Friday, September 25, 2020

ལྷག་བསམ་འོད་དཀར་ཕྲེང་བ།


       ༢༠༢༠/༩།༥ ལས་བྱེད་ཉིན་མོ་ལྷག་བསམ་དཀའ་བའི་ལས་མི་ཡོངས་ལ་ཆེད་དུ་བྲིས་པ།


འཕགས་མཆོག་ཕྱག་ན་པདྨོ་འོད་དཀར་ལས།།

འཁྲུངས་པའི་གངས་ཅན་ཞིང་གི་ལྷག་བསམ་ཅན།།

ལས་ཀྱི་སྣེ་མོ་ཡོད་དོ་ཅོག་སོགས་ལ། །

སྙིང་ནས་གུས་ཤིང་སྙིང་ནས་བརྩེ། །


ཁྱེད་ཀྱི་ལྷག་བསམ་བཟང་པོ་ནུས་འཐུས་ལས།།

བདག་གི་ཤེས་བྱ་བློ་རིག་བློ་གྲོས་རྒྱས།།

ཁྱེད་སྐུ་དྲིན་ལས་བདག་ཚོའི་བློ་བདེ་ཡི།།

བག་ཕེབས་འཚོ་བ་རོལ་རྒྱུ་བྱུང་བ་རྨད།།


ལྷག་བསམ་དུང་ལྟར་དཀར་བའི་ལས་སྣེ་ཡིས།།

ཐུགས་རྗེ་བྱིན་རླབས་གླིང་འདིར་འཕྲོ་བ་ན།།

ཁོར་ར་འཁོར་ཡུག་བཀྲ་ཤིས་རྟེན་འབྲེལ་བཟང་།།

ལས་བྱེད་ཉིན་མོ་བཀྲ་ཤིས་ཁ་གཡང་འབོད།།


ལས་ཀྱི་སྣེ་མོ་མེད་ན་ལས་དོན་མི་འགྲུབ་ལ།།

ལས་བྱེད་ཁྱེད་ནི་ལས་དོན་ལམ་ལྷོང་བའི།།

ལས་ཀྱི་བྱེད་པོ་ཁྱེད་ཉིད་དྲིན་ལས་བྱུང་།།

ལས་བྱེད་ཉིན་མོར་ཐུགས་སེམས་སྤྲོ་བ་སྨོན།།


མ་རིག་མུན་པ་སེལ་བའི་དགེ་རྒན་དང་།།

གཞན་ཕན་ལས་ལ་བརྩོན་པའི་ལས་སྣེ་རྣམས།།

མི་ཚེ་བདེ་སྐྱིད་བསྐྲུན་པའི་འོད་སྣང་དང་།།

བྱ་བ་ལམ་འགྲོ་ཡོང་བའི་ལྡེ་མིག་ཉིད།།


སློབ་དཔོན་དམ་པའི་ཐུགས་རྗེ་བསམ་ནས་ཡོད།།

ལས་སྣེ་རྣམས་པའི་བཀའ་དྲིན་སྙིང་ལ་བཅངས།།

མི་བརྗེད་མི་བརྗེད་ཁྱེད་ཚོ་ནམ་མི་བརྗེད།།

དྲན་ནོ་དྲན་ནོ་ཁྱེད་ཚོའི་བཀའ་དྲིན་དྲན།།


ཕྱི་ལོ་༢༠༢༠/༩/༤ ཉིན་གྱི་དགོང་མོ། ཡིག་འགྲུལ་སློབ་མ་བྱམས་པ་དབང་ལྡན་གྱིས་དགེ་རྒན་དང་ལས་སྣེ་རྣམས་པའི་བཀྲིན་དྲན་ནས་གོ་བདེ་བའི་ཚིགས་བཅད་ཅིག་ཤར་མར་བྲིས། 

No comments: