Sunday, August 19, 2018

རེ་བ།

རེ་བ།
༼ མི་ཚེ་ནང་རེ་བ་ཞིག་གི་མདུན་བསྐྱོད་བྱེད་དགོས་པ་ཚོར། ༽
རེ་བ།
མི་ཚེ་ནང་རེ་བ་དང་ཡིད་ཆེས་གླང་སྣ་བསྲིངས་ཏེ།
མདུན་བསྐྱོད་ཀྱི་གོམ་པ་རེ་རེས་ནས་སྤོས་དགོས།

རེ་བ།
མི་ཚེ་ནང་རེ་བ་དང་དམིགས་ཡུལ་མེད་ན།
རང་གི་མདུན་སྐྱོད་ཀྱི་དམིགས་འབེན་སར་འབྱོར་མི་ཐུབ།


རེ་བ།
རང་གི་རེ་བ་དང་བྱ་གཞག་ལ་ཡིད་ཆེས་མེད།
ཁ་རྡུང་དང་ཚིག་རྡུང་འོག་ནས་ཡལ་མི་ཐུབ་ལ།
ཉི་མ་སྤྲིན་པའི་འོག་ནས་ཐར་བའི་དུས་ཤིག་མེད།
དེས་ན།
རེ་བ་དང།
རང་གི་བྱ་གཞག་ལ་གུས་རྩིས་བྱོས།
སྥྱི་ལོ་༢༠༡༨།༨།༡༨ཉིན་ལ་ཤར་མར་བྲིས།

No comments: