Wednesday, December 12, 2018

བཤེས་གཉེན་དམ་པ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།



བཤེས་གཉེན་དམ་པ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།
དགེ་རྒན་དུས་ཆེན་ཉིན་ཕུལ།

སྙིགས་མའི་དུས་འདི་འགྲོ་བའི་མགོན་གཅིག་པུ།
༸སྐྱབས་གཅིག་ཡིད་བཞིན་ནོར་བུ་གཙུག་གི་མཆོད།།
དེ་རིང་བདག་གི་སྙན་དངགས་ལྕེ་འདབ་ལས།།
ཅི་ཀྱང་གྲོལ་བའི་མན་ངག་རྩོལ་དང་ཀྱེ།།

འཇིག་རྟེན་མུན་པ་རབ་རིབ་བསྒྲིགས་པའི་དུས།།
དགུང་གི་ཉི་བྱེད་དབང་པོས་གསལ་བ་བྱེད།།
བདག་ཚོགས་སློབ་བུ་ཁམས་ཀྱི་མུན་པ་རྣམས།།
གྲོལ་མཛོད་བཤེས་གཉེན་དམ་པ་རྣམས་ལ་བསྟོད།།

ཤེས་བྱ་རིག་པའི་རྣམ་གྲངས་མཐའ་ཡས་ཤིང་།།
གནས་ལུགས་དྲང་སྲོང་རྒས་པོ་དཔྱད་ཞིབ་མཐར།།
བདག་གི་རྒྱུད་ལ་བུམ་པ་གང་བྱོའི་ཚུལ།།
གནང་བའི་བཤེས་གཉེན་དམ་པ་རྣམས་ལ་བསྟོད།།


བཅུ་ཕྲག་རིག་པའི་གཞུང་ལུགས་གངྒའི་ཆུ།།
དཀའ་གནད་བསེད་དཀྲོལ་ཧུབ་གང་འཐུང་པའི་དུས།།
འཆད་རྩོད་རྩོམ་གསུམ་མཁས་པའི་བཤེས་གཉེན་རྣམས།།
བཀའ་དྲིན་ཡིད་ལ་དྲན་ཞིང་སྙིང་ནས་བསྟོད།།

མདོར་ན་གཞན་ཕན་ཁོ་ན་ཐུགས་སུ་བཅངས།།
སློབ་མའི་སླད་དུ་ཉིན་མཚན་དཀའ་སྤྱད་གནང་།།
བསམ་ཕན་དབང་གི་རྒྱལ་པོ་བཤེས་གཉེན་རྣམས།།
སྙིང་ནས་གུས་པ་བྱས་ཤིང་སྙིང་ནས་བསྟོད།།


ས་རཱ་མཐོ་སློབ་ཀྱི་སྐབས་ཉེར་གཅིག་པའི་ཡིག་འགྲུལ་སློབ་མ་བྱམས་པ་དབང་ལྡན་གྱིས་ས་མཐའ་ཡུལ་ནས་བོད་རྒྱལ་ལོ་༢༡༤༥གྲོ་བཞིན་ཟླ་བའི་ནག་ཕྱོགས་རྒྱལ་བ་གཉིས་པའི་ཉིན་སྨྱུ་གུ་འཛིན་ཐེངས་གཅིག་གིས་བྲིས་སོ།།

No comments: