྱིས་མིང་ཚིག་གི་འབྲི་ལུགས་རྣམས་གཅིག་མཐུན་བྱུང་བ་དང་། ཁྱད་པར་དུ་རྗེ་ཡབ་སྲས་བྱོན་པའི་སྐབས་སྔ་ཕྱི་ནས་མཁས་ཆེན་མང་དུ་བྱོན་ཞིང་རྩོམ་ལུགས་ཀྱང་བརྡ་སྤྲོད་པའི་གཞུང་དང་མཐུན་ལ་བོད་ཀྱི་སྤྱི་འགྲོས་སྐད་དང་མཐུན་ཞིང་། ཚིག་སྦྱོར་ལེགས་ལ་གོ་སླ་བ། ཤིང་པར་འབོར་ཆེན་དར་སྟབས་མིང་ཚིག་འབྲི་ལུགས་གཞི་རྩའི་ཐོག་ནས་གཅིག་གྱུར་བྱུང་།

༡༠༽ གླང་དར་མ་འུ་དམ་བཙན་པོས་ནང་པའི་ཆོས་ཇི་ལྟར་བསྣུབས་ཡོད་དམ། 
ལན། གླང་དར་མ་ཁོ་རང་བློ་རྨོངས་ཤིང་ཡོན་ཏན་མེད་པར་མ་ཟད། ཡོན་ཏན་ཅན་ལ་སྙིང་ནས་མི་དགའ་བ། ལོ་ཙཱ་བ་མང་པོ་བཀྲོངས། པཎྟིཏ་རྣམས་ས་མཐའ་བསྐྲད། རབ་བྱུང་རྣམས་ས་མཐར་བྲོས། བྲོས་མ་ཐུབ་པ་རྣམས་ཁྱིམ་སར་ཕབ། མི་ཉན་པ་རྣམས་གསད། ལ་ལ་རྟ་བཞོན་དུས་འབབ་འཛེག་བྱས་བཅུག ལ་ལ་རྔོན་རྒྱག་བཅུག བསམ་ཡས་བཤས་ར་བྱས། གཙུག་ལག་ཁང་མང་པོ་བཤིགས། དཔེ་ཆ་རྣམས་མེ་ལ་བསྲེགས། ཆུ་ལ་བསྐུར། ས་འོག་ཏུ་གནོན་པ། སྐུ་རྣམས་བཤིགས་པ་སོགས་བྱས་ནས་བསྟན་པ་བསྣུབས།

ཀ ༽ བོད་ཀྱི་མཛངས་བློན་བདུན་གྱི་གོ་རིམ་དང་མཛངས་པའི་ལས་སོགས་བྲིས།
ཨང་།
བཙན་པོའི་མཚན།
མཛངས་བློན་གྱི་མཚན།
མཛངས་པའི་ལས།
པུ་དེ་གུང་རྒྱལ།
རུ་ལས་སྐྱེས
ཐོང་གཤོལ་བཟོ་བ་དང་། ཞིང་ལ་ཆུ་འདྲེན་བ་སོཊ
ཨེ་ཤོ་ལེགས།
ལྷ་བུ་མགོ་དཀར།
ཞིང་ལ་དོར་ཁ་རྩིས། འབྲོག་ལ་ཐུར་རྩིས་སོགས།
སྟག་རི་གཉན་གཟིགས།
ངོར་སྣང་བཙན་མང་།
བྲེ་སྲང་བཅོས། འབྲུ་མར་མཇལ་བྱེད། ཚོང་ལས།
སྲོང་བཙན་སྒམ་པོ།
ཐོན་མི་སམ་བྷོ་ཊ།
བོད་ཡིག་གསར་བཟོ། མདོ་བསྟན་བསྒྱུར་བ་སོགས
སྲོང་བཙན་སྒམ་པོ།
གཉགས་ཁྲི་བཟང་ཡང་སྟོན།
མཁར་བརྩིགས་ནས་གྲོང་ཁྱེར་བཅོས་བ་སོགས།
ཁྲི་སྲོང་ལྡེ་བཙན།
འགོས་ཁྲི་བཟང་ཡབ་ལྷག
ཁྲིམས་ལུགས་གསར་གཏོད་སོགས།
ཁྲི་སྲོང་ལྡེའུ་བཙན།
སྟག་བཙན་གདོང་གཟིགས།
ཁྱིམ་མི་རེ་ལ་རྟ་མཛོ་བ་གསུམ་ཆ་སྙོམས་བགོས།














གཤམ་གསལ་བཙན་པོ་སོ་སོའི་བླ་སྨན་པ་སུ་ཡིན་ཁ་སྐོངས།
ཨང་།
བཙན་པོའི་མཚན།
བླ་སྨན་པའི་མཚན།
ལྷ་ཐོ་ཐོ་རི་གཉན་བཙན།
དུང་གི་ཐོར་ཅོག
གནམ་རི་སྲོང་བཙན།
བློ་གྲོས་རྒྱལ་མཛོད།
སྲོང་བཙན་སྒམ་པོ།
བློ་གྲོས་བཤེས་གཉེན།
གུང་རི་གུང་བཙན།
འདྲེ་རྗེ་བཛྲ།
མང་སྲོང་མང་བཙན།
འདྲེ་རྗེ་བཛྲ།
འདུས་སྲོང་མང་རྗེ།
ཁྱུང་བོ་རྡོ་རྗེ།
མེས་ཨག་ཚོམ།
གཡུ་ཐོག་ཡོན་ཏན་མགོན་པོ
ཁྲི་སྲོང་ལྡེ་བཙན།
གཡུ་ཐོག་ཡོན་ཏན་མགོན་པོ་སྔ་མ།
མུ་ནེ་བཙན་པོ།
འབུམ་སེང།དཔལ་འབུམ།དགའ་དགའ་གསུམ་གྱིས་སྨན་བླ་བྱས

སློབ་ཚན་བདུན་པའི་དྲི་བ་དང་དྲི་ལན།
༡༽ ཅི་འདྲ་ཞིག་ལ་གན་རྒྱའི་ཡི་གེ་ཟེར་བ་ཡིན་ནམ། 
ལན།ལས་ཁུངས་དང་མི་སྒེར་ཕན་ཚུན་བར་ལས་དོན་གང་རུང་ཞིག་ལེགས་པར་བསྒྲུབ་ཆེད་ཕན་ཚུན་གཉིས་མོས་ཀྱི་ལམ་ནས། ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་བརྩི་སྲུང་གྲོས་མཐུན་བྱུང་བའི་ཚད་འཛིན་ཡི་གེ་ལ་ཟེར།

༢༽ གན་རྒྱའི་ཡི་གེ་འབྲི་བར་ཆ་རྐྱེན་གང་དག་ཚང་དགོས་སམ། 
ལན། གན་རྒྱ་གང་ཡིན་མཚོན་པའི་ཁ་བྱང་། གན་རྒྱ་འཇོག་མཁན་གྱི་མཚན། གན་རྒྱའི་གནད་དོན་དངོས། དུས་ཚོད་དང་གན་རྒྱ་འཇོག་མཁན་གྱི་མཚན་རྟགས་( ཁག་ཐེག་ཡོད་ན་མིང་དང་མཚན་རྟགས) བཅས་དགོས།

༣༽ ཚོགས་པ་སོགས་ཕན་ཚུན་བར་གན་རྒྱ་འཇོག་དགོས་དོན་གང་ཡིན་ནམ། 
ལན། ཕྱོགས་གཉིས་ཀའི་ལས་དོན་ལམ་ལྷོམ་དང་ཁེ་དབང་གཏན་འཁེལ་བྱས་རྒྱུའི་ཆེད་དུ་ཡིན།


No comments: