Friday, March 16, 2018

འཛིན་གྲྭ་བཅུ་གཅིག་བོད་ཡིག་སློབ་ཚན་གྱི་གལ་ཆེའི་དྲི་བ་དྲིས་ལན།


འཛིན་གྲྭ་བཅུ་གཅིག་བོད་ཡིག་སློབ་ཚན་གྱི་གལ་ཆེའི་དྲི་བ་དྲིས་ལན།
༡ ༽དྲི་བ། མཛངས་བློན་བདུན་ནི།
༡༽ རུ་ལས་སྐྱེས། ༢༽ལྷ་བུ་མགོ་དཀར། ༣༽ ༼  ཁྲི་༽ངོར་སྣང་བཙན་མོང་། ༤༽ཐོན་མི་སམ་བྷོ་ཊ། ༥༽ཁྲི་བཟང་ཡང་སྟོན་སྙགས། ༦༽མགོས་བཟང་ཡབ་ལྷག ༧༽སྟག་བཙན་གདོང་གཟིགས་བཅས་སོ། དེ་དག་ལས་བཀྲིན་ཆེ་ཤོས་ནི་ཡི་གེ་བཟོ་མཁན་ཐོན་མི་སམ་བྷོཊ་ཡིན།

དྲི་བ། བོད་ཀྱི་བཙན་པོ་ཐོག་མ་སུ་ཡིན་ནམ། གཉམ་གྱི་ཁྲི་བདུན་ངོས་བཟུང་།
ལན། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན། གནམ་གྱི་ཁྲི་བདུན་ནི། ༡ ༽་གཉའ་ཁྲི་བཙུན་པོ། ༢ ༽་མུ་ཁྲི་བཙན་པོ། ༣ ༽དེང་ཁྲི་བཙན་པོ། ༤ ༽སོ་ཁྲི་བཙན་པོ། ༥ ༽མེ་ཁྲི་བཙན་པོ། ༦ ༽གདགས་ཁྲི་བཙན་པོ། ༧ ༽སྲིབ་ཁྲི་བཙན་པོ།

དྲི་བ། མཁན་སློབ་ཆོས་གསུམ་གྱི་མཚན་ཁ་གསལ་བྲིས།
༡༽མཁན་ཆེན་ཞི་བ་འཚོ། ༢༽སློབ་དཔོན་པདྨ་འབྱུང་། ༣༽ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།

དྲི་བ། བརྡ་སྤྲོད་པའི་གཞུང་སྨྲ་སྒོ་མཚོན་ཆ་ཞེས་པ་སུས་བརྩམས། དུས་རབས་བཅས་བྲིས།
ལན། རྒྱ་གར་བ་སློབ་དཔོན་པཎ་ཌིཏ་སྨྲཱྀན། ༼དྲན་པའི་ཡེ་ཤེས་གྲགས་པ། གྱིས་དུས་རབས་བཅུ་གཉིས་ནང་བརྩམས།


དྲི་བ།སྲོང་བཙན་སྒམ་པོས་ཁྱིམ་མཚེས་རྒྱལ་ཁབ་ནས་རིག་གནས་ནང་འདྲེན་སླད་རྒྱ་གར་ནས་མཁས་པ་སུ་དང་སུ་གདན་འདྲེན་ཞུས་ཡོད་དམ། ལན། དེ་དག་ནི་༡ ༽སློབ་དཔོན་ཀུ་ས་ར་དང་། ༢༽བྲམ་ཟེ་ཤང་ཀ་ར། ༣ ༽སློབ་དཔོན་ལི་བྱིན། ༤ ༽བལ་པོ་ཤཱི་ལ་མཛྙུ། ༥༽ཁ་ཆེའི་སློབ་དཔོན་ཏ་ནུ་ཏ། ༦༽གྷ་ནུ་ཏ། ༧༽རྒྱ་ནག་གི་སློབ་དཔོན་ཧཱ་ཤང་མ་ཧཱ་དེ་བ།

དྲི་བ། སྟོད་ཀྱི་སྟོང་གཉིས་གང་རེད།
ལན། ༡༽སྤུ་དེ་གུང་རྒྱལ་དང་། ༢༽གྲི་གུམ་བཙན་པོ་གཉིས་ཡིན།

དྲི་བ། བོན་སྒྲུང་ལྡེའུ་བཅས་ཀྱི་གོ་དོན།
ལན། ༡༽བོན། དགེ་སྒྲུབ་ལྷ་མཆོད་འདྲེ་འདུལ་མོ་རྩིས་སོགས། ༢༽སྒྲུང་། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་། ༣༽ལྡེའུ། ཁེད་འཇོག་པ་སྟེ། དཔེར་ན། ཐེམ་གཉེར་ལྦ་བ་ཆེ། སྲང་། ཅི་ཡིན་འདྲི་བ་སོགས། མི་བརྒྱ་ལ་སྐེ་རགས་གཅིག་གང་རེད་ཟེར་བ་སོགས།

དྲི་བ། རྒྱལ་པོ་ས་ལ་ལེགས་དྲུག་གང་རེད།
ལན། ༡ ༽ཨེ་ཤོས་ལེགས། ༢ ༽དེ་ཤོ་ལེགས། ༣ ༽ཐི་ཤོ་ལེགས། ༤༽གུ་རུ་ལེགས། ༥༽འབྲོང་ཞི་ལེགས། ༦ཨ་ཤི་ལེགས།

དྲི་བ། རྒྱལ་པོ་ལྡེ་བརྒྱད་སུ་དང་རེད།
ལན། ༡༽ཟ་ནམ་ཟིན་ལྡེ། ༢༽ལྡེ་འཕྲུལ་ནམ་གཞུང་བཙན། ༣༽སེ་སྣོལ་ནམ་ལྡེ། ༤༽སེ་སྣལ་བོ་ལྡེ། ༥༽ལྡེ་སྣོལ་ནམ། ༦༽ལྡེ་སྣོལ་བོ། ༧༽ལྡེ་རྒྱལ་པོ། ༨༽ལྡེ་སྤྲིན་བཙན།

དྲི་བ། རྒྱལ་པོ་འོག་གི་བཙན་བཞི་སུ་དང་སུ་རེད། 
ལན། རྒྱལ་ཏོ་རི་ལོང་བཙན། ༢༽་ཁྲི་བཅན་ནམ། ༣༽ཁྲི་སྒྲ་དཔུང་བཙན། ༤༽ཁྲི་ཐོག་རྗེ་བཙན།

དྲི་བ། སྤང་སྐོང་ཕྱག་རྒྱ་བ་དང་། མདོ་སྡེ་ཟ་མ་ཏོག་རྒྱལ་པོ་སུའི་རིང་བྱུང་ངམ། 
ལན། རྒྱལ་པོ་ལྷ་ཐོ་ཐོ་རི་སྐབས་བྱུང་ངོ་།

དྲི་བ། རྩལ་པོ་ཆེའི་མི་བདུན་སུ་དང་སུ་རེད།
ལན། ༡ ༽རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཐེག ༢ ༽རྡོག་གླིང་ཁམས་ཀྱིས་གཡག་གྲུས་པོ་ཆེ་ཐེག ༣ ༽གནོན་རྒྱལ་མཚན་གྱིས་མདའ་སྟེ་ཁམས་བྱ་ཁྲའི་སྐེད་པ་བཅད། ༤ ༽སྦས་མདོངས་ཅན་གྱིས་མིག་རྒྱངས་གསུམ་ལ་མདའ་རྒྱང་ལ་སླེབ། ༥ ༽མགོས་གཡག་ཆུང་གིས་ཤ་བའི་རླིད་བུ་བྱེ་མས་བཀང་སྟེ་ཀླད་ལ་བསྐོར། ༦ ༽ཅོག་རོ་འབྱོང་གཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས།
༧༽གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་མཆོངས་པ་གྱེན་ལ་འདྲེན་ནུས་སོ།

དྲི་བ། སད་མི་བདུན་སུ་དང་སུ་རེད།
ལན། ༡ ༽སྦ་གསལ་སྣང་། ༢ ༽མཆིམས་ཤཱཀྱ་བྲ་བྷ། ༣ ༽པ་གོར་བེེ་རོ་ཙཱ་ན། ༤ ༽ངན་ལམ་རྒྱལ་བ་མཆོག་དབྱངས། ༥ ༽རྨ་རིན་ཆེན། ༦ ༽འཁོན་ཀླུའི་དབང་པོ། ༧ ༽གཙང་ལེགས་གྲུབ།

དྲི་བ། ལྷ་ཆོས་དགེ་བ་བཅུ་གང་།
༡༽སྲོག་མི་གཅོད་པ། ༢༽མ་བྱིན་པ་མི་ལེན་པ། ༣༽མི་གཙང་པ་མི་སྤྱོད་པ། ༤༽རྫུན་མི་སྨྲ་བ། ༥ ༽ཚིག་ཚུབ་མི་སྨྲ་བ། ༦༽ ཕྲ་མ་མ་བྱེད་པ། ༧ ངག་འཁྱག་མི་བྱེད་པ། ༨ ༽མནར་སེམས་མི་བྱེད་པ། ༽༩ ༽གནོད་སེམས་མི་བྱེད་པ།  ༡༠༽ལོག་ལྟ་མི་བྱེད་པ།

དྲི་བ། མི་ཆོས་གཙང་མ་བཅུ་དྲུག་གང་དང་གང་རེད།
ལན། ༡ ༽དཀོན་མཆོག་ལ་གུས་པ། ༢ ༽དམ་ཆོས་སྒྲུབ་པ། ༣ ༽ཕ་མ་ལ་བཀུར་བ། ༤ ༽ཡོན་ཏན་ཅན་ལ་གོང་དུ་བཀུར་བ། ༥ ༽རིགས་མཐོ་བ་དང་རྒན་པ་ལ་བསྐུར་སྟི། ༦ ༽མཛའ་བཤེས་ལ་གཞུང་བསྲིང་བ། ༧ ༽ཡུལ་མི་པ་ཕན་འདོགས་པ། ༨ ༽ཡིད་དྲང་བ། ༩ ༽མི་ཡ་རབས་ལ་བལྟ་བ། ༡༠ ༽ཟས་ནོར་ལ་སྤྱོད་ཤེས་པ། ༡༡ ༽དྲིན་ཅན་ལ་ཕན་ལན། ༡༢ ༽བྲེ་སྲང་ལ་གཡོ་སྒྱུ་མེད་པ། ༡༣ ༽སྤྱི་སྙོམས་ཆེ་ཞིང་དང་ཕྲག་དོག་མེད་པ། ༡༤༽ཚུལ་མིན་བུད་མེད་ཀྱི་ཁ་ལ་མི་ཉན་པ། ༡༥༽ངག་འཇམ་ཞིང་སྨྲ་མཁས་པ། ༡༦ ༽ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ།

མི་ཆོས་གཙང་མ་བཅུ་དྲུག་གྲངས་འདྲེན་གཞན་ནི། ༡ ༽མི་དགེ་བཅུ་སྤོང་པའི་སྟེང་དུ། ༡༡ ༽མ་ལ་མར་འཛིན་པ། ༡༢ ༽ཕ་ལ་ཕར་འཛིན་པ། ༡༣ ༽དགེ་སྦྱོང་ལ་དགེ་སྦྱོང་དུ་འཛིན་པ། ༡༤ ༽བྲམ་ཟེ་ལ་བྲམ་ཟེར་འཛིན་པ། ༡༥ ༽རིགས་རྒན་རབས་ལ་བཀུར་བ།
 ༡༦ ༽དྲིན་དུ་བཟོ་བ་གཞན་ལ་ངན་གཡོ་སྤང་བ།

དྲི་བ། གཉན་པོ་གསང་བ་སྒྲོམ་ཁ་ཕྱེ་ཏེ་གང་བསྒྱུར་ཏམ།
ལན། དཔང་སྐོང་ཕྱག་རྒྱ་མ། མདོ་སྡེ་ཟ་མ་ཏོག ཙིན་ཏ་མ་ཎིའི་གཟུངས། མདོ་སྡེ་ལས་རྣམ་པར་འབྱེད་པའི་གཟུངས་སོགས།

དྲི་བ་སྲོང་བཙན་གྱི་རྒྱལ་ཁབ་གཞན་ནས་ལེགས་ཆ་གང་བླངས་སམ།
ལན། ཤར་ཕྱོགས་རྒྱ་དང་མི་ཉག་གི་ཡུལ་ནས་བཟོ་དང་རྩིས། ནུབ་ཕྱོགས་སྟག་གཟིག་བལ་པོ་སོགས་ནས་ཟས་ནོར་ལོངས་སྤྱོད་དྲངས། བྱང་ཕྱོགས་ཧོར་དང་ཡུར་གུར་ནས་ཁྲིམས་དང་ལསཀྱི་དཔེ་རྣམས་བླངས།

དྲི་བ་ལྷ་ཐོ་ཐོ་གཉན་བཙན་གྱིས་རྒྱ་གར་ནས་སྨན་པ་མཁས་པ་སུ་དང་སུས་གདན་དྲངས་སམ། 
ལན། སྨན་པ་བི་བྱི་དགའ་བྱེད་དང་། བུ་མོ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་གཉིས་གདན་དྲངས།

དྲི་བ། གཡུ་ཐོག་ཡོན་ཏན་མགོན་པོའི་ཡབ་ཀྱི་མཚན་གང་རེད། 
ལན། སྨན་པ་ཁྱུང་པོ་རྡོ་རྗེ་ཞུ་གི་ཡོད་རེད།

སློབ་ཚན་དྲུག་པའི་ནང་གི་གལ་ཆེན་རིགས།

དྲི་བ། ལོ་ཙཱ་བ་དྲག་ཆེ་བ་གང་དང་གང་རེད།
ལན། བེེ་རོ་ཙ་ན། ལྡན་མ་རྩེ་མང་། ཁ་ཆེ་ཨ་ནན་ཏ་སྟེ་ལོ་ཙཱ་བ་རྒན་པ་གསུམ། ༢ ༽ གཉགས་ཛྙ་ན་ཀུ་མ་ར། འཁོན་གླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་གསུམ། ༣ ༽ཀ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་པ་གསུམ་བཅས་དགུའོ། ཕྱིས་སུ་བརྒྱ་ཕྲག་བྱུང་ཡོད།

དྲི་བ། ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་སྨན་པ་མཁས་པ་དགུ་སུ་དང་སུ་རེད། ལན། སྨན་པ་གྲགས་ཅན་དགུ་ནི།
༡ ༽ རྒྱ་གར་བ(india)་ཤན་ཏི་གར་བྷ། ༢༽རྒྱ་ནག་པ(chinese)་སྟོང་གསུམ་གང་བ། ༣ ༽ལི་ཡུལ( turkistan )་བ་མ་ཧཱ་དེ་བ།
༤ ༽བལ་པོ་(Nepal)བ་ད་ན་ཤི་ལ། ༥ ༽ཁ་ཆེ་བ་ཁུ་ན་བཛྲ།༦ ༽སོག་པོ་(mongolian )བ་ན་ལ་ཤན་དིར། ༧ ༽དོལ་པོ་བ་ཁྱོམ་རུ་རྩེ། ༨ ༽གྲུ་གུ་1)སེང་གེ་འོད་ཅན། ༩ ༽ཁྲོམ་པ་ཤི་ལ་ན་སྟེ་དགུའོ།

དྲི་བ། རྒྱལ་བོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་སྐབས་སུ་དྲིན་ཅན་བློན་པོ་གསུམ་ངོས་འཛིན། 
ལན། དྲིན་ཅན་བློ་པོ་གསུམ་ནི་ཛི་ན་མི་ཏྲ་དང་། དན་ཤཱི་ལ་དང་། ཞང་ཡེ་ཤེས་སྡེ་གསུམ་ཡིན།
     གྲུ་གུ་་བོད་བྱང་རྒྱུད་དང༌། ཤིན་ཅང་གི་ས་འབྲེལ་ཁུལ་དུ་ཆགས་པའི་རྒྱལ་ཕྲན་ཞིག གནའ་དུས་ཀྱི་མི་རིགས་ཤིག་གམ་ཚོ་བ་ཞིག་གི་མིང་།

དྲི་བ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ནས་སློབ་དཔོན་སུ་གདན་དྲངས་སམ།གཙུག་ལག་ཁང་གང་བཞེངས།
ལན།རྒྱ་གར་ནས་སློབ་དཔོན་ཞི་བ་འཚོ་དང་། པདྨ་འབྱུང་གནས་རྣམ་གཉིས་སྤྱན་དྲངས། བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་སོ།

དྲི་བ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་གཞུང་གང་བརྩམས་ཡོད་དམ།
ལན། བཀའ་ཡང་དག་པའི་ཚད་མ་བམ་པོ་བདུན། དེའི་མདོ་བསྟན་བམ་པོ་གཅིག དེ་བཞིན་གཤེགས་པའི་སྐད་བརྡ་བམ་པོ་ལྔ། བྱམས་པའི་བསྟོད་ཆེན་བམ་པོ་གཅིག་ལྷག་པ་སོགས་བསྟན་བཅོས་གཞུང་ཚད་ཆེ། གྲུབ་པའི་མཐའ་དགྲོལ་བ། དབུ་མའི་གཟེར་བུ། བསམ་གཏན་གྱི་དོགས་པ་བརྒྱད་བསལ་བ། ལྷ་བཙན་པོས་བཀས་བཅད་སོགས་དང་། འཕགས་པ་རྣམ་སྣང་། ཤཱཀྱ་ཐུབ་པ། འཇམ་དཔལ། བྱམས་པ། མི་གཡོ་མགོན། བྱང་ཆུབ་སེམས་དཔའ་བརྒྱ་ལ་བསྟོད་པ་སོགས་གཞུང་ཚད་ཆུང་བའི་བསྟན་བཅོས་དུ་མ་མཛད་དོ།

དྲི་བ། རྒྱལ་པོ་ཁྲི་རལ་བ་ཅན་གྱི་བཀས་གསར་གསུམ་མཛད་པ་གང་རེད།
ལན། ༡ ༽སྐད་གསར་བཅད་ཀྱི་བཀས་བཅད། ༢ ༽འདུལ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་གཞན་པའི་སྡེ་པ་དག་གི་སྡེ་སྣོད་མི་བསྒྱུར་བར་བཀས་བཅད། ༣ ༽གསང་སྔགས་མ་རྒྱུད་རྣམས་མ་བསྒྱུར་ཅིག་ཅེས་བཀས་བཅད་དོ།

དྲི་བ། རྒྱལ་པོ་གླང་དར་མ་ལ་མིང་དེ་ལྟར་འདོགས་དོན་ཅི།
ལན། རྒྱལ་པོ་འདི་ཆུང་དུས་ནས་གཟུགས་བ་ལང་གི་ཤ་ཚུགས་དང་འདྲ་ཞིང་། བློ་རྟུལ་ལ་རྒྱུད་གྱོང་བས། འབངས་རྣམས་ཀྱིས་གླང་དར་མ་ཞེས་འདོགས།  མཚན་དངོས། འུ་དུམ་བཙན་པོ་ཟེར།

དྲི་བ། གླང་དར་བསྟན་པ་བཤིག་སྐབས་མདོ་སྨད་དུ་བྱོན་པའི་བོད་ཀྱི་མཁས་པ་གསུམ་སུ་རེད།
ལན། ༡ ༽འཇད་པ་གཙང་རབ་གསལ། ༢ ༽བོ་དོང་བ་གཡོ་དགེ་འབྱུང་། ༣ ༽སྟོང་ལུངས་པ་དམར་ཤཱཀྱ་མུ་ནེ་གསུམ་རེད།
དྲི་བ། བོད་ཀྱི་མཁས་པ་མི་གསུམ་སུ་རེད། ལན། ༡༽གཙང་རབ་གསལ། ༢༽གཡོ་དགེ་འབྱུང་། ༣༽དམར་ཤཱཀྱ་མུ་ནེ་གསུམ་རེད།

དྲི་བ། བསྟན་པའི་མེ་རོ་སྨད་ནས་གསོ་མཁན་གཙོ་བོ་སུ་རེད།
ལན། བླ་ཆེན་དགོངས་པ་རབ་གསལ་རེད། ཁོང་གི་སྐུ་གདུང་ཟི་ལིང་དུ་བཞུགས། བླ་ཆེན་གྱིས་བསྟན་པའི་མེ་རོ་སྨད་ནས་གསོ་བས་སྙན་པའི་གྲགས་པ་དབྱར་སྐྱེས་ཀྱི་རྔ་ལྟར་རབ་ཏུ་གྲགས་སོ།

ཀ ༽ བོད་ཀྱི་མཛངས་བློན་བདུན་གྱི་གོ་རིམ་དང་མཛངས་པའི་ལས་སོགས་བྲིས།
ཨང་།   བཙན་པོའི་མཚན། མཛངས་བློན་གྱི་མཚན།     མཛངས་པའི་ལས།
     པུ་དེ་གུང་རྒྱལ།་   རུ་ལས་སྐྱེས     ཐོང་གཤོལ་བཟོ་བ་དང་། ཞིང་ལ་ཆུ་འདྲེན་བ་སོཊ
     ཨེ་ཤོ་ལེགས།    ལྷ་བུ་མགོ་དཀར།  ཞིང་ལ་དོར་ཁ་རྩིས། འབྲོག་ལ་ཐུར་རྩིས་སོགས།
     སྟག་རི་གཉན་གཟིགས།     ངོར་སྣང་བཙན་མང་།      བྲེ་སྲང་བཅོས། འབྲུ་མར་འཇལ་བྱེད།་ཚོང་ལས།
     སྲོང་བཙན་སྒམ་པོ། ཐོན་མི་སམ་བྷོ་ཊ།  བོད་ཡིག་གསར་བཟོ། མདོ་བསྟན་བསྒྱུར་བ་སོགས
     སྲོང་བཙན་སྒམ་པོ།       གཉགས་ཁྲི་བཟང་ཡང་སྟོན།  མཁར་བརྩིགས་ནས་གྲོང་ཁྱེར་བཅོས་བ་སོགས།
     ཁྲི་སྲོང་ལྡེ་བཙན།  འགོས་ཁྲི་བཟང་ཡབ་ལྷག    ཁྲིམས་ལུགས་གསར་གཏོད་སོགས།
     ཁྲི་སྲོང་ལྡེའུ་བཙན། སྟག་བཙན་གདོང་གཟིགས།  ཁྱིམ་མི་རེ་ལ་རྟ་མཛོ་བ་གསུམ་ཆ་སྙོམས་བགོས།

དྲི་བ། བཙན་པོ་ཁྲི་རལ་པ་ཅན་གྱི་མཚན་དངོས་ལ་ཁྲི་གཙུག་ལྡེ་བཙན་ཞེས་ལོ་རྒྱུས་དེབ་ཐེར་གང་ན་ཡོད་དམ།
ལན། ལོ་རྒྱུས་དེབ་ཐེར་བུ་སྟོན་ཆོས་འབྱུང་། དེབ་དམར། དེབ་སྔོན། མཁས་པའི་དགའ་སྟོན། ས་སྐྱའི་བསྟན་པ་སྤྱིའི་ཆོས་འབྱུང་། ཀློང་ཆེན་ཆོས་འབྱུང་། བཀའ་གཙིགས་ཆེན་མོ། རྡོ་རིང་གི་ཡི་གེ  ཏུན་ཧོང་གཏེར་ཡིག་སོགས་ལ་གཅིག་མཐུན་ཡོད།

རྟགས་འཇུག་ལས་རང་མོས་བཞི་ལ་ལན་བྲིས།

༡ ༽ སི་ཏུའི་ཞལ་ལུང་འདི་མཛད་པ་པོ་སུ་ཡིན། རྣམ་ཐར་མདོར་བསྡུར་བྲིས།
ལན། སི་ཏུའི་ཞལ་ལུང་མཛད་པ་པོ་དངུལ་ཆུ་དྷརྨ་བྷ་དྲའམ་དངུལ་ཆུ་བླ་མ་ཆོས་བཟང་ཡིན། ཁོང་གི་རྣམ་ཐར་ནི། ཕྱི་ལོ་༡༧༧༢ ལོར་སྐུ་འཁྲུངས། དགུང་ལོ ༡༡ སྐབས་སུ་སྐུ་ཞང་རྒན་པོ་ལྷ་བུ་ཞེས་པའི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་སྦྱང་འགོ་བཙུགས། ཁྱིམ་ཚང་ཤིན་ཏུ་དབུལ་པོ་༼་སྐྱོ་བོ ༽ཡིན་པས་ཆུང་བྱིས་པའི་དུས་སུ་ར་ལུག་འཚོ་རྫིའི་ཞོར་ལ་རྡོ་ལེབ་དང་ས་གཞི་ངོས་སྙོམས་སོགས་ལ་ཡི་གེ་འབྲི་སྦྱོང་བྱས། དགུང་ལོ་༡༤ སྐབས་མཁན་པོ་ངག་དབང་རྡོ་རྗེའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རིམ་བཞིན་བླངས། སྐབས་དེར་འཚོ་རྟེན་ཤིན་ཏུ་ཞན་པས་རང་གི་འཚོ་བ་ངན་ངོན་ ༼འདང་ཙམ༽ཁོ་ནར་བསྟེན། གཅེན་པོ་དང་། མ་ཡུམ། སྲུ་མོ་བཅས་ཀྱང་སྔ་རྟིང་དུ་འདས་པས་ཐུགས་ཕམ་གྱིས་དབེན་གནས་དངུལ་ཆུ་རི་ཁྲོད་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ ༢༢ ནས་༣༢བར་བཀྲས་ལྷུན་དགོན་དུ་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་སོགས་སློབ་དཔོན་མང་པོའི་ཞབས་ལ་ཡང་ཡང་བཅར་བ་ལས་ཟབ་ཆོས་མང་པོ་གསན། རྗེ་དྲུང་བློ་བཟང་དགེ་འདུན་གྱི་དྲུང་ནས་སྒྲ་དང་། སྙན་ངག སུམ་རྟགས། མངོན་བརྗོད། སྡེབ་སྦྱོར་བཅས་ལེགས་པར་གསན་སྦྱོང་མཛད། མཁས་གྲུབ་ཀྱི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་དུ་བྱུང་ངོ་།  གསུང་རྩོམ།
༡༽ མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས། ༢༽ གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད། ༣༽ ཡིག་བསྐུར་རྣམ་གཞག་མདོར་བསྡུས། ༤༽ བློ་སྦྱོང་དོན་བདུན་མའི་ཟིན་བྲིས་སོགས་པོ་ཏི་བཅུ་ཙམ་བཞུགས།

དྲི་བ་དང་པོ། སྡེ་པ་ཕྱེད་དང་བརྒྱད་གནས་པའང་། ཞེས་པའི་སྡེ་བ་ཕྱེད་དང་བརྒྱད་པོ་བྲིས།
ལན། སྡེ་བ་༡ ༽ ཀ་སྡེ། ཀ་ཁ་ག་ང་། ༢ ༽ ཅ་སྡེ། ཅ་ཆ་ཇ་ཉ། ༣ ༽ ཏ་སྡེ། ཏ་ཐ་ད་ན། ༤ ༽ པ་སྡེ། པ་ཕ་བ་མ། ༥ ༽ ཙ་སྡེ། ཙ་ཚ་ཛ་ཝ། ༦ ༽ ཞ་སྡེ། ཞ་ཟ་འ་ཡ། ༧ ༽ ར་སྡེ། ར་ལ་ཤ་ས། ༨ ༽ ཧ་སྡེ། ཧ་ཨ།  སྡེ་བ་བརྒྱད་པ་ལ་ཕྱེད་ཀ་རྩིས་ན་སྡེ་བ་བརྒྱད་ཡོད་ཅེས་པའི་དོན་དང་། ལ་ལས་བདུན་དང་ཕྱེད་གསུང་མཁན་ཡང་ཡོད།

  ༽ རྟགས་འཇུག་སི་ཏི་ཞལ་ལུང་གི་རྩོམ་པ་པོ་སུ་ཡིན། 
ལན། དངུལ་ཆུ་བླ་མ་ཆོས་བཟང་ཡིན།

༣ ༽ རྟགས་འཇུག་རྩ་བ་ལས་འཇུག་པའི་ཡི་གེ་བཅུ་དབྱུང་བྱ་ཞེས་པའི་འཇུག་པའི་ཡི་གེ་བཅུ་པོ་བྲིས།
ལན། འཇུག་པའི་ཡི་གེ་བཅུ་ནི་ག་ང་ད་ན་བ་མ་འ་ར་ལ་ས་རྣམས་རྗེས་འཇུག་བཅུ་དེ་ཡིན་ནོ།

༤ ༽ མིང་གཞིའི་ཤིན་ཏུ་མོ་བྲིས། 
ལན། ང་ཉ་ན་མ་ཤིན་ཏུ་མོ་གསུང་པ་ལྟར་རོ།

༥ ༽མིང་གཞིའི་རྟགས་ཀྱི་དབྱེ་བ་ལས་མོ་གཤམ་དང་མཚན་མེད་ཡི་གེ་གཉིས་ཀ་ཡིན་པ་དེ་གང་ཡིན་ནམ།
ལན། ཨ་ནི་དེ་གཉིས་ཀ་ཡིན་ནོ།

 ༦ ༽བསྟནད་ཅེས་པ་བྱ་བྱེད་ཐ་དད་དང་ཐ་མི་དད་པ་གང་ཡིན།
ལན། བསྟནད་ཅེས་པ་འདི་བྱ་བྱེད་ཐ་དད་པ་ཡིན།

  ༽བྱ་བྱེད་ལས་གསུམ་གྱི་བྱ་བྱེད་གང་དང་གང་ཡིན་ནམ།
ལན།བྱ་ནི་དངོས་པོ་འཕོ་འགྱུར་བ་ཞིག་ལ་ཟེར། བྱེད་ནི་བྱེད་པ་པོ་ལ་ཟེར། ལས་ནི་བྱ་བའི་ཡུལ་ལ་ཟེར།

༨ ༽ཕོ་ནི་ཕོ་དང་མོ་ལ་འཇུག་ཅེས་པའི་ཕོ་སྔོན་མ་དེ་གང་གི་ས
ལན་སྔོན་འཇུག་གི་ཕོ་ཡིག་བ་དེ་ཡིན་ནོ།

༩ ༽ ར་ལ་སའི་མགོ་ཅན་གྱི་མིང་ཚིག་ལ་གང་ཟེར་རམ། ༼ རྐྱང་། འདོགས། བརྩེགས ༽
ལན། མགོ་ཅན་གྱི་ཡི་གེ་མིང་ཚིག་ལ་བརྩེགས་པ་ཟེར།

༡༠ ༽ འབར་ཞེས་པའི་བྱ་ཚིག་དེ་བྱ་ཚིག་གང་གི་ནང་དུ་གཏོགས་སམ། ༼ བྱ་བྱེད་ཐ་དད། ཐ་མི་དད་པ། ༽
ལན། བྱ་བྱེད་ཐ་མི་དད་པ་ཡིན་ནོ།

༡༡ ༽རྟགས་འཇུག་དོན། དངུལ་ཆུ་ཡབ་སྲས་ཞེས་པ་སུ་ཡིན།
ལན། མིང་གཞིའི་སྔོན་རྗེས་རྟགས་ཀྱི་དབྱེར་བ་དང་འཇུག་ཚུལ་རྒྱས་པ་བཤད་པ་ན་རྟགས་འཇུག་ཟེར། དངུལ་ཆུ་ཡབ་སྲས་གསུམ་ནི། ༡ ༽བླ་ཐོག་དང་པོ་ངག་དབང་རྡོ་རྗེ། ༢  ༽དངུལ་ཆུ་བླ་མ་ཆོས་བཟང་། ༣  ༽དབྱངས་ཅན་གྲུབ་པའི་རྡོ་རྗེའམ་མཚན་དངོས་ལ་བློ་བཟང་ཆོས་འཕེལ།

ཡང་ན། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་སོ་སོའི་དོན་དང་དཔེ་མཚོན་བྲིས།
ལན། བྱ་བ་གང་ཞིང་བྱེད་པ་པོ་དང་འདྲེས་ནས་བདག་གཞན་དུས་སོགས་ཕྱེ་རྒྱུ་ཡོད་པ་ཞིག་ལ་བྱེད་འབྲེལ་ལས་ཚིག་དང་། བྱ་བ་གང་ཞིག་བྱེད་པ་པོ་དང་དངོས་སུ་མ་འདྲེས་པ་དང་བདག་གཞན་དབྱེ་བ་ཕྱེ་རྒྱུ་མེད་པ། དུས་གསུམ་དབྱེ་བ་ཕྱེ་རྒྱུ་ཡོད་པ་ཞིག་ལ་ཟེར། དཔེར་ན། ༡ ༽ མི་གསོད།  རྡོ་བཅག སྨན་བཟས། ༢ ༽མི་ཤི་བ། རྡོ་ཆགས་པ། ནད་དྲག་པ། ལྟ་བུའོ།
༡༢ ༽དངོས་པོ་བདག་གཞན་གྱི་མཚན་ཉིད་དང་དཔེར་བརྗོད་གསུམ་བྲིས།  ལན། ལས་གང་ཞིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཀྱི་དབང་དུ་བྱས་ནས་དེ་ཡི་བྱེད་པོ་དང་བྱེད་པ་གཉིས་ལ་དངོས་པོ་བདག་ཟེར། དཔེར་ན། དོན་གྲུབ་ཀྱིས་སྟ་རེས་ཤིང་གཅོད་པར་བྱེད། ལྟ་བུར་མཚོན་ན། དོན་གྲུབ་དང་སྟ་རེས་དངོས་པོ་བདག ༢༽ སྒྲོལ་མས་སྨྱུ་གུ་ཡི་གེ་བྲིས་ལྟ་བ་ལ་ཆ་མཚོན་ན། སྒྲོལ་མ་དང་སྨྱུ་གུ་གཉིས་དངོས་པོ་བདག  ༣ ༽ ཚེ་རིང་གིས་གྲིས་ཤིང་ཏོག་བཏུབ། ལྟ་བ་ནང་དུ་ཚེ་རིང་དང་གྲི་གཉིས་དངོས་པོ་བདག་ལྟར་བུའོ། 2 ༽ལས་གང་ཞིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱེད་ན་བྱ་ཡུལ་དང་། བྱ་བ་ལ་དངོས་པོ་གཞན་ཟེར།  གང་གི་དཔེར་བརྗོད་ལ་སྦྱར་ནས་བཤད་ན། ༡ ༽ཤིང་དང་ཤིང་དུམ་འགྲོ་བའི་ཆ་གཉིས་དངོས་པོ་གཞན། ༢ ༽ཡི་གེ་བྲིས་ས་དེབ་དང་བྲིས་ནས་ཡི་གེ་གསལ་བ་གཉིས་དངོས་པོ་གཞན། ༣ ༽ཤིང་ཏོག་དང་བཏུབ་ནས་དུམ་བུ་དུམ་བུ་འཕོ་འགྱུར་འགྲོ་བའི་ཆ་གཉིས་ནི་དངོས་པོ་གཞན་ཡིན།

ཡང་ན། བདག་གཞན་དང་དུས་གསུམ་གྱི་དབྱེ་བ་མཛད་དགོས་པའི་རྒྱུ་མཚན་བྲིས།
ལན།བདག་གཞན་དབྱེ་བ་མཛད་པའི་རྒྱུ་མཚན་ནི།  བྱེད་པ་པོ་དང་། བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་དུ་ཡིན་ཅིང་། དེའི་ཞོར་ལ་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པ་རྣམས་ཀྱང་བསྡུས་པ་ཡིན། དུས་གསུམ་མཛད་པ་ནི། བདག་གཞན་དབྱེ་བས་མ་ཁྱབ་བའི་བྱ་བྱེད་ཀྱི་སྒྲ་ལྷག་མ་རྣམས་བསྡུ་བའི་ཕྱིར་དུ་ཡིན་ནོ།

༡༣ ༽བྱ་བྱེད་ལས་གསུམ་ཞེས་པ་གང་དང་གང་ལ་ཟེར།
ལན། བྱ་ཅེས་པ་ནི་བྱེད་པ་པོ་དང་བྱ་ཡུལ་གཉིས་ཀྱི་བར་དུ་འཕོ་འགྱུར་འགྲོ་བའམ་འཕོ་འགྱུར་བྱེད་པའི་ཆ་ལ་ཟེར།བྱེད་ཅེས་པ་ནི། བྱ་བ་གང་ཞིག་བྱེད་པའི་ཚེ་ན་བྱ་བ་དེ་ཉིད་བྱེད་མཁན་གྱི་སྐྱེས་བུ་དེའམ། བྱ་བ་དེ་དང་འབྲེལ་བ་ཡོད་པའི་ལག་ཆ་ལ་ཟེར། ལས་ཞེས་པ་ནི། བྱེད་པ་པོ་ཞིག་གིས་བྱ་བ་གང་ཞིག་བྱེད་པའི་ཚེ་བྱ་བ་བྱེད་སའི་གཞི་དེའམ་བྱ་བའི་ཡུལ་དེ་ལ་ཟེར།

ཡང་ན། རྟགས་མཚུངས་དང་བརྗོད་བདེ་འདྲེན་པའི་དོན་དཔེར་བརྗོད་ལྔ་བྲིས།
ལན། ༡ ༽མིང་མཐའ་སྔ་མ་རྗེས་འཇུག་གི་རྟགས་གང་ཡིན་པ་དེ་དང་། མི་མཐའ་ཕྱི་མའི་གཞིའི་རྟགས་ཀྱང་དེ་དང་མཚུངས་པ་ཞིག་འདྲེན་པ་ལ་རྟགས་མཚུངས་འདྲེན་པ་ཟེར། དཔེར་ན། རྟག་པ། བོད་པ། ཐམ་ག  ཐུགས་ཀ ཐད་ཀ་ལྟར་བུའོ།   ༢ ༽མིང་མཐའ་སྔ་མ་དང་ཕྱི་མ་རྟགས་མ་མཐུན་ཀྱང་བརྗོད་བདེ་གཙོ་བོར་བྱས་ནས་སྒྲ་མཐུན་པ་དྲངས་པ་ཞིག་ལ་བརྗོད་བདེ་འདྲེན་པ་ཟེར།  དཔེར་ན། སྟོན་མོ། རྒྱལ་བ། ལྷས་མ། རྐང་པ། དམ་པ།  ལྟར་བུའོ།

༡༽ བོད་ཀྱི་རྒྱལ་པོ་སུའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་སམ། ལན། བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉའ་བཙན་གྱི་སྐབས་སུ་དམ་པའི་ཆོས་དབུ་བརྙེས།
༢ ༽ བོད་ཀྱི་ལོ་རྩཱ་བ་ཐོག་མ་སུ་ཡིན་ནམ།ལན། བོད་ཀྱི་ལོ་རྩ་བ་ཐོག་མ་སློབ་དཔོན་ཐོན་མིའི་སམ་བྷོ་ཊ་ཡིན་ནོ།
  ༽ཀ་ཅོ་ཞང་གསུམ་གྱི་མཚན་སོ་སོར་བྲིས། ལན། ལོ་རྩ་བ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་གསུམ་ཡིན་ནོ།

༥ ༽སྐད་གསར་བཅད་ཅེས་པའི་དོན་དང་། སྐད་གསར་བཅད་རྣམ་པ་གསུམ་སུའི་དུས་སྐབས་སུ་བྱུང་ངམ།
ལན། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེབར་གྱིས་ཤིག་ཅེས་བཀས་བཅད་པ་ཞིག་ལ་ཟེར།  ཆོས་རྒྱལ་ཁྲི་རལ་གྱི་སྐབས་སུ་བྱུང་ལ། སྐད་གསར་བཅད་ནི།
༡༽བོད་དུ་གཞི་ཐམས་ཅད་ཀྱི་ཡོད་པར་སྨྲ་བའི་སྡེ་ལས་གཞན་པའི་སྡེ་པ་དག་གི་སྡེ་སྣོར་མི་བསྒྱུར་བར་བཀས་བཅད། 
༢༽གསང་སྔགས་མ་རྒྱུད་རྣམས་མ་བསྒྱུར་ཅིག་ཅེས་བཀས་བཅད་པ།
༣༽བྲེ་སྲང་སོགས་ཀྱི་འཇལ་ཚད་ཀྱང་རྒྱ་གར་མ་ག་དྷའི་ཚད་གཞི་དང་མཐུན་པར་གཅིག་གྱུར་ཅིག་ཅེས་བཀས་བཅད་པ་སྟེ་གསུམ་མོ།

༦ ༽བོད་ཀྱི་རིག་གནས་དར་ཚུལ་གྱི་མཛད་པ་པོ་མཁས་དབང་དམུ་དགེ་བསམ་གཏན་གྱི་རྣམ་ཐར་བྲིས།
ལན། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ནི།  བོད་ཤར་ཕྱོགས་ཨ་མདོའི་ཟུང་ཆུ་རྫོང་གི་ཁོངས་སུ་གཏོགས་པ་དམུ་དགེ་ཞེས་བྱ་བའི་རོང་སྡེར་ཡབ་དགེ་འདུན་སྐྱབས་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་(༡༩༡༤ལོར)འབྱོར་བ་འབྲིང་ཙམ་གྱི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས།  ཆུང་དུས་སུ་ཡབ་ཀྱི་མདུན་ནས་ཀ་ཁའི་སྦྱོར་ཀློག་དང་སྐྱབས་འགྲོ་ཁྲིད་སོགས་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས་ཏེ་ཐོས་པའི་ཤེས་རབ་འཚོལ་འགོ་བརྩམས། ༡༩༢༥ལོར(དགུང་ལོ་11)བདེ་ཚང་ཁྲི་རྒན་བློ་བཟང་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་བསམ་གཏན་ཞེས་གསོལ་ནས་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུ་ཆོས་གྲྭར་ཞུགས་པ་དང་ཐོག་མར་ཕར་ཕྱིན་སོགས་གཙོས་བློ་རྟགས་དང་ཡིག་གཟུགས་ལ་ཐོས་བརྩོན་རྒྱ་ཆེར་མཛད།     སྤྱི་ལོ ༡༩༣༣ ལོར(དགུང་ལོ་19)བསྡུས་གྲྭ་དང་བློ་རྟགས་སོགས་ལ་ཅུང་ཟད་སྦྱངས་པས་གཞུང་རྒྱུགས་འབུལ་གནང་མཛད་པ་དང་ཆབས་ཅིག་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས་ཏེ་བཤད་སྒྲུབ་བསྟན་པའི་དུང་ཆེན་འབུད་འགོ་བརྩམས།  སྤྱི་ལོ ༡༩༣༤ ལོར་རྒྱམ་ཁོ་སྤྲུལ་སྐུ་དང་ལྷན་དུ་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས།  མཁས་པའི་དབང་པོ་རྗེ་དཀོན་མཆོག་བསམ་འགྲུབ་ཚང་ཡོངས་འཛིན་དུ་བསྟེན་ནས་ཐུགས་འཛིན་སྐྱོར་སྦྱངས་སོགས་ལ་ཧུར་ཐག་མཛད་པས་རིང་བོར་མ་ཐོགས་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་རིགས་པ་སྨྲ་བའི་གྲས་སུ་ཆུད་དེ་དམུ་དགེ་བསམ་གཏན་ཞེས་མཚན་ཡོངས་སུ་གྲགས། རང་ལོ་ཉེར་གསུམ་ཡར་མར་ལ་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ལས་དབྱངས་ཅན་སྒྲ་མདོ་དང་ལམ་རིམ་ཆེན་མོ་སོགས་བཀའ་ཆོས་ལེགས་པར་གསན།   ༡༩༤༣ ལོར་དགེ་བཤེས་ཀྱི་མིང་རྟགས་བླངས་པ་དང་ཡབ་ཀྱི་དགོངས་པ་ལྟར་ཕ་ཡུལ་དུ་ཐེངས་ཤིག་འགྲོ་དགོས་བྱུང་སྟབས། དམུ་དགེ་དགོན་དུ་རྟགས་གསལ་གསུངས་བ་དང་། ཨ་ཞང་བློ་བཟང་ཆོས་ལྡན་མཆོག་ཐུགས་དགྱེས་ནས་མ་འོངས་པར་རང་དགོན་ཐུགས་ལ་འཛིན་དགོས་པ་ཡང་ཡང་གདམས།
 དེ་རྗེས་སླར་ཡང་བླ་བྲང་དུ་ཕེབས་པ་དང་ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་ཚང་ལ་མཇལ་ནས་སུམ་རྟགས་དང་དབྱངས་ཅན་སྒྲ་མདོ། སྐད་གཉིས་ཤན་སྦྱར། རིགས་ལྡན་མཆོད་པའི་འོད་སྣང་སོགས་སྒྲ་དང་སྙན་ངག རྩིས། དབུ་མ། མཛོད་སོགས་རིག་པའི་གནས་བཅུ་ལ་ཐོས་པ་རྒྱ་ཆེར་མཛད་མཐར་ཐོན་མི་གཉིས་པ་ཞེས་མཁས་པའི་སྙན་གྲགས་ས་ཆེན་ཡོངས་ལ་ཁྱབ། 
༡༩༦༥ ལོར་ཁྲིན་ཏུའུ་ནསབོད་རྒྱ་ཚིག་མཛོད་ཆེན་མོཔར་བསྐྲུན་གྱི་རྨང་བཏིང་བ་དངསློབ་ཆུང་ཚིག་མཛོདསོགས་ཀྱང་རྩོམ་བསྒྲིགས་མཛད།   ༡༩༩༡ ལོར་ཨ་ལགས་ཡོངས་འཛིན་རྡོ་རྗེ་འཆང་གི་རྣམ་ཐར་བརྩམས་གནང་མཛད། ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ལྟར་དུ། ༡༩༩༣ ལོའི་ཟླ་ལྔ་པའི་ཚེས་དྲུག་ཉིན་ལ(དགུང་ལོ་བརྒྱད་ཅུ)སྐུ་བསྙུངས་ནས་དམུ་དགེ་དགོན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།

ཡང་ན། སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་ཞེས་པའི་གྲངས་འདྲེན་བྲིས།
ལན། 1) ལྷ་ཐོ་ཐོ་རི་གཉན་བཙན་དང་།  2)ཁྲི་གཉན་གཟུངས་བཙན། 3 )འབྲོང་གཉན་ལྡེའུ། 4 )སྟག་རི་གཉན་གཟིགས། 5 )གནམ་རི་སྲོང་བཙན།5 ) དེ་ནས་སྲོང་བཙན་སྒམ་པོ། 6 )མང་སྲོང་མང་བཙན། 7 )གུང་སྲོང་གུང་བཙན།8 )འདུས་སྲོང་མང་རྗེ། 9 )དེ་ནས་ཁྲི་ལྡེ་གཙུག་བརྟན། 10 )ཁྲི་སྲོང་ལྡེ་བཙན།11 ) མུ་ནེ་བཙན་པོ། 12 )ཁྲི་སྲོང་གི་སྲས་ཐ་ཆུང་སད་ན་ལེགས་འཇིང་ཡོན།  13 )ཁྲི་གཙུག་ལྡེ་བཙན་རལ་བ་ཅན་ལ་ཕྱེད་དང་བཅུ་གསུམ་གྱི་གདུང་རབས་ཟེར། མུ་ནེ་བཙན་པོ་རྒྱལ་སྲིད་དུས་ཡུན་ཐུང་བས་ཕྱེད་དུ་བརྩིས།

༧ ༽སྙན་ངག་རྩོམ་པ་པོ་སུ་ཡིན་ནམ། དེ་ཐོག་མར་བོད་སྐད་དུ་བསྒྱུར་མཁན་དང་ལེའུ་ག་ཚོད་ཡོད་བྲིས།
ལན། སྙན་ངག་རྩོམ་པ་པོ་སློབ་དཔོན་དབྱུག་པ་ཅན་དང་། དེ་ཐོག་མ་བོད་བསྒྱུར་གནང་མཁན་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ཡིན། དེ་ལ་ལེའུ་གསུམ་ཡོད། ལེའུ་དང་པོ། བར་པ། ཐ་མ།

༨ ༽ལྡན་པའི་གཟུགས་ཅན་གྱི་མཚན་ཉིད་བྲིས།
ལན། དཔེའི་ཁྱད་གཞི་དང་ཁྱད་ཆོས་ཕན་ཚུན་གཅིག་ལ་གཅིག་ལྡན་གྱི་ཚུལ་དུ་ཡོད་པའི་རྒྱན་ལ་ཟེར།

༩ ༽བཞིན་ཟླ་འཛུམ་པའི་ཟླ་འོད་ཅེས།། གཟུགས་ཅན་བསྡུས་དང་མ་བསྡུས་པའོ།ཞེས་པའི་རྩ་ཚིག་ལ་འགྲེལ་བརྗོད་གྱིས།
ལན། བཞིན་ཟླ་འཛུམ་པའི་ཟླ་འོད་ཅེས།། གཟུགས་ཅན་བསྡུས་དང་མ་བསྡུས་སོ།། ཞེས་པ་དང་པོ་བཞིན་ཟླ་ཞེས་པར་གྱི་དྲུག་སྒྲ་བསྡུས་པ་དང་། གཉིས་པར་འཛུམ་པའི་ཟླ་འོད་ཅེས་དྲུག་སྒྲ་མ་བསྡུས་པས་ན། བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ཞེས་པའོ། འགྲེལ་བ་ནི། ༡ དཔེ་ཅན། བཞིན་རས། དཔེ། ཟླ་བ། དེ་དག་བར་ལ་དྲུག་སྒྲ་བསྡུས་པས་བསྡུས་པའི་གཟུགས་ཅན་དང་། ༢ ༽ དཔེ་ཅན། བཞིན་རས་ཀྱི་ཁྱད་ཆོས་འཛུམ་པ། དཔེ། ཟླ་འོད། དེ་དག་བར་རྣམ་དབྱེ་དྲུག་པའི་ཕྲད་མ་བསྡུས་པས་མ་བསྡུས་པའི་གཟུགས་ཅན་ཅེས་པ་ལྟར་བུའོ།

༡༠ ༽དུས་གསུམ་དབྱེ་བ་མ་མཛད་ན་སྐྱོན་གང་ཡོད་དམ།
ལན། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་ཇི་ལྟར་ཡང་བྱ་བ་བྱས་ཟིན་འདས་པ་དང་ ། བྱ་བ་བྱེད་འགྱུར་མ་འོངས་དང་།  བྱ་བ་བྱེད་བཞིན་ད་ལྟ་དང་། དེའི་ཕྱིར་དུས་གསུམ་དབྱེར་བ་མཛད་པ་དང་བདག་གཞན་དབྱེ་བ་མ་ཁྱབ་པ་ལའང་དུས་གསུམ་དབྱེ་བ་ཕྱེ་རྒྱུ་ཡོད་པ་གོ་བའི་ཕྱིར་དུའོ།

༡༡༽རང་གི་སྡེ་དང་འཕྲད་པ་ན།། ཕོ་ཡང་མོ་ལ་འཇུག་མི་འགྱུར།།མ་ནིང་མོ་ཡང་དེ་བཞིན་ནོ།།ཞེས་པའི་བསྟན་དོན་ཅི་ཡིན་ནམ་བྲིས།
ལན། སྔོན་འཇུག་རྣམས་ཕྱེ་བའི་རང་རང་གི་སྡེ་པའི་མིང་གཞི་རྣམས་དང་འཕྲད་པའི་ཚེ་ན། སྔོན་འཇུག་གི་ཕོ་ཡིག་བ་ནི་། མིང་གཞིའི་མོ་བ་མ་དག་ལ་མི་འཇུག་ཅིང་། ཡང་སྒྲས་ཕོ་ཡིག་པ་རང་སྡེ་གཅིག་པ་ལའང་མི་འཇུག་པར་བསྟན་པ་དང་། དེ་བཞིན་དུ་སྔོན་འཇུག་གི་མ་ནིང་ག་ད་གཉིས་ཀྱང་རང་སྡེའི་ཕོ་མོ་དག་ལ་མི་འཇུག་པ་དང་། ཡང་སྒྲས་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། རང་སྡེ་མིང་གཞིའི་མ་ནིང་ཕ་མ་དང་། མོ་པ་དང་། ཤིན་ཏུ་མོ་མ་རྣམས་ལ་འཇུག་པ་མིན་ནོ་ཞེས་པའི་དོན་ཡིན་ནོ།

༡༢ ༽སྤྱིར་ཡི་གེ་ལ་ཐབས་དང་ཤེས་རབ་ཀྱི་ཡི་གེ་གང་ལ་ངོས་འཛིན་དགོས།
ལན། སྤྱིར་ཡི་གེ་ལ་ཐབས་དང་ཤེས་རབ་ཀྱི་ཡི་གེ་ཞེས་པ་ཐབས་ནི་གསལ་བྱེད་སུམ་ཅུ་དང་ཤེས་རབ་ནི་དབྱངས་བཞི་ལ་ངོས་འཛིན་དགོས་པ་ཡིན།

༡༣ ༽གཞུང་འདི་རྟགས་ཀྱི་འཇུག་པ་ཅེས་བརྗོད་དོན་གང་ཡིན་ནམ། ལན། སྔོན་རྗེས་མིང་གཞི་སོགས་ཀྱི་ཡི་གེ་རྣམས་ཕོ་མོ་མ་ནིང་རྟགས་ཀྱི་དབྱེ་བ་དང་དེ་དག་གང་ལ་འཇུག་ཚུལ་བཤད་པའི་གཞུང་ཡིན་པས་ན་གཞུང་འདི་ལ་རྟགས་འཇུག་ཟེར་རོ།

༡༤ ༽ བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་གཉིས་ཀྱི་ཁྱད་པ་དང་། དེ་དག་སོ་སོར་དཔེར་བརྗོད་བྲིས།
ལན། བྱ་བ་གང་ཞིག་དངོས་པོ་བདག་གཞན་དང་དུས་གསུམ་གྱི་དབྱེ་བ་ཕྱེ་རྒྱུ་ཡོད་པ་དེ་ལ་བྱ་བྱེད་ཐ་དད་པ་དང་། དེ་མེད་པ་ངོ་བོ་གཅིག་ཏུ་ཡོད་པ་དེ་ལ་ཐ་མི་དད་པ་ཟེར། དཔེར་ན།  བསྒྲུབ། གསོད། བསྐྱང་། ཐ་མི་དད་པ། འགྲོ། ཟགས། ལྷུང་། འཁྱིལ་སོགས་སོ།
༡༥༽སློབ་ཚན་འདིར་མི་སྣ་གང་དག་ཡོད་དམ། ལན། གསེར་སྦྲང་དང་གཡུ་སྦྲང་གཉིས་ཀྱི་གཤིས་ཀ་ཇི་ལྟར་ཡོད་དམ། ལན། གསེར་གྱི་སྦྲང་མ་ན་ཚོད་གཞོན་པ། ལང་ཚོ་དར་བ། ཤེས་རབ་གསལ་བ། བློ་ཁོག་ཡངས་པ། གསར་འགྲོགས་མེད་པ། རྒྱུ་བ་ལྷོད་པ། གཏོང་ལ་དགའ་བ་བཅས་ཡོད། གཡུ་སྦྲང་ནི་གཏོང་ཕོད་ཆེ་བ། ཕན་སེམས་ལྡན་པ། ངང་རྒྱུད་འཇམ་པ། ཆོས་ལ་དགའ་བ། གཡོ་སྒྱུ་མེད་པ། ཕྲག་དོག་དང་མིག་སེར་ཆུང་བ་བཅས་ཡོད།

༡༽ ཅི་འདྲ་ཞིག་ལ་གན་རྒྱའི་ཡི་གེ་ཟེར་བ་ཡིན་ནམ། 
ལན།ལས་ཁུངས་དང་མི་སྒེར་ཕན་ཚུན་བར་ལས་དོན་གང་རུང་ཞིག་ལེགས་པར་བསྒྲུབ་ཆེད་ཕན་ཚུན་གཉིས་མོས་ཀྱི་ལམ་ནས། ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་བརྩི་སྲུང་གྲོས་མཐུན་བྱུང་བའི་ཚད་འཛིན་ཡི་གེ་ལ་ཟེར།

༢༽ གན་རྒྱའི་ཡི་གེ་འབྲི་བར་ཆ་རྐྱེན་གང་དག་ཚང་དགོས་སམ། 
ལན། གན་རྒྱ་གང་ཡིན་མཚོན་པའི་ཁ་བྱང་། གན་རྒྱ་འཇོག་མཁན་གྱི་མཚན། གན་རྒྱའི་གནད་དོན་དངོས། དུས་ཚོད་དང་གན་རྒྱ་འཇོག་མཁན་གྱི་མཚན་རྟགས་( ཁག་ཐེག་ཡོད་ན་མིང་དང་མཚན་རྟགས) བཅས་དགོས།

༣༽ ཚོགས་པ་སོགས་ཕན་ཚུན་བར་གན་རྒྱ་འཇོག་དགོས་དོན་གང་ཡིན་ནམ། 
ལན། ཕྱོགས་གཉིས་ཀའི་ལས་དོན་ལམ་ལྷོམ་དང་ཁེ་དབང་གཏན་འཁེལ་བྱས་རྒྱུའི་ཆེད་དུ་ཡིན།

༤༽ ཅི་འདྲ་ཞིག་ལ་སྙན་ཞུ་ཟེར་རམ། 
ལན། མི་སྒེར་དང་ཚོགས་པ་སོགས་ཀྱི་འབྲེལ་ཡོད་འགོ་འཛིན་དང་ལས་ཁུངས་ལ་རང་ཉིད་ཀྱི་རེ་བ་སྙན་སེང་ཞུ་བའི་ཡི་གེ་ལ་ཟེར།


ས་མཐའི་ཁུ་བྱུག་གིས་ཡིག་འཇུག་བྱས།  སརྦ་མངྒལམ།  བཀྲིས་པ་གྱུར་ཅིག་གུ།


No comments: