སློབ་སྦྱོང་མེད་པའི་སྡུག་བསྔལ་ནི་ཚེ་གང་ཡིན།
༼ ཁ་བྱང་གི་འགྲེལ།
༽
༡༽ མི་གཞི་ཡག་བཙོག་གང་ཡིན་ནའང་།
ཁྱེད་ལ་སློབ་སྦྱོང་གི་དྲི་བསུང་མ་འཐུལ་ན།
མི་ཚེ་དོན་སྙིང་དང་རིན་ཐང་ཅི་ཡང་མེད།
ཁྱེད་རང་།
ཚེ་གང་སྡུག་བསྔལ་ནང་ལྷུང་བ་ཡིན།
༢༽
མི་གཞི་ཡག་བཙོག་གང་ཡིན་ནའང་།
ཁྱེད་ལ་ཤེས་ཡོན་གྱི་དྲི་བསུང་མ་འཐུལ་ན།
མི་ཚེ་གཞན་གྱིས་མཐོང་ཆུང་དང་ཁྱད་གསོད་ངང་།
ཁྱེད་རང་།
ཚེ་གང་སྡུག་བསྔལ་ནང་ལྷུང་བ་ཡིན།
༣༽
མི་གཞི་ཡག་བཙོག་གང་ཡིན་ནའང་།
ཁྱེད་ལ་བློ་རིག་གི་རྣམ་དཔྱོད་མེད་སོང་ན།
མི་ཚེ་གཞན་གྱིས་གཡོ་འོག་ཏུ་ཚུད་ནས།
ཁྱེད་རང་།
ཚེ་གང་སྡུག་བསྔལ་ནང་ལྷུང་བ་ཡིན།
༤༽
མི་གཞི་ཡག་བཙོག་གང་ཡིན་ནའང་།
ཁྱེད་ལ་བཟང་སྤྱོད་ཀྱི་དྲི་ངན་མ་ལྡང་ན།
མི་ཚེ་གཞན་གྱི་གཉའ་གནོན་གཉའ་ཤིང་འོག་ཚུད་ནས།
ཁྱེད་རང་་་་་།
ཚེ་གང་སྡུག་བསྔལ་ནང་ལྷུང་བ་ཡིན།
༥༽
མི་གཞི་ཡག་བཙོག་གང་ཡིན་ནའང་།
གནའ་དེང་ཡོན་ཏན་གྱིས་དྲི་བསུང་མ་འཐུལ་ན།
ཤེས་ལྡན་པའི་གྲལ་ནས་ཕུད་དེ།
ཁྱེད་རང་་་་་།
ཚེ་གང་སྡུག་བསྔལ་ནང་ལྷུང་བ་ཡིན།
སློབ་སྦྱོང་མེད་པའི་སྡུག་བསྔལ་ནི་ཚེ་གང་ཡིན།
སྡུག་གི་མིག་ཆུ་འཁུར་ཚོས་ནས་ཤོར་བའང་ཚེ་གང་ཡིན།
ཕྱི་ལོ་༢༠༡༨།༨།༡༨ ཉིན་ལ་སུག་བྲིས་བགྱིས་སོ།
No comments:
Post a Comment