༢༠༡༨ལོའི་འཛིན་རིམ་བཅུ་གཉིས་བོད་ཡིག་དྲི་བ་དྲིས་ལན།
༡༽རྟགས་འཇུག་ཅེས་པའི་གོ་དོན་གང་ཡིན་ནམ།
ལན། ཡི་གེའི་ཕོ་མོ་མ་ནིིང་གི་རྟགས་ཀྱི་དབྱེ་བ་དང་། དེ་ཡི་འཇུག་པ་རྒྱ་ཆེར་བཤད་པས་ན་རྟགས་འཇུག་ཟེར།
༢༽སྤྱིར་མིང་གཞི་རྟགས་ཀྱི་དབྱེ་བ་ཇི་ལྟར་ཕྱེ་ཡོད་དམ།
ལན། སྤྱིར་མིང་གཞི་རྟགས་ཀྱི་དབྱེ་བ་སྒྲ་གདངས་དྲག་པོ་ཆ་ནས་ཕོ། སྒྲ་རྩོལ་རན་པ་མ་ནིང་། སྒྲ་རྩོལ་ཞན་པ་མོ། སྒྲ་རྩོལ་ཤིན་ཏུ་ཞན་པ་ཤིན་ཏུ་མོ། སྒྲ་རྩོལ་ཤིན་ཏུ་མོ་ལས་ཀྱང་ཞན་པ་ན་མོ་གཤམ་བཅས་རྟགས་ལྔར་ཕྱེ་བ་ཡིན།
སློབ་ཚན་དྲུག་པ།
༡༽བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་མཚམས་ཇི་ལྟར་ཕྱེ་ཡོད་དམ།
ལན། བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་མཚམས་ནི་གླང་དར་མས་བསྟན་པ་བསྣུབས་པའི་སྔོན་ལ་སྔ་དར་དང་།
ལྷ་བླ་མ་ཡེ་ཤེས་འོད་ནས་རིམ་བཞིན་བསྟན་པ་དར་བ་དེ་ལ་ཕྱི་དར་ཟེར། ༢༽དབུས་གཙང་གི་མི་བཅུ་མདོ་སྨད་དུ་བླ་ཆེན་པོའི་དྲུང་ནས་རབ་ཏུ་བྱུང་བ་དེ་རྣམས་སུ་དང་སུ་ཡིན་ནམ།
ལན། དེ་རྣམས་༡)ཀླུ་མེས་ཚུལ་ཁྲིམས་ཤེས་རབ། ༢)འབྲིང་ཡེ་ཤེས་ཡོན་ཏན། ༣)སྦ་ཚུལ་ཁྲིམས་བློ་གྲོས། ༤)རག་ཤི་ཚུལ་ཁྲིམས་འབྱུང་གནས།
༥)སུམ་པ་ཡི་ཤེས་བློ་གྲོས་ཏེ་དབུས་པ་ལྔ། ༦)གཙང་གི་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག ༧)ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེང་གེ
༨)བོ་དོང་བ་ཨུ་བ་དེ་དཀར་བ་གསུམ། ༩)མངའ་རིས་པ་འོད་བརྒྱད་སྤུན་གཉིས་ཏེ་བཅུའོ།
༣༽སྟོད་འདུལ་དང་སྨད་འདུལ་གཉིས་ཀྱི་དར་ཚུལ་ཇི་ལྟར་ཡིན་ནམ།
ལན། རྒྱལ་པོ་གླང་དར་མས་བསྟན་པ་བསྣུམས་པའི་རྗེས་སུ་མདོ་སྨད་ཀྱི་ཡུལ་ནས་དམར་གཡོ་གཙང་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་བསྙེན་པ་རྫོགས།
དབུས་གཙང་གི་མི་བཅུ་སྔ་ཕྱིར་འོངས་ནས་བསྙེན་པར་རྫོགས། ཕྱིས་དབུས་སུ་ཕེབས་ནས་གཙུག་ལག་ཁང་བཞེས་ནས་བསྟན་པ་སྤེལ་བ་ལ་སྨད་འདུལ་ཟེར།
རྒྱལ་པོ་གླང་དར་མས་བསྟན་པ་བསྣུམས་པའི་རྗེས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ནས་པཎྜིཏ་དྷ་མ་པཱ་ལ་སོགས་གདན་དྲངས།
མང་པོས་བསྙེན་པར་རྫོགས། མཁས་པ་མང་པོ་ལས་ཆོས་གསོན་ནས་རིམ་བཞིན་བསྟན་པ་སྤེལ་བ་ལ་སྟོད་འདུལ་ཟེར།
༤༽བསྡུས་གྲྭ་སྲོལ་གཏོད་མཁན་སུ་ཡིན་ནམ།
ལན། ཆ་པ་ཚོས་ཀྱི་སེང་གེ་ཡིན་ནོ།
༥༽ཚད་མ་གསར་རྙིང་གི་གོ་དོན་གང་ཡིན་ནམ།
ལན། ཚད་མ་རྙིང་མ། ལོ་ཙཱ་བ་རིན་ཆེན་བཟང་པོའི་སློབ་མ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྱུར་དང་།
དེའི་རང་འགྲེལ་སོགས་བརྩམས་ཏེ་འཆད་ཉན་ནས་ཁྱུང་པོ་གྲགས་སེ་སོགས་ཀྱི་བར་འཆད་ཉན་སྤེལ་བའི་ལོ་དག་ལ་ཟེར།
ཚད་མ་གསར་མ། ཕྱིས་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནས་བྱུང་བའི་ཚད་མ་གསར་མར་གྲགས་པ་རྣམས་ལ་ཟེར།
༦༽གསང་སྔགས་གསར་རྙིང་གི་དབྱེ་མཚམས་ཇི་ལྟར་ཡིན་ནམ།
ལན། གསང་སྔགས་རྙིང་མ། དུས་རབས་བདུན་པའི་དཀྱིལ་དུ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་སོགས་བོད་དུ་གནས་དྲངས་ནས་གསང་སྔགས་ཀྱི་ཆོས་མང་པོ་བསྒྱུར་བ་ནས་བཟུང་དུས་རབས་བཅུ་པའི་མཇུག་བར་དུ་དར་བའི་གསང་སྔགས་ཀྱི་ཆོས་ལ་ཟེར།
གསང་སྔགས་གསར་མ་ནི། དུས་རབས་བཅུ་གཅིག་པའི་འགོར་བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྐྱར་གསོ་བྱུང་སྐབས་མངའ་རིས་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་།
མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་བསྒྱུར་བའི་གསང་སྔགས་ཀྱི་ཆོས་ལ་ཟེར།
༧༽ཁུ་རྔོག་འབྲོམ་གསུམ་སུ་རེད།
ལན། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། ༢)རྔོག་ལེགས་པའི་ཤེས་རབ། ༣)འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།
༨༽མར་པ་ལོ་ཙཱ་བའི་སློབ་མ་ཀ་ཆེན་བཞི།
ལན། ༡)རྔོག་ཆོས་སྐུ་རྡོ་རྗེ། ༢)དོལ་གྱི་མཚུར་སྟོན་དབང་གི་རྡོ་རྗེ།
༣)གཙང་རོང་གི་མེས་སྟོན་ཆེན་པོ། ༤)རྗེ་བཙུན་མི་ལ་རས་པ།
༩༽རྔོག་ལོ་བློ་ལྡན་ཤེས་རབ་ཀྱི་བུ་ཆེན་བཞི།
ལན། ༡)ཞིང་ཚེ་སྤོང་བ་ཆོས་ཀྱི་བླ་མ། ༢)ཞིང་གྲོ་ལུང་པ་བློ་གྲོས་འབྱུང་གནས།
༣)ཁྱུང་རིན་ཆེན་གྲགས། ༤)འབྲི་ཤེས་རབ་འབར་རྣམས་སོ།
༡༠༽ཇོ་སྲས་བཞི། ལན། ༡)འཁོན་ཇོ་སྲས།
༢)རྗོག་ཇོ་སྲས་ར་མོ། ༣)ཁུ་ཇོ་སྲས་ནེ་ཙོ།
༤)གཉོས་ཇོ་སྲས་དཔལ་ལེ།
༡༡༽བོད་ཀྱི་མཁས་པ་མི་གསུམ།
ལན།༡ ༽གཙང་རབ་གསལ། ༢ ༽གཡོ་དགེ་འབྱུང་། ༣ ༽དམར་ཤཱཀྱ་མུ་ནེ་གསུམ་རེད།
༡༢༽གང་འདྲ་ཞིག་ལ་ལས་བསྡོམས་སྙན་ཐོ་ཟེར།
ལན། གཞུང་དོན་སྒྲུབ་ཆེད་ཕྱི་ལ་འགྲོ་བའམ། ལས་དོན་ཞིག་བསྒྲུབས་ཏེ་གང་འདྲ་ཞིག་བྱུང་ཡོད་མེད་ཀྱི་ཐོ་བྲིས་པ་ལ་ཟེར།
༡༣༽ལས་བསྡོམས་སྙན་ཐོ་ལ་དོན་ཚན་གཙོ་བོ་གང་དང་གང་ཚང་དགོས་སམ།
ལན། ༡)ཡིག་རིགས་གང་ཡིན་འགོ་བརྗོད། ༢)ལས་ཀ་འོག་འཛུགས་དང་། ལས་དོན་འགོ་འཛུགས་དང་འབྲེལ་བའི་ཟླ་ཚེས་ཁ་གསལ།
༣)ལས་དོན་དངོས། ༤)ལས་བསྡོམས་འབུལ་མཁན་གྱི་མིང་དང་ཟླ་ཚེས་འགོད་དགོས།
༡༤༽རྒྱབ་གཉེར་ཡི་གེ་ཞེས་པ་ག་འདྲ་ཞིག་ལ་ཟེརརམ།
ལན། ལས་ཁུངས་སོགས་ཀྱིས་སྤྱི་སྒེར་གང་རུང་ལ་རྒྱབ་སྐྱོར་མཚོན་བྱེད་ཀྱི་ཡིག་རིགས་ཤིག་ལ་ཟེར།
༡༥༽རྒྱབ་གཉེར་ཡི་གེ་ལ་དོན་ཚན་གང་དག་ཚང་དགོས་སམ།
ལན།༡)འགོ་བརྗོད་ཁ་བྱང་། ༢)རྒྱབ་གཉེར་འབུལ་ཡུལ། ༣)རྒྱབ་གཉེར་ནང་དོན། ༤)རྒྱབ་གཉེར་གནང་མཁན་གྱི་ལས་ཁུངས་འགན་འཛིན་མཚན།
༥)མཇུག་ཏུ་ཟླ་ཚེས།
༡༦༽སྐྱབས་རྟེན་ཞེས་པ་གང་འདྲ་ཞིག་ལ་ཟེར་རམ།
ལན། རང་གི་དད་ཡུལ་དུ་གྱུར་པའི་བླ་མ་མཁན་སྤྲུལ་རྣམས་ལ་དད་རྟེན་དང་བཅས་པ་སྐྱབས་འཇུག་ཞུ་བའི་ཡི་གེ་ལ་ཟེར།
༡༧༽སྐྱབས་རྟེན་ལ་དོན་ཚན་གང་འདྲ་ཚང་དགོས་སམ།
ལན། ༡) འགོ་བརྗོད་ཁ་བྱང་། ༢)འབུལ་ཡུལ། ༣)དད་ལྡན་གང་གི་ཆེད་དུ། ༤)ནང་དོན་དངོས། ༥)མཇུག་བསྡུའི་གསོལ་འདེབས། (འདི་ལ་ཟླ་ཚེས་འབྲི་སྲོལ་མེད།)
༡༨༽བསྔོ་རྟེན་ཞེས་པ་གང་འདྲ་ཞིག་ལ་ཟེར་རམ།
ལན།ཚེ་ལས་འདས་ཤིག་གི་ཆེད་དུ་སྐྱབས་ཡུལ་བླ་མ་སོགས་ལ་དད་རྟེན་དང་བཅས་བར་དོའི་འཇིགས་སྐྲག་ལས་གྲོལ་བ་དང་།
མྱུར་དུ་དར་རྟེན་རྒྱུད་སངས་རྒྱས་གོ་འཕང་འཐོབ་པའི་སྐྱབས་འཇུག་ཞུ་བའི་ཡི་གེ་ལ་ཟེར།
༡༩༽བསྔོ་རྟེན་ལ་དོན་ཚན་གང་དག་ཚང་དགོས་སམ།
ལན།༡)འགོ་བརྗོད་ཁ་བྱང་། ༢)འབུལ་ཡུལ། ༣)ཚེ་འདས་གང་གི་ཆེད། ༤)འབུལ་རྟེན་གྲངས„༥)མཇུག་བསྡུའི་གསོལ་འདེབས། (འདི་ལ་ཟླ་ཚེས་འབྲི་སྲོལ་མེད།)
༢༠༽ཡེ་ཤེས་ཆོས་སྐུ་ཡི་དོན་ཕྲིས།
ལན། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་མཐའ་དག་རང་ཉིད་ཀྱི་མདུན་ན་ཡོད་པ་ལྟར་མངོན་སུམ་དུ་གཟིགས་པའི་ཀུན་མཁྱེན་ཡེ་ཤེས་ཟེར།
༢༡༽ངེས་པ་ལྔ་གྲངས་འདྲེན་གྱིས།
ལན།༡)གནས་ངེས་པ། ༢༳)སྐུ་ངེས་པ། ༣)འཁོར་ངེས་པ།
༤)ཆོས་ངེས་པ། ༥)དུས་ངེས་པ།
༢༢༽གདུལ་བྱ་རྣམས་ཀྱིལ་མཇལ་བ་དང་མི་མཇལ་བའི་སྐུ་གང་ཡིན་ནམ།
ལན། སྐུ་བཞི་ལས་ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུ་གདུལ་བྱ་རྣམས་ཀྱིས་མཇལ་མི་ནུས། ལོངས་སྐུ་དང་སྤྲུལ་སྐུ་གཉིས་མཇལ་ནུས།
༢༣༽སྤྲུལ་སྐུའི་དབྱེ་བ་ཅི་ཡོད་དཔེ་མཚོན་དང་བཅས་ཏེ་ཕྲིས།
ལན། དབྱེ་བ་གསུམ་ཡོད། མཆོག་གི་སྤྲུལ་སྐུ། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། རིམ་པ་བཞིན་དཔེར།
བདག་ཅག་སྟོན་པ། ༢)བཟོ་བའི་རྒྱལ་པོ་བི་ཤྭ་ཀརྨར་སྤྲུལ་པ་ལྟ་བུ། ༣༳)རི་དྭགས་རུ་རུར་སྤྲུལ་པ་ལྟ་བུ།
༢༤༽སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས་བསྡུས་པ་གསུམ་གང་དང་གང་ཡིན་ནམ།
ལན། སྐུའི་འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ། གསུང་གི་འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ།
ཐུགས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ་བཅས་སོ།
༢༥༽འབྲས་བུ་སངས་རྒྱས་ཀྱི་སྐུ་འཐོབ་པ་ལ་བསླབ་པ་སློབ་གཉེར་ཇི་ལྟར་བྱས་དགོས་པ་སྙིང་བསྡུས་ཤིག་བྲིས།
ལན།བདེན་གཉིས་ཀྱི་རྣམ་གཞག་ངེས་པར་བྱས་ནས་སྡེ་སྣོད་གསུམ་གྱི་བརྗོད་བྱ་ལམ་ཐབས་ཤེས་ཀྱི་ཉམས་ལེན་བསླབ་པ་གསུམ་ལ་བརྟེན་ནས་ཐེག་པ་ཆེ་ཆུང་གི་ལམ་བགྲོད་ཚུལ་སོགས་ལ་ཞིབ་ཏུ་སློབ་ནས་ཉམས་སུ་བླངས་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཡིན།
༢༦༽སྐུ་བཞི་གང་དང་གང་ཡིན་ནམ།
ལན། སྤྲུལ་སྐུ། ལོངས་སྐུ། ངོ་བོ་ཉིད་སྐུ། ཡི་ཤེས་ཆོས་སྐུ།
༢༧༽སྟོབས་བཅུ་སོ་སོར་ངོས་འཛིན་བྲིས།
ལན། ༡)གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ༢)ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས།
༣)བསམ་གཏན་དང་རྣམ་ཐར་སོགས་མཁྱེན་པའི་སྟོབས། ༤)དབང་པོ་མཆོག་དང་མཆོག་མ་ཡིན་པའི་སྟོབས། ༥)མོས་པ་སྣ་ཚོགས་མཁྱེན་པའི་སྟོབས།
༦)ཁམས་བཅོ་བརྒྱད་མཁྱེན་པའི་སྟོབས། ༧)སྲིད་ཞི་ཐམས་ཅད་དུ་མཁྱེན་པའི་སྟོབས།
༨)སྔོན་གནས་དྲན་མཁྱེན་པའི་སྟོབས། ༩)འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས།
༡༠)ཟག་པ་དང་ཟད་པ་མཁྱེན་པའི་སྟོབས་བཅུའོ།
༢༨༽མཛད་པ་བཅུ་གཉིས་བྲིས།
ལན།༡)དགའ་ལྡན་གནས་ནས་འཕོ་བའི་མཛད་པ། ༢)ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་པ།
༣)སྐུ་བལྟམས་པའི་མཛད་པ། ༤)བཟོ་བའི་གནས་ལ་མཁས་པའི་མཛད་པ།
༥)བཙུན་མོ་འཁོར་དུ་རོལ་བའི་མཛད་པ། ༦)རབ་ཏུ་བྱུང་བའི་མཛད་པ།
༧)དཀའ་བ་སྤྱད་པའི་མཛད་པ། ༨)བྱང་ཆུབ་ཤིང་དྲུང་དུ་གཤེགས་པའི་མཛད་པ།
༩)བདུད་བཅོམ་པའི་མཛད་པ། ༡༠)སངས་རྒྱས་པའི་མཛད་པ།
༡༡)ཆོས་འཁོར་བསྐོར་བའི་མཛད་པ། ༡༢)མྱ་ངན་ལས་འདས་པའི་མཛད་པ་བཅས་སོ།
༢༩༽ངེས་པ་ལྔ་པོ་དེ་སྐུ་བཞིའི་ནང་ཚན་གང་ལ་ཚང་མིན་གསལ་བར་བྲིས།
ལན། ངེས་པ་ལྔ་དེ་ལོངས་སྐུ་ལ་ཚང་ལ། སྤྲུལ་སྐུ་ལ་མི་ཚང་། ལོངས་སྐུ་ལ་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་དང་།
སྤྲུལ་སྐུ་ལ་ངེས་པ་ལྔ་མི་ལྡན་པའི་གཟུགས་སྐུ་ཡིན་པས་སོ། གཞན་གཉིས་ལའང་མི་ལྡན་ནོ།
༣༠༽ས་མཚམས་སུ་ཡིད་སྐྱོའི་རང་བཞིན་གང་མཐོང་རྒྱུ་ཡོད་དམ།
ལན། ས་མཚམས་སུ་རྒྱའི་དར་ཆ་དམར་པོ་སྒྲེང་པ་དང་། མའོ་ཙེ་ཏུང་གི་འདྲ་རིས་དེ་དག་མཐོང་བ་ན་ཡིད་སྐྱོའི་རང་བཞིན་བྱུང་ངོ་།
༣༡༽ནེ་རུ་བོད་དུ་ཕེབས་མ་ཐུབ་པ་ཅི་ཡིན་ནམ།
ལན། ཁོང་གི་བདེ་འཇགས་སྐོར་འགན་འཁུར་མི་ཐུབ་པས་བོད་ལ་ཕེབས་མ་ཐུབ་པ་རེད།
༣༢༽༸གོང་ས་མཆོག་རྒྱ་གར་དུ་ཕེབས་སྐབས་རྒྱ་མིས་བཀའ་ཤག་གི་ཚོགས་འདུར་གང་བརྗོད་དམ།
ལན།བོད་ནང་གི་བཅོས་བསྒྱུར་སྐོར་བོད་མིས་སེམས་ཁྲེལ་བྱེད་ཀྱི་ཡོད་པ་རྒྱ་ནག་གཞུང་ནས་ཤེས་ཀྱི་ཡོད།
མི་མང་གི་འདོད་པ་དང་མ་བསྟུན་པར་བསྒྱུར་བཅོས་བྱེད་འདོད་མེད། ལོ་དྲུག་རིང་བསྒྱུར་བཅོས་འགྱངས་པ་ཡིན་ཞེས་བརྗོད་འདུག
༣༣༽༸གོང་ས་མཆོག་གིས་ནིའུ་དི་ལླིར་རྒྱ་ནག་དཔོན་པོ་སུ་ལ་ཐུག་འཕྲད་གནང་ཡོད་དམ།
ལན། ཀྲོའུ་ཨན།
༣༤༽རྒྱ་མིས་ནང་ཆོས་གང་འདྲ་རེད་ཅེས་དྲིལ་བསྒྲགས་བྱས་ཡོད་དམ།
ལན། ཆོས་ཟེར་བ་འདིས་མི་མང་ལ་གཉའ་གནོན་བྱེད་མཁན་དང་། སངས་རྒྱས་རང་ཉིད་ལོག་སྤྱོད་པ་ཡིན་ཚུལ་སྦྱར་ཡིག་དང།
གསར་ཤོག་ཁག་བྲིས་ཏེ་དྲིལ་བསྒྲགས་བྱས་ཡོད།
༣༥༽རྒྱ་མིས་བོད་ཤར་ཕྱོགས་ས་ཁུལ་བོད་མི་ལ་ཉེས་འགེལ་མི་བྱེད་ལུགས་མཐུན་ཁས་ལེན་གྱི་ཡི་གེ་མ་སྤྲད་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། རྒྱ་མིའི་ངོ་གདོང་ཉམས་དམས་ཡོང་རྒྱུ་ཞེས་རྒྱུ་མཚན་གང་བྱུང་རང་དགར་བཀོད་དེ་ཁས་ལེན་ཡི་གེ་མ་སྤྲོད་པ་རེད།
༣༧༽སྤྱིར་བོད་ཀྱི་ཡི་གེ་ལ་རྟགས་ཀྱི་དབྱེ་བ་གང་དག་ཡོད་དམ།
ལན། ཨྭ་ལི་གསལ་བ་བྱེད་པའི་དབྱངས་མོ་དང་། ཀཱ་ལི་གསལ་བར་བྱེད་པའི་གསལ་བྱེད་ཕོ་བཅས་རྟགས་ཀྱི་དབྱེ་བ་གཉིས་ཕྱེ་ཡོད།
༣༨༽མིང་གཞིའམ་གསལ་བྱེད་ཀྱི་ཡི་གེ་རྣམས་ལ་རྟགས་ཀྱི་དབྱེ་བ་ག་ཚོད་ཕྱེ་ཡོད་དམ།
ལན།མིང་གཞི་ལ་རྟགས་ཀྱི་དབྱེ་བ་ལྔ་ཕྱེ་ཡོད།༡)ཀ་ཅ་ཏ་པ་ཙ་རྣམས་ཕོ། ཁ་ཆ་ཐ་ཕ་ཚ་མ་ནིང་། ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་རྣམས་མོ།
ང་ཉ་ན་མ་ཤིན་ཏུ་མོ། ར་ལ་ཧ་ཨ་མོ་གཤམ།
༣༩༽མོ་ཡིག་ཡི་གེའི་ནང་ནས་ནི།
།ཞེས་པའི་མོ་ཡིག་གང་ལ་གོ་དགོས་སམ།
ལན།མོ་ཙམ་དང་། ཤིན་ཏུ་མོ། མོ་གཤམ་གསུམ་གཅིག་ཏུ་བྱེད་པའི་མོ་ཡིག་ཉི་ཤུ་ལ་གོ་དགོས།
༤༠༽བྱ་ཚིག་ལ་དབྱེ་ན་གང་དག་ཡོད་དམ།
ལན། བྱེད་འབྲེལ་དང་བྱེད་མེད་ལས་ཚིག་གཉིས་སུ་ཡོད།
༤༡༽བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་ལ་ཁྱད་པར་གང་ཡོད་དམ།
ལན།བྱ་བ་གང་ཞིང་བྱེད་པ་པོ་དང་འདྲེས་ནས་བདག་གཞན་དུས་སོགས་ཕྱེ་རྒྱུ་ཡོད་པ་ཞིག་ལ་བྱེད་འབྲེལ་ལས་ཚིག་དང་།
བྱ་བ་གང་ཞིག་བྱེད་པ་པོ་དང་དངོས་སུ་མ་འདྲེས་པ་དང་བདག་གཞན་དབྱེ་བ་ཕྱེ་རྒྱུ་མེད་པ།
༤༢༽རྗེས་འཇུག་མོ་ཡིག་གང་དག་ཡིན་པ་དང་།
དེ་ལ་ནང་གསེས་དབྱེ་བ་གང་དག་ཡོད་དམ།
ལན། རྗེས་འཇུག་གི་མོ་ཡིག་ང་མ་འ་གསུམ་དང་། དེ་ལ་ནང་གསེས་མོ་དང་མོ་ཙམ་གཉིས་སུ་ཡོད།
༤༣༽བདག་གཞན་གྱི་རྣམ་གཞག་སྐོབ་རྒྱས་པ་བྲིས།
ལན། ལས་གང་ཞིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཀྱི་དབང་དུ་བྱས་ནས་དེ་ཡི་བྱེད་པོ་དང་བྱེད་པ་གཉིས་ལ་དངོས་པོ་བདག་ཟེར།
དཔེར་ན། དོན་གྲུབ་ཀྱིས་སྟ་རེས་ཤིང་གཅོད་པར་བྱེད། ལྟ་བུར་མཚོན་ན།
དོན་གྲུབ་དང་སྟ་རེས་དངོས་པོ་བདག ༢༽ སྒྲོལ་མས་སྨྱུ་གུ་ཡི་གེ་བྲིས་ལྟ་བ་ལ་ཆ་མཚོན་ན།
སྒྲོལ་མ་དང་སྨྱུ་གུ་གཉིས་དངོས་པོ་བདག ༣ ༽
ཚེ་རིང་གིས་གྲིས་ཤིང་ཏོག་བཏུབ།
ལྟ་བ་ནང་དུ་ཚེ་རིང་དང་གྲི་གཉིས་དངོས་པོ་བདག་ལྟར་བུའོ།
2 ༽ལས་གང་ཞིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱེད་ན་བྱ་ཡུལ་དང་།
བྱ་བ་ལ་དངོས་པོ་གཞན་ཟེར།
གང་གི་དཔེར་བརྗོད་ལ་སྦྱར་ནས་བཤད་ན། ༡
༽ཤིང་དང་ཤིང་དུམ་འགྲོ་བའི་ཆ་གཉིས་དངོས་པོ་གཞན། ༢
༽ཡི་གེ་བྲིས་ས་དེབ་དང་བྲིས་ནས་ཡི་གེ་གསལ་བ་གཉིས་དངོས་པོ་གཞན། ༣
༽ཤིང་ཏོག་དང་བཏུབ་ནས་དུམ་བུ་དུམ་བུ་འཕོ་འགྱུར་འགྲོ་བའི་ཆ་གཉིས་ནི་དངོས་པོ་གཞན་ཡིན།
༤༥༽རྗེས་འཇུག་རྒྱུ་མཚན་གང་ལ་བརྟེན་ནས་ཕོ་མོ་མ་ནིང་གསུམ་དུ་དབྱེ་བ་མཛད་དམ།
ལན། རྗེས་འཇུག་རྣམས་རང་གི་འཇུག་ཡུལ་གྱུར་པའི་མིང་གཞི་དང་སྦྱར་ཏེ་ངག་ནས་ཀློག་པའི་ཚེ་སྒྲ་གདངས་མི་འདྲ་བའི་ཆ་ནས་བཞག་གོ།
༤༦༽སྔོན་འཇུག་ཕོ་བ་ཡིག་གི་འཇུག་ཡུལ་མིང་གཞིའི་ཡི་གེ་ག་ཚོད་ཡོད་དམ་རེ་རེ་ནས་བྲིས།
ལན། ཕོ་ཡིག་བ་ནི་ཀ་ཅ་ཏ། ཙ་ག་ང་ཇ་ཉ་ད་ན། ཛ་ཞ་ཟ་ར་ཤ་སར་འཇུག
༤༧༽སྔོན་འཇུག་ཤིན་ཏུ་མོ་མ་ཡིག་གི་འཇུག་ཡུལ་མིང་གཞིའི་ག་ཚོད་ཡོད་རེ་རེ་ནས་བྲིས།
ལན། ཤིན་ཏུ་མོ་མ་ཡིག་ནི། ཁ་ཆ་ཐ་ཚ་ག་ཇ་ད། ཛ་ང་ཉ་ན་རྣམས་ལ་འཇུག
༤༨༽སྙན་ངག་གི་གོ་དོན་བྲིས། ལན་རྣ་བ་སྙན་ཞིང་ཡིད་ལ་འཇེབས་པ་ཞིག་ལ་ཟེར།
༤༩༽གཟུགས་རྒྱན་གྱི་གོ་དོན་བྲིས།
དཔེ་ཅན་དཔེའི་གཟུགས་སུ་བཀོད་པའམ་ངོ་བོ་གཅིག་ཏུ་གྲུབ་པ་ལྟར་བསྟན་པའི་ཚིག་རྒྱན་ལ་ཟེར།
༥༠༽རབ་རྟོག་གི་རྒྱན་གྱི་གོ་དོན་བྲིས།
ལན། བརྗོད་གཞིའི་དངོས་པོ་དེའི་གནས་ལུགས་དངོས་དེ་མ་བརྗོད་པར། དེ་ཉིད་གཞན་ཞིག་ཏུ་སྒྲོ་བཏགས་ནས་བརྗོད་པའི་ཚིག་རྒྱན་ལ་ཟེར།
ས་མཐའི་ཁུ་བྱུག་གིས་ཡིག་འཇུག་བྱས། ཁ་དྲོ། བཀྲིས།
No comments:
Post a Comment